བརྩེ་བའི་མཆོད་པ།

ཚིག ཐོ་ཡོར།

དབྱངས། བསྐལ་བཟང་རྒྱལ།

ལེན་མཁན། གཡང་སྐྱིད།

དཀར་ཡོལ་དཀར་གཙང་ནང་ལ།།

འོ་མའི་མཆོད་པ་བཤམ་ཡོད།།

རི་མོ་དུང་དཀར་གཡས་འཁྱིལ།།

དཀོན་མཆོག་ལྷ་ཡིས་བསྲུང་ཡོད།།

གསོམ་དཀར་ཆུ་ཟེའུ་ནང་ལ།།

དངུལ་དཀར་གཙང་ཆུ་བཅུས་ཡོད།།

སེམས་པ་སོང་བའི་མི་ལགས།།

མཆོད་ཁ་ལན་གསུམ་གནོང་དང་།།

ཨོ་ཧོ་ཧོ

བློ་དཀར་ཡིད་ཀྱི་བྱམས་པ།།

བྱམས་པ་སྙིང་གི་མེ་ཏོག།

སྡེ་ཆེན་རྩེད་རའི་ནང་ནས།།

སྙན་མོའི་གཞས་ཤིག་བླངས་ཡོད།།

གཞས་ཆུང་རང་གྲོལ་མ་རེད།།

ཞེ་ཚིག་མདུད་པ་རང་གྲོལ།།

གོས་ཆེན་འབྲུག་རིས་སྟེང་ལ།།

གསེར་སྐུད་རི་མོ་ཕབས་ཡོད།།

སེམས་པ་སོང་བའི་མི་ལགས།།

སྤྱན་གྱིས་གཟིགས་པ་གནོང་དང་།།

ཨོ་ཧོ་ཧོ

བློ་དཀར་ཡིད་ཀྱི་བྱམས་པ།།

བྱམས་པ་སྙིང་གི་མེ་ཏོག།