Replays for Tibetan Sandan: Recent Episodes

Tibetan Sandan

View Details

གནའ་དེང་དམ་པ་དག་གི་སྐུ་དྲན་དྲན་པ།

༄༅།།ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་དང་འབྲེལ་ནས་གནའ་དེང་དམ་པ་དག་གི་བཀའ་དྲིན་དྲན་པ།

བཛྲ་ཚུལ་ཁྲིམས་རྒྱ་མཚོས་བརྩམས། 

བཛྲ་འོད་ཟེར་དང་གྱི་ལིང་འཇིགས་མེད་གཉིས་ཀྱིས་གྱེར་འདོན་ཞུས། 

ཨེ་མ། ཇི་འདྲའི་དགའ་བ་ལ་ཨང་།

དེ་རིང་ནི་སློབ་གསོ་ལ་ལྷག་བསམ་དཀར་ཞིང་། རང་རིགས་ལ་དགའ་ཞེན་ཆེ་བའི་བོད་མིའི་དཔུང་སྡེ་ཞིག་གིས་ལོ་ངོ་ཉི་ཤུ་ལྷག་གི་ཡུན་ལ་འབད་འབུངས་བྱས་པའི་འབྲས་རྟགས་ཤིག་དགའ་སྟོན་གྱི་རྣམ་པར་འཕོས་པ་སྟེ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་དྲུག་པའི་འཁྲུངས་སྟོན་གྱི་ཉིན་མོ་རེད།

དགའ་སྟོན་གྱི་ཉིན་མོར་དགའ་འོས་པ་ནི་སྨོས་མ་དགོས་མོད། འོན་ཀྱང་དགའ་བ་འདི་ཇི་ལྟར་བྱུང་བ་དང་། དགའ་སྟོན་གྱི་ཉིན་མོར་སུ་ཞིག་ཡིད་ལ་དྲན་དགོས་པ་ཤེས་སམ།

རང་ཅག་གི་དགའ་སྟོན་དུ་ཡོད་པའི་ཤེས་རིག་གི་ནོར་བུ་འདི་སུ་ཞིག་གིས་གནང་བ་ཤེས་སམ།

མཐའ་ན་གངས་རི་ཇི་ལྟར་དཀར་ཡང་རུང་། མཁའ་ལ་ཉི་འོད་ཇི་ལྟར་གསལ་ཡང་ཆོག   སྤང་ལ་མེ་ཏོག་ཇི་ཙམ་མཛེས་ཀྱང་རུང་། ས་འོག་ན་གཏེར་ཁ་ཇི་ཙམ་མོད་ཀྱང་ཆོག   གལ་ཏེ་ཤེས་རིག་གི་ནོར་བུ་འདི་མེད་ན། ང་ཚོའི་ཁོར་ཡུག་འདི་མུན་ནག་དང་།   བློ་མིག་འདི་ལོང་བ་ཡིན་ལ། བག་ཡོད་ཀྱི་རྒྱན་གོས་དང་བྲལ་བས་མི་སྡུག་པའི་གཅེར་གཟུགས་དང་། ཤེས་རིག་གི་ཁྱད་ནོར་དང་བྲལ་བས་རྨོངས་རྟུལ་དང་དབུལ་བོ་ཡིན་པ་སུ་ལ་གསང་།

དེས་ན་དགའ་སྟོན་གྱི་ཉིན་མོ་འདི་དང་འབྲེལ་ནས་རང་ཅག་ལ་ཤེས་རིག་གི་ནོར་བུ་སྩོལ་མཁན། རྨོངས་སེལ་གྱི་ཉི་འོད་འདྲེན་མཁན་དེ་དག་གི་བཀའ་དྲིན་ཡིད་ལ་དྲན་པར་བྱེད་རྒྱུ་ནི་སྤྱིར་བསིལ་ལྡན་ཁ་བ་རི་བའི་བོད་མི་ཡོངས་དང་། ལྷག་པར་དུ་རང་རེའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ལས་བཟོ་བ་ཡོངས་ཀྱི་འོས་འགན་ཞིག་ཏུ་འཛིན་རུང་བར་སེམས་སོ།།

རེད་ལགས། གལ་ཏེ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་བཙན་སྒམ་པོ་དང་། རྗེ་བཙུན་འཇམ་དཔལ་དབྱངས་དངོས་མི་ཡི་རྣམ་རོལ་སློབ་དཔོན་ཐོན་མི་གཉིས་ཀྱི་བཀའ་དྲིན་མིན་ན། བོད་མུན་ནག་གི་ཞིང་ཁམས་ཞེས་པའི་མིང་ངན་དེ་སུ་ཡིས་བསྒྱུར། བོད་ཡི་དྭགས་ཀྱི་རྒྱལ་ཁམས་ཞེས་པའི་ངན་མཚང་དེ་ཇི་ལྟར་སེལ། ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་ལས་ཀ་ཁ་སུམ་ཅུའི་སྦྱོར་ཀློག་གི་རིག་འཕྲུལ་ཐོག་མར་བྱུང་ཞིང་། སྤྱན་རས་གཟིགས་མདོ་རྒྱུད་ཉེར་གཅིག་སོགས་དམ་པ་ལྷ་ཆོས་ཀྱི་འོད་སྣང་ཐོག་མར་འཕྲོས་པ་དང་མཉམ་དུ། རྨོངས་མུན་རང་ཡལ་དུ་སོང་། མཚང་ངན་གཏན་བྲལ་དུ་གྱུར། མིང་ངན་སྟོང་དབྱིངས་སུ་ཟད། དེ་ནས་བཟུང་གདོང་དམར་བོད་པ་ཚང་ལ། གནས་ལུགས་གསལ་བའི་སྒྲོན་མེ་དང་། བླང་དོར་སྟོན་པའི་སྟོན་པ་ཡོད་པར་གྱུར་བ་ཡིན་ལ། ཆོས་རིག་སྲིད་གསུམ་གྱི་གཏེར་སྒོ་ཡང་དེ་ནས་བཟུང་རང་བརྡོལ་དུ་སོང་བ་ཡིན་པས། ངས་དེ་རིང་ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་སྙིང་ནས་དྲན་པས། ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཞུ་ལགས།

