༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེཊ་ཝར་རིན་ཀི་ཝིག་མཆོག་ལཱཏ་ཝི་ཡཱའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ཊི་ཤའི་ནང་མེ་འཁོར་བརྡབ་སྐྱོན་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་པ། ༣༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཧུན་སུར་རབ་རྒྱས་གླིང་དུ་ཕེབས་འབྱོར་གྱིས་ས་ཆའི་གནས་སྟངས་རྟོགས་ཞིབ་གནང་བ། ༤༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་ཐུན་གྱ་ལྔ་པའི་ཐོག་རྒྱ་ནག་གཞུང་ནས་བོད་ཀྱི་བུད་མེད་ལ་དབྱེ་འབྱེད་མཚམས་འཇོག་དགོས་པའི་ནན་སྐུལ་གནང་བ། ༥༽ ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ། ༦༽ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཆུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་ཆོད་གཏན་འབེབས་གནང་བ།