A Snow mountain Film: Recent Episodes

Kunga Dorje

Hi tashi delek

View Details

སངས་རྒྱས་དངོས་སུ་བྱོན་འདྲའི་གོང་མ་དེ་།། ང་ཡི་བླ་མ་འོད་གསལ་ལྷ་ཡི་གདུང།། འཛམ་གླིང་ཉི་མ་ས་སྐྱ་གོང་ལགས།། འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ་རེད།། བླ་མ་རིན་པོ་ཆེ ། རྩ་བའི་བླ་མ། བླ་མ་རིན་པོ་ཆེ། ས་སྐྱ་གོང་མ་ལགས། བླ་མ་རིན་པོ་ཆེ། འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ་རེད།།

ལྷ་དང་བླ་མ་མཁྲུངས་སའི་གནས་ཆེན་འདི།། སེང་ཆེན་གནམ་བྲག་འོད་གསལ་ཆོས་གླིང་རེད།། གྲོ་ཁེ་བླ་མ་རྟོགས་དགའ་རིན་པོ་ཆེ་།། ཁྱད་པ་འཇོ་མདའ་མི་ཡི་སྲོག་ཤིང་རེད་།། བླ་མ་རིན་པོ་ཆེ ། རྩ་བའི་བླ་མ། བླ་མ་རིན་པོ་ཆེ ། རྟོགས་དགའ་རིན་པོ་ཆེ། བླ་མ་རིན་པོ་ཆེ། ཁྱད་པ་འཇོ་མདའ་མི་ཡི་སྲོག་ཤིང་རེད་།།

གེ་ས་རྒྱལ་པོ་འཁྲུངས་བའི་ཕ་ས་ལ་།། ཁམས་པ་སྡེ་དགེའི་དགོས་འདོད་ཀུན་འབྱུང་དེ།། མཁན་ཆེན་བླ་མ་སྐལ་ལྡན་ཚེ་རིང་ལགས།། བསྟན་འཛིན་མཁས་པ་ཀུན་གྱི་གཙུག་རྒྱན་རེད། བླ་མ་རིན་པོ་ཆེ། རྩ་བའི་བླ་མ། བླ་མ་རིན་པོ་ཆེ ། སྐལ་ལྡན་ཚེ་རིང་ལགས། བླ་མ་རིན་པོ་ཆེ ། བསྟན་འཛིན་མཁས་པ་ཀུན་གྱི་གཙུག་རྒྱན་རེད།།

View Details

ལས་འབྲས།

ཚིག བྱམས་པ་རྡོ་རྗེ།

དབྱངས། ཨ་ལིང་། 

ལེན་མཁན། ཨ་ལན་ཟླ་བ་སྒྲོལ་མ།

情缘

词:向巴多吉 

曲:阿冷 

演唱:阿兰·达瓦卓玛

སྐྱིད་ནི་མི་རྟག་རྩྭ་མགོའི་ཟིལ་པ་རེད།།

སྡུག་ནི་མི་རྟག་དབྱར་གྱི་མེ་ཏོག་རེད།།

ཁྲ་ཁྲ་ཟིང་ཟིང་འཇིག་རྟེན་འཁོར་བ་ན།།

སྐྱིད་སྡུག་མི་མཉམ་ཐོད་པའི་རི་མོ་ཡོད།།

开心一时如露珠,

伤心不常似春花,

花花绿绿人世间,

喜怒哀乐看因缘。

ན་མོ་གུ་རུ་བྷྱཿ ན་མོ་བུདྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སཾགྷ་ཡ།

南无古汝呗 南无毗达雅 南无达玛雅 南无桑嘎雅

ལྷ་ཡི་ཡུལ་ན་ལག་པས་འཐེན་མཁན་མེད།།

དམྱལ་བའི་ཡུལ་ན་རྐང་པས་འཕེན་མཁན་མེད།། སོ་སོའི་བདེ་སྡུག་སོ་སོའི་ལག་ན་ཡོད།། ལས་འབྲས་མི་བསླུ་བདེན་པའི་ཆོས་ཉིད་ཡིན།། 无人拉你上仙界, 无人踹你下阴间, 各自哀乐在自己, 因果不虚真谛理。 ན་མོ་གུ་རུ་བྷྱཿན་མོ་བུད་རྡ་ཡ།ན་མོ་རྡརྨཱ་ཡ། ན་མོ་སངྒྷ་ཡ། 南无古汝呗 南无毗达雅 南无达玛雅 南无桑嘎雅

View Details

སྡེ་དགེ་ཟླ་གཡང་།

View Details

བཀྲ་ཤིས་བདེ་ལེགས་

View Details

བཀྲ་ཤིས་བདེ་ལེགས་རྣམ་པ་ཚོ།

View Details

Tashi delek