དེ་ལྟ་ལགས་ན་ཡང་། གལ་ཏེ་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གནང་བའི་ཆོས་རྒྱལ་ལོ་པཎ་རིམ་བྱོན་གྱི་མཛད་རྗེས་མེད་ན། ངོ་མཚར་བའི་ཤེས་རིག་གི་ནོར་བུ་འདི་ང་ཚོ་ཕྱི་རབས་པའི་ལོངས་སྤྱོད་དུ་ག་ལ་འགྱུར།

གལ་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བསྐྱེད་དང་། སློབ་དཔོན་པད་མ་འབྱུང་གནས་ཀྱི་རྫུ་འཕྲུལ། མཁན་ཆེན་ཞི་བ་འཚོའི་སྐུ་ཡོན་དང་། བསམ་ཡས་སྒྲ་སྒྱུར་གླིང་གི་ཁོར་ཡུག་དང་། སྐ་ཅོག་ཞང་གསུམ་སོགས་ལོ་པཎ་རིམ་བྱོན་གྱི་ལྷག་བསམ་དང་རྣམ་དཔྱོད་མེད་ན། འཛམ་གླིང་ཤེས་རིག་གི་བང་མཛོད་ན་འོད་སྟོང་མངོན་པར་འཚེར་བའི་བོད་ཀྱི་བཀའ་བསྟན་ཞེས་པའི་བསླབ་བྱ་ངོ་མཚར་བ་འདི་ཇི་ལྟར་འབྱུང་། དེས་ན་དེ་རིང་ངས་ཁྱེད་ཅག་རྣམས་ལའང་ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཡང་ཡང་ཞུ་ལགས།

གལ་ཏེ་བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་སྨད་ནས་མ་གསོས་ན་སྨད་རྒྱུད་འདུལ་བའི་བསྟན་པ་ཇི་ལྟར་དར། གལ་ཏེ་ཆོས་འདུལ་བའི་ལག་ལེན་གཙང་མ་དང་དགེ་འདུན་པའི་སྡེ་མེད་ན་སངས་རྒྱས་བསྟན་པ་འདི་གནས་པར་གང་ལས་འཇོག   ཁྱེད་ཅག་གིས་མྱོང་བའི་སྐུ་ཚེགས་དང་། ཁྱེད་ཅག་བཞུགས་སའི་སྒྲུབ་ཕུག་སོགས་ལ་མཇལ་དུས་ང་མིག་ཆུ་འཐོར་བ་ཐེངས་གཅིག་མིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་པ་ནི་ངོ་མ་ཇི་འདྲའི་ཡ་མཚན་པ་ཞིག་ལ་ཨང་།

གལ་ཏེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཆེན་པོའི་བསྟན་འགྲོའི་དོན་དུ་སྡིག་པ་རྭ་ཙའི་བཙོན་དོང་དུ་སྐུ་སྲོག་བཏང་བ་མིན་ན། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུ་དཔལ་མིན་ན། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་སོགས་ཀྱི་ཚ་གྲང་ངལ་དུབ་དང་འཇིགས་པའི་ལམ་འཕྲང་གི་དཀའ་བ་སོགས་ཁྱད་དུ་བསད་པ་མིན་ན། མཉམ་མེད་ཇོ་བོ་ཆེན་པོ་གངས་རིའི་ལྗོངས་འདིར་ཕེབས་པར་ག་ལ་འགྱུར། བོད་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་རྒྱ་གར་དང་མཚུངས་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ནོར་བ་ཞིག་ཉམས་སུ་ལེན་ཚུལ་འདི་ཇི་ལྟར་ཤེས། དེའི་ཕྱིར་ངས་ཁྱེད་རྣམས་ཀྱི་རྣམ་ཐར་མཇལ་དུས། ཁྱེད་རྣམས་ཀྱི་མཛད་རྗེས་གཞན་ལ་གླེང་དུས་སོགས་གང་གི་ཚེ་ཡང་ངའི་མིག་ཆུ་དབང་མེད་དུ་འཐོར་བ་ལན་གཅིག་མིན།  གལ་ཏེ་ཁྱེད་རྣམས་ཀྱི་བཀའ་དྲིན་མིན་ན། ཆེ་བ་བཞི་ལྡན་གྱི་ལམ་སྒྲོན་ལ་ཐོས་བསམ་བྱེད་པའི་སྐལ་བ་གང་ལས་འབྱུང་། དེའི་ཕྱིར། དེ་རིང་ངས་ཁྱེད་ཅག་ལ་ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཡང་ཡང་ཞུ་ལགས།

ཡང་གལ་ཏེ་ས་དགེ་རྙིང་གསུམ་དང་། ཇོ་འབྲུག་ཀར་གསུམ་སོགས་གྲུབ་མཐའ་རིས་མེད་ཀྱི་སྔོན་བྱོན་མཁས་གྲུབ་དེ་དག་གིས་གདུལ་བྱའི་མོས་བློ་དང་བསྟུན་ནས་འཆད་རྩོད་རྩོམ་གསུམ་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་འཛིན་སྐྱོང་སྤེལ་གསུམ་གནང་བ་མིན་ན། བསིལ་ལྡན་བོད་ཀྱི་ཞིང་ཁམས་འདི། གླིང་ཆེན་བདུན་གྱི་སྐྱེ་བོ་དག་གི་སྨོན་ཡུལ་དུ་ཇི་ལྟར་འགྱུར། ཞི་བདེ་རྒྱ་མཚོའི་ཕར་འགྲམ་ནས་ཀྱང་ཚན་རིག་པ་དང་གཟུར་གནས་མཁས་པ་དག་གིས་བོད་ཅེས་པའི་མིང་གི་བཟླས་བརྗོད་ལ་འབད་པ་འདི་ཇི་ལྟར་འབྱུང་། དེས་ན་དེ་རིང་ངས་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་དེ་དག་ལའང་ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཡང་ཡང་ཞུ་ལགས།

མདོར་ན་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་གདོང་དམར་བོད་པ་ཚང་གི་ཤེས་རིག་བླ་ན་མེད་པ། གཞན་སུ་ལའང་ངོ་གནོང་མི་དགོས་པ་འདི་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་མཛད་རྗེས་བླ་མེད་བཞག་པའི་བན་བོན་གྱི་གཟུར་གནས་མཁས་གྲུབ་ཡོངས་ལ་སྙིང་ནས་བཀའ་དྲིན་ཞུ་ལགས།

ཁྱད་པར་དུ་ལྷག་བསམ་གངས་རི་ལས་དཀར་ཞིང་། སྙིང་སྟོབས་གངས་སེང་ལས་ཆེ་བའི་དེང་རབས་བོད་ཀྱི་སློབ་གསོ་བ་ཆེན་པོ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ། བདག་གི་ཆོས་གྲོགས་དམ་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་བཀའ་དྲིན་སྙིང་ནས་ཞུའོ།། གལ་ཏེ་ཁྱེད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་མིན་ན། ཨ་རིག་དགེ་བཤེས་ཆེན་མོའི་གདན་ས། ཤིང་བཟའ་པཎྚི་ཏ་མཆོག་གིས་འཛིན་སྐྱོང་མཛད་པའི་ཆོས་སྡེ་ཆེན་པོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ཉེ་འདབས། བརྗིད་ཆགས་ཁྱུང་མགོན་ལྷུན་པོའི་མདུན་རོལ། ཡ་བུག་འབྲུ་དྲུག་ཐང་ཞེས་པ་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་བོད་མདོ་དབུས་ཁམས་གསུམ་གྱི་ན་གཞོན་ཁྲི་སྟོང་མང་བོས་ཤེས་རིག་གི་ནོར་བུ་ལེན་སའི་ཞིང་ཁམས་སུ་ཇི་ལྟར་འགྱུར། དེའི་ཕྱིར་ངས་དེ་རིང་ཆོས་གྲོགས་དམ་པ་ཁྱེད་ལའང་བཀའ་དྲིན་སྙིང་ནས་ཞུ་ཞིང་། སྐུ་ཚེ་རི་ལྟར་བརྟན་ཅིང་མཛད་འཕྲིན་ཡར་ཟླ་བཞིན་འཕེལ་བར་འགྱུར་བའི་སྨོན་ལམ་སྙིང་ནས་འདེབས་སོ།།

དེ་དང་དུས་མཚུངས་སུ་སློབ་གླིང་འདིའི་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག་དང་འཇོག་བཞིན་པའི་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཚོན་པའི་དགེ་སློབ་ལས་བཟོ་བ་ཡོངས་ལའང་བཀའ་དྲིན་སྙིང་ནས་ཞུའོ།། གཞན་ལ་མི་ལྟོས་པའི་ཚུགས་ཐུབ་ཏུ་གྲུབ་ཅིང་རང་བཞིན་གྱིས་གྲུབ་པའི་ཆོས་ནི་གཅིག་ཀྱང་མེད་པ་ལུང་རིགས་རྣམ་དག་གིས་འགྲུབ་ལ། ཕན་ཚུན་ལྟོས་གྲུབ་ཏུ་ཡོད་པའི་རྟེན་འབྱུང་གི་རང་བཞིན་དུ་ཡོད་པའང་ལུང་རིགས་ཀྱིས་འགྲུབ་པ་ལགས་ན། སློབ་གླིང་འདིའི་འཕེལ་རྒྱས་ཀྱང་རང་བཞིན་གྱིས་གྲུབ་པ་དང་རྟེན་འབྱུང་མ་ཡིན་པར་ག་ལ་འགྱུར། དེས་ན་སྔར་ཡང་ཐུན་མོང་གི་འབད་འབུངས་ལས་དེ་རིང་གི་གྲུབ་འབྲས་འདི་བྱུང་བ་ཡིན་ལ། མ་འོངས་པའི་འཕེལ་རྒྱས་ཀྱང་ཐུན་མོང་གི་འབད་འབུངས་ལ་རག་ལས་པ་སྨོས་མེད་དུ་འགྲུབ་པ་ལགས་པས། རང་གཞན་གཉིས་ཕན་གྱི་སློབ་གསོ་འདིའི་ཆེད་དུ། འདི་ཕྱི་གཉིས་བདེ་ཡི་ཚན་རིག་འདིའི་དོན་དུ། འཕྲལ་ཡུན་ཀུན་སྐྱིད་ཀྱི་བྱེད་ཐབས་འདིའི་ཆེད་དུ། ད་དུང་སྔར་བཞིན་སྙིང་སྟོབས་དང་འབད་པ་མི་ལྷོད་པར་ཞུ་བ་ཡང་ཡང་བྱེད་པ་ལགས་སོ།།

ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་མིང་འཛིན་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་སྐབས་ཉེར་དྲུག་པའི་སློབ་གྲྭའི་འཁྲུངས་སྟོན་དང་འབྲེལ་ཏེ་སྤྱི་ལོ་༢༠༢༠ལོའི་ཟླ་༡༡པའི་ཚེས་༡༢ལ་བྲིས་པ་དགེའོ། །

View Details

ལ་མོའི་རྒྱབ་ཀྱི་རྩེད་རོགས།

ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས། དབྱངས། དམངས་ཁྲོད། ལེན་མཁན། ཁ་བ་དོན་འགྲུབ།

སེམས་ལ་བཟུང་བའི་བརྩེ་གྲོགས་ཁོང་ནི་ལ་མོའི་རྒྱབ་ཏུ་ལུས་སོང་། ཉིན་མཚན་མེད་པར་བསམ་རྒྱུ་ཁྱེད་ལས་མེད། མདང་དགོང་ཉལ་བའི་རྨི་ལམ་ནང་དུ་ཁྱེད་རང་མཇལ་བ་རྨིས། ཞོགས་པར་ལངས་དུས་སེམས་པ་སྐྱོ་བ་ལ། སེམས་པ་ཁྱེད་ཀྱི་ཕྱོགས་ལ་ཤོར་སོང་ལ་མོའི་རྒྱབ་ཏུ་ཤོར་སོང་། ང་ཡི་སྐྱོ་གདུང་ཁྱེད་ཀྱི་ས་ཕྱོགས་ལ། ཁྱེད་དང་མཉམ་དུ་འགྲོ་རྒྱུ་བྱུང་ན། སྐྱིད་སྡུག་ག་འདྲ་བྱུང་ཡང་འགྱོད་པ་མེད། ཁྱེད་ཀྱི་སེམས་པ་ཟླ་བ་དཀར་པོ་གཞན་སེམས་དྲན་པས་མ་སྒྲིབས། ང་ཡི་སེམས་ཀྱི་དགའ་ས་ཁྱེད་ལས་མེད། ཚུར་ལ་གསོན་དང་ང་ཡི་བརྩེ་གྲོགས་ལགས། ངས་ཁྱེད་ལ་བཅངས་པའི་བརྩེ་དུང་འགྱུར་ཐབས་མེད།

View Details

སེམས་ཞིག་ཡོད

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

《日月光辉》南卡15

View Details

《日月光辉》南卡14

View Details

《日月光辉》南卡13

View Details

《日月光辉》南卡12

View Details

《日月光辉》南卡11

View Details

《日月光辉》南卡10

View Details

《日月光辉》南卡9

View Details

《日月光辉》南卡8

View Details

《日月光辉》南卡7

View Details

《日月光辉》南卡6

View Details

《日月光辉》南卡3

View Details

《日月光辉》南卡4

View Details

《日月光辉》南卡5

View Details

《日月光辉》南卡2

View Details

འོད་སྟོང་འབར་བའི་ཉི་གཞོན གདུལ་བྱའི་ཞིང་བསྟོད། 《日月光辉》南卡1

View Details

ལོ་ལེགས་བྱུང་སོང་།

View Details

ཕ་ཡུལ་གྱི་དབྱངས་སྙན།

View Details

གངས་རིའི་བརྩེ་བ།

View Details

ཁ་བའི་སྒྲ་ལ་ཉན་པ།

View Details

旦正才让 -《牧羊女神》

View Details

རྡོ་གོར་མོ་བྲིས་བའི་ཨ་ཡིག 写给环礁的歌 གཞས་ཚིག འབྲོག་སེང་སྐལ་བྷེ 歌词 周桑尕白 གཞས་གདངས། གྲོང་ནོར་བུ 歌曲 忠闹日 གཞས་མཁན། བྱམས་པ་ཚེ་རིང། འབྲུག་མོ་མཁར། 先巴才让 周毛卡 སྒྲ་ལེན་པ། རིན་ཆེན་དོན་འགྲུབ། 录音后期:仁青东智 རོལ་མོ། བཀྲ་ཤིས་རྡོ་རྗེ། MIDI:扎西多杰 བརྙན་ལེན་པ། རི་སྔོན་ཀླུ་འབུམ་བཀྲ་ཤིས། 摄影师: 仁哎勒本扎西 སྒྲིག་སྦྱོར་བ། རི་སྔོན་ཀླུ་འབུམ་བཀྲ་ཤིས། 视频后期:仁哎勒本扎西 བརྙན་རིས་ཚོན་སྒྱུར་བ། རི་སྔོན་ཀླུ་འབུམ་བཀྲ་ཤིས། 视频调色: 仁哎勒本扎西 新片场

View Details

རྟ་འདོ་བའི་རྒྱབ་ན་རི་མོ་མེད། 马背上无画的烙印 ཚིག་དང་དབྱངས། དམངས་ཁྲོད། ལེན་མཁན། དོན་ཡོད་རྡོ་རྗེ། 演唱:多要多日杰 རྟ་འདོ་བའི་རྒྱབ་ན་རི་མོ་མེད།། 马背上无画的烙印 དཔེ་བཞག་ནས་བཤད་ན་རི་མོ་ཡོད།། 详探便知晓 སྒ་བེ་སང་བསྟད་ན་རི་མོ་ཡིན།། 马鞍是背上的画 སྟག་ཤ་རའི་ཕྲག་ན་རི་མོ་མེད།། 汉子肩上无画的烙印 དཔེ་བཞག་ནས་བཤད་ན་རི་མོ་ཡོད།། 详探便知晓 བོའུ་ཕྲ་རིན་ཁུར་ན་རི་མོ་ཡིན།། 你好是肩上的画 མ་བུ་མོའི་སྐེ་ན་རི་མོ་མེད།། 姑娘劲上无画的烙印 དཔེ་བཞག་ནས་བཤད་ན་རི་མོ་ཡོད།། 详探便知晓 གཡུ་བྱུ་རུ་བཏགས་ན་རི་མོ་ཡིན།། 红珊瑚是劲上的画

View Details

གཞས་པ་བཙུན་ཐར་རྡོ་རྗེ་ཡི་༢༠༢༠ལོའི་ཨ་རྩེད་གསར་པ།

View Details

ང་ཡི་སྙིང་སྡུག 至爱 ཚིག་རྩོམ་མཁན། གངས་དཔལ། 作词:岗华 དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་། 作曲:三智才让 ལོ་ཙ་པ། སྤུར་སྲས། 译员:贝尔斯 གཞས་ལེན་མཁན། མགར་བསམ་འགྲུབ་ཚེ་རིང་། ཡེ་ཤེས་ལྷ་མོ། 演唱:三智才让 叶西拉姆 新片场

View Details

༼བརྩེ་འདང་རི་མོ་ཅན།༽

( 真爱如画)

དབྱངས རིན་ཆེན་ནོར་བུ།

作曲 仁青闹日 

རོལ་མོ་སྒྲིག་བཟོ། མཁར་ཨ་བསོད། 

编曲 瓜尔阿索

ཚིག   མིང་མེད། 

作词 无名者 

སྒྲ་ལེན་པ། གཡང་རོངཨ་དོན།

录音 央容阿东

བརྙན་ཕབ། བརྙན་རིས་སྒྲིག་སྦྱོར། བླ་མ་ཚེ་རིང་། 

摄影剪辑 拉玛才让 

གཞས་མ། དབྱངས་ཅན་ལྷ་མོ། 

演唱 央金拉姆 

ངས་ཕར་བལྟས་ཕར་ལ་བལྟས་ན།།

我眺望远方

རི་མཐོན་པོ་སྨུག་པ་ཅན་པོ།། 

远方的青山

སྤྲིན་དཀར་དམར་གཉིས་ཀྱི་མཚམས་ན།། 

屹立在彩云间

ཆུང་བྱམས་པ་འདྲ་ལེར་ཡོད་གི།། 

恰似青梅竹马的他

ཆུང་བྱམས་པའི་བརྩེ་བའི་རིང་མོ།།

青梅竹马的爱

ལོ་ཟླ་བའི་བཞུར་རྒྱུན་ཁྲོད་ནས།།

在岁月的长河里

མདངས་མི་འགྱུར་བཞུགས་རྒྱུ་བྱུང་ན།། 

若能不停流淌

སྤང་མེ་ཏོག་འདྲ་ལེར་ཡོད་གི།

恰似盛开的格桑花

ངས་སེམས་པ་རྒྱང་ལ་འཕྲེང་ནས།། 

我敞开心扉

འདང་བརྩེ་བའི་རྣ་ཏོག་བསླེས་ན།།

种上爱的种子

ཁྱོའི་སེམས་ཀྱི་ཤོག་དཀར་ངོས་ལ།། 

是否能在你心里

ངའི་གཟུགས་རིས་ཡོད་གི་འེ་རེད།། 

留下我的身影

ངས་ཚིག་གསུམ་དར་གྱི་མདུད་པ།། 

我对涓涓溪水

ཆུ་ཆུང་ཆུང་ཞིག་ལ་བཤད་ན།། 

诉说缠绵情话

ཆུ་ཆུང་ཆུང་བཞུར་སྒྲ་སྙན་མོ། 

潺潺的流动声

ཆུང་བྱམས་པའི་ཨ་ལན་འདྲ་ལེར།། 

恰似情人的呢喃

View Details

དེང་མ་ཆུང་དུས་དྲན་བྱུང་། 

回忆童年

ཚིག  ཨ་རིག་མཁས་བཟང་།

作词:阿凯桑

དབྱངས།བློ་གསལ།

作曲:洛塞

ལེན་མཁན།ཨ་རིག་ཛམ་ལྷ།

演唱:扎木拉

རོལ་མོ་བ།བློ་གསལ།

MIDI:洛塞

སྒྲ་ལེན་པ།ཤེར་བྷ།

录音:谢尔巴

མགོ་ལ་སྦྲ་རྒན་སྨུག་པོ།།

རྒྱབ་ལ་སློག་རྒན་སྐྱ་བོ།།

སྒོ་ན་གཡང་ཟོག་འཛོམས་པའི།།

དེང་མའི་འཚོ་བ་སྐྱིད་སོང་།།

དགའ་ན་གླུ་སྐད་ལྷང་ལྷང་།།

ང་ནི་ལུག་རྫི་བུ་མོ།།

སྡུག་རུང་སེམས་པ་ཁེན་ས།།

ང་རང་ཕ་འཛོམས་མ་འཛོམས།།

ང་རང་དེང་མ་ཆུང་དུས་དྲན་བྱུང་།

གོང་ན་སྡིག་ནི་མེད་ཅིང་།།

ཞོལ་ན་མནར་ནི་མེད་པའི།།

རང་དབང་རང་འདོད་ཅན་གྱི།།

དེང་མའི་སྣང་བ་སྐྱིད་བྱུང་།།

དགའ་ན་དགོད་སྒྲ་ལྷང་ལྷང་།།

ང་ནི་ཕ་མའི་གཅེས་ཕྲུག།

སྡུག་རུང་བློ་ཕམ་མེད་པའི།།

ང་རང་ཕ་འཛོམས་མ་འཛོམས།།

ང་རང་དེང་མ་ཆུང་དུས་དྲན་བྱུང་།

View Details

མཛེས་སྡུག་གིས་ང་ལ་བསླུ་བྲིད་ཐེབས། 

འབྲོག་སེང་སྐལ་བྷེས་ཚིག་བརྩམས། 

གྲོང་ནོར་བུས་དབྱངས་བརྩམས།

ལེན་མཁན། གླིང་འབྲུག་མོ།

ན་ཚོད་ཀྱི་སྒང་དུ་མེ་ཏོག་ཞིག་འཁྲུངས།། 

ལས་དབང་གིས་ང་ལ་རྨི་ལམ་ཞིག་གླེང་།། 

རྨི་ལམ་དང་རྨི་ལམ་ཁ་དོག་གིས་བྲིས།། 

མཛེས་སྡུག་གིས་ང་ལ་བསླུ་བྲིད་ཞིག་ཐེབས།། 

འོ་ཡེ་་་།

བརྩེ་དུང་གིས་ང་ལ་ཀུ་རེ་ཞིག་བརྩིས།། 

ཕ་ཡུལ་ནས་རྐང་ལམ་ཕྲ་མོ་ཞིག་དེད།། 

རྐང་ལམ་དུ་ཚེར་མའི་ནགས་ཚལ་གྱིས་ཁེངས།། 

ཚེར་མ་དང་ཚེར་མའི་ན་ཟུག་ཞིག་མྱང་།། 

དེ་དུས་ཀྱི་སེམས་པ་གཞན་དབང་གིས་ཁྱེར།། 

འོ་ཡེ་་་།

དེ་དུས་ཀྱི་སེམས་པས་རང་དབང་དེ་བོར།།

མི་ཁ་དང་མི་ནི་མེ་ལྕེ་དང་འདྲ།།

ལས་འབྲས་ཀྱི་གཡུ་རྡོ་མཚོ་གཏིང་དུ་ལུས།།

དུང་སེམས་ཀྱི་འཆར་ཡན་བྲང་ངོས་སུ་དཔར།། 

འཇིག་རྟེན་གྱི་ཁ་ཞེང་ཚོར་སྣང་གིས་བཙལ།།

འོ་ཡེ་་་།

ཡིད་ཆེས་དང་ལང་ཚོ་སང་ཉིན་ལ་མཆོད།།

View Details

དེ་ཡན་གི་སྣོད་བཅུད་འཆམ་མཐུན་མེད།   ཚིག འཇུ་སྐལ་བཟང་།   དབྱངས། གངས་ཅན་པ་སྒྲོལ་མ་སྐྱབས།   ལེན་མཁན། སྒྲོལ་མ་སྐྱབས། པད་མཚོ། གངས་དང་གངས་ཆབ་ཆ་འགྲིག་རེད། །གངས་མ་བཞུ་གངས་ཆབ་མ་རྙོགས་དང་། །དེ་ཡན་གི་ཡུལ་ཁམས་གཙང་མ་མེད། །འདི་རྟེན་འབྲེལ་འགྲིག་གི་མགོ་མ་ཡིན། ། རི་དང་རི་དྭགས་ཆ་འགྲིག་རེད། །རི་མ་སློགས་རི་དྭགས་མ་དཀྲོགས་དང་། །དེ་ཡན་གི་རང་བྱུང་ཁོར་ཡུག་མེད། །འདི་སྨོན་ལམ་ཐེབས་ཀི་གནས་མཆོག་ཡིན། ། སྤང་དང་ནོར་ལུག་ཆ་འགྲིག་རེད། །སྤང་མ་བཀོག་ནོར་ལུག་མ་སྐྱུར་དང་། །དེ་ཡན་གི་སྣོད་བཅུད་འཆམ་མཐུན་མེད། །འདི་བདེ་སྐྱིད་འབྱུང་གི་གཞི་མ་ཡིན། ། ཞིང་དང་ལོ་ཏོག་ཆ་འགྲིག་རེད། །ཞིང་མ་བཙོང་ལོ་ཏོག་མ་འདོར་དང་། །དེ་ཡན་གི་རང་བྱུང་རྟེན་འབྲེལ་མེད། །འདི་འཚོ་གཞེས་བརྟན་གི་རྨང་རྡོ་ཡིན། ། ནགས་དང་ནགས་སྐྱེས་ཆ་འགྲིག་རེད། །ནགས་མ་གཅོད་ནགས་སྐྱེས་མ་འཇོམས་དང་། །དེ་ཡན་གི་ཁོར་ཡུག་སྲུང་སྐྱོབ་མེད། །འདི་འཕྲལ་ཡུན་དགེ་བའི་ཕན་བདེ་ཡིན། ། སྤྱི་རང་བྱུང་སྲིད་པའི་སྣོད་བཅུད་འདི། །བརླག་མ་འཇོག་བཀོད་པ་ལྷུན་གྲུབ་ཡིན། །བཅོས་མ་མང་འཆམ་མཐུན་རང་འགྲིག་ཡིན། །གཡང་འདི་དང་མི་འབྲལ་བཀྲ་ཤིས་ཤོག །

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།༼འ༽

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ།

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ། ༼ ང ༽

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ། ༼ ག ༽

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ། ༼ ཁ ༽

View Details

བོད་ཀྱི་སྲིད་པ་ཆགས་གླུའི་འགྲན་སྡུར་སྐབས་དང་པོ། ༼ ཀ ༽

View Details

《像风一样》

View Details

ཁ་བ་དཀར་པོའི་གླུ།

གཡག་གྲུ་གཟིངས་ཀྱི་ཚིག

བསམ་གཏན་གྱི་དབྱངས།

ཉི་མའི་བུ་རྒྱུད་ནམ་མཁས་བླངས།

ང་ཡི་གླུ་འདི་ཁ་བ་དཀར་པོའི་གླུ། །

འཛམ་གླིང་ས་ཡི་དཀྱིལ་འཁོར་བཟུང་བའི་གླུ། །

མཐའ་འཁོབ་མི་ལ་བདེ་སྐྱིད་ཐོབ་པའི་གླུ། །

ཆོས་ཉིད་ཉི་ཟླའི་འོད་སྣང་འབྱེད་པའི་གླུ། །

ང་ཡི་གླུ་འདི་ཁ་བ་དཀར་པོའི་གླུ། །

རླུང་རྟ་སྡེ་བཞིའི་མངའ་ཐང་དར་བའི་གླུ། །

མཐུན་པ་སྤུན་བཞིའི་ཞི་བདེ་བསྟད་པའི་གླུ། །

ཁྲི་གཤོག་རྒྱལ་མོའི་སེམས་ཁམས་བསྩལ་བའི་གླུ། །

ང་ཡི་གླུ་འདི་ཁ་བ་དཀར་པོའི་གླུ། །

མཛད་འཕྲིན་ཉི་ཟླ་མཁའ་རུ་འཛུམ་པའི་གླུ། །

གྲགས་སྙན་གཡུ་འབྲུག་སྲིད་གསུམ་ལྡིར་བའི་གླུ། །

གླིང་བཞིའི་རྒྱལ་ཁམས་དབང་དུ་བསྡུས་པའི་གླུ། །

ང་ཡི་གླུ་འདི་ཁ་བ་དཀར་པོའི་གླུ། །

གངས་དཀར་རི་ལ་ཉི་ཟླ་འཛོམས་པའི་གླུ། །

གངས་སེང་དཀར་མོ་གཡུ་རལ་འཛོམས་པའི་གླུ། །

རིགས་མཐུན་གྲོགས་ཀྱི་བློ་སྟོབས་རྒྱས་པའི་གླུ། །

View Details

རྟེན་འབྲེལ་ཆུ་མོ་དགུ་འཁྱིལ།

གཞས་ཚིག   ཨ་མདོ་པ་ཀརྨ་དགེ་འཕེལ།

དབྱངས།   ནོར་བུ་མགོན།

གཞས་པ།    མགར་བསམ་འགྲུབ་ཚེ་རིང་།

ཆུ་དྭངས་མོ་བདུད་རྩི་རང་འབབ་མ།།

ཀླུ་ཀུན་ཏུ་དགའ་བའི་བསོད་ནམས་ཡོད།།

ངའི་སེམས་ཀྱི་ཕ་མ་ཚེ་རིང་བོ།།

ཁྱོད་ཚེ་ཐག་ཆུ་མོ་དགུ་འགྲོས་ཡིན།།

སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།

ནོར་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་ཞུ།།

རི་མཐོན་པོ་འཕྱོང་གི་མཎ་ཌ་ལ།།

འབྲོང་བྲེ་སེར་འཁོར་གི་གཟས་ལམ་ཡོད།།

ངའི་སེམས་ཀྱི་མིང་སྲིང་ལོ་བརྒྱ་བོ།།

ཁྱོད་དབང་ཐང་རྨ་ཆེན་གངས་རི་ཡིན།།

སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།

ལས་རླུང་རྟ་དར་བའི་བཀྲ་རེ་ཤིས།།

རྟ་འདོ་བ་རླུང་གི་གཤོག་ཡ་ཅན།།

ས་བྱང་ལམ་གཅོད་ཀི་བང་རྩལ་ཡོད།།

ངའི་ཡིད་ཀྱི་སྙིང་གྲོགས་འདང་ཆེན་བོ།།

ཁྱོད་གཞིས་ཀ་འདོད་རྒུ་གཡང་འཁྱིལ་ཡིན།།

སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།

འདང་བརྩེ་བ་བརྟན་པའི་སྨོན་ལམ་འདེབས།།

ཞིང་འབྲུ་དྲུག་གསེར་གྱི་སྙེ་འབྲས་ཡག །

ཡུལ་གངས་ཅན་རྒྱས་པའི་བྱིན་རླབས་ཡོད།།

ངའི་སེམས་ཀྱི་ཆོལ་གསུམ་བོད་པ་ཚོ།།

ཁྱོད་ཅི་བསམ་བཀྲ་ཤིས་ཕྱེ་མར་ཡིན།།

སྐྱིད་གནམ་ལོ་གསར་བ་ཁྱོད་ལ་བསུ།།

ཡུལ་གཞི་བྱེས་གཉིས་ཀྱི་དོན་རེ་འགྲུབ།

View Details

བརྩེ་བའི་མཆོད་པ།

ཚིག ཐོ་ཡོར།

དབྱངས། བསྐལ་བཟང་རྒྱལ།

ལེན་མཁན། གཡང་སྐྱིད།

དཀར་ཡོལ་དཀར་གཙང་ནང་ལ།།

འོ་མའི་མཆོད་པ་བཤམ་ཡོད།།

རི་མོ་དུང་དཀར་གཡས་འཁྱིལ།།

དཀོན་མཆོག་ལྷ་ཡིས་བསྲུང་ཡོད།།

གསོམ་དཀར་ཆུ་ཟེའུ་ནང་ལ།།

དངུལ་དཀར་གཙང་ཆུ་བཅུས་ཡོད།།

སེམས་པ་སོང་བའི་མི་ལགས།།

མཆོད་ཁ་ལན་གསུམ་གནོང་དང་།།

ཨོ་ཧོ་ཧོ

བློ་དཀར་ཡིད་ཀྱི་བྱམས་པ།།

བྱམས་པ་སྙིང་གི་མེ་ཏོག།

སྡེ་ཆེན་རྩེད་རའི་ནང་ནས།།

སྙན་མོའི་གཞས་ཤིག་བླངས་ཡོད།།

གཞས་ཆུང་རང་གྲོལ་མ་རེད།།

ཞེ་ཚིག་མདུད་པ་རང་གྲོལ།།

གོས་ཆེན་འབྲུག་རིས་སྟེང་ལ།།

གསེར་སྐུད་རི་མོ་ཕབས་ཡོད།།

སེམས་པ་སོང་བའི་མི་ལགས།།

སྤྱན་གྱིས་གཟིགས་པ་གནོང་དང་།།

ཨོ་ཧོ་ཧོ

བློ་དཀར་ཡིད་ཀྱི་བྱམས་པ།།

བྱམས་པ་སྙིང་གི་མེ་ཏོག།

View Details

ཆུང་བྱམས་པ་མོ་ལོ་བཅོ་བརྒྱད་རེད། 心仪之人正妙龄

ཚིག ལྷུན་གྲུབ། 作词:林志先森

དབྱངས། ལྷུན་གྲུབ། 作曲:林志先森

ལེན་མཁན། ལྷུན་གྲུབ། 原唱:林志先森

ལུག་གཡང་དཀར་རྗེས་ན་ཞེ་སྨྲེང་བའི།། 在羊群之中苦思 འབྲི་ཐུལ་དཀར་བརྒྱ་ཡི་གཡང་རྟེན་མ།། 数百的牦牛做嫁妆 ཕྲུག་མཐེབ་བརྒྱར་སྐ་རགས་ལྗང་སྐྱ་ཅན།། 穿金戴银甚动人 ཆུང་བྱམས་པ་མོ་ལོ་བཅོ་བརྒྱད་རེད།། 心仪之人正妙龄

ཡུལ་ཕ་མའི་གམ་གྱི་གཅེས་ཕྲུག་མ།། 父母的掌上明珠 ཕ་ཨ་ཁུའི་ཁ་ཡག་ཚིག་གིས་བསླུས།། 邻里的夸赞对象 ངའི་ཡ་ཆུང་དཀྱིལ་གྱི་དྲན་ཤིང་མ།། 心中苦思的少女 ཕྱི་གནས་ཡུལ་མཚམས་ནས་ཨེ་དཀའ་ཐལ།། 远嫁异乡受苦了

ས་སྡེ་ཆེན་སྡེ་བ་གཞན་ཡུལ་རེད།། 异地再好不羡慕 སྡེ་དེ་ཚོར་ཞེ་ཐོགས་ཅི་ལ་ཡོད།། 因为之前无相关 ཆུང་བྱམས་པ་གླེང་ན་སྡེ་དེ་རེད།། 现在是爱屋及乌 དེའི་ནང་གི་འདང་ཆེན་ཁྱེད་རང་རེད།། 唯最爱的还是你

ཟླ་བདུན་པའི་རྩ་རྩེ་བསིལ་བས་བཏུམས།། 七月寒霜残花落 འབུ་སྦྲང་མ་ངེད་གཉིས་སྡུག་ལ་ལྟོས།། 我与黄蜂苦难言 མཚོ་ལྗང་ལོའི་མཚོ་མཐའ་དར་གྱིས་བཟུང་།། 蔚蔚圣湖已冰封 བྱ་ངང་བ་ངེད་གཉིས་སྨྲེང་ལ་ལྟོས།། 我与候鸟无归宿

View Details

རང་སེམས་ཀྱི་གད་རྒྱངས།

གཡག་གྲུ་གཟིངས་ཀྱི་ཚིག

ནམ་མཁའི་དབྱངས།

ཉི་མའི་བུ་རྒྱུད་ནམ་མཁས་བླངས།

དགོད་ན་ང་ཚོ་མཉམ་དུ་དགོད་ཡ་སྐྱིད་ཀྱི་འཚོ་བ་འདྲ་འདྲ་ཡིན། །

ངུ་ན་ང་ཚོ་མཉམ་དུ་ངུ་ཡ་སེམས་ཀྱི་ན་ཟུག་གཅིག་འདྲ་ཡིན། །

ངུ་མ་དགོད་ཀྱི་དུས་ཚོད་ཟད་པ་རྒྱང་དང་ཕུགས་ཀྱི་ཕམ་ཁ་ཡིན། །

མངར་ལ་སྐྱུར་བའི་དོན་མེད་འཚོ་བ་རོལ་དང་མ་རོལ་གཅིག་མཚུངས་ཡིན། །

འགྲོ་ན་ང་ཚོ་མཉམ་དུ་འགྲོ་ཡ་ཉི་མ་ལྷ་སའི་ཞིང་བཀོད་ཡོད། །

འདུག་ན་ང་ཚོ་ཚང་མ་འདུག་ཡ་སེམས་དང་སེམས་པའི་བཞུར་རྒྱུན་ཡོད། །

མི་འགྲུབ་སེམས་ཀྱི་འདོད་པ་ཞིག་གིས་བདེ་སྐྱིད་ཉི་མ་ཐོབ་ངེས་མིན། །

མི་སྡོད་སྙིང་གི་འཚུབ་ཆ་ཞིག་གིས་སེམས་ཀྱི་ཕུགས་རེ་འགྲུབ་ལེ་མིན། །

འཛམ་བུ་གླིང་གི་མིག་ཟུང་གཡར་ནས་ས་སྒང་ཆེན་མོར་ལྟད་མོར་བལྟ། །

ཁ་བ་ཅན་གྱི་སྟོང་ཆ་སེམས་ཞོར་འབད་པ་བརྒྱ་ཡི་དམ་བཅའ་འཇོག །

འགན་འཁྲིའི་གཏམས་པའི་རིགས་རྒྱུད་ཅིག་གི་འབྱུང་འགྱུར་རེ་བའི་རྨི་ལམ་ལ། །

ང་དང་ཁྱེད་ཀྱིས་ཕྱོགས་རིས་སྤང་ནས་མདུན་བསྐྱོད་སྤོབས་པའི་མེ་དཔུང་སྦར། །

View Details

གཞོན་སྐྱེས་བོད་གཞས་སྒྲ་མཛོད།

View Details

ང་དང་ཁ་བའི་གཏམ་རྒྱུད།

ལྕག་ཚན་གྱི་ཚིག

ནམ་མཁའི་དབྱངས།

ཉི་མའི་བུ་རྒྱུད་ནམ་མཁས་བླངས།

ང་དང་ཁ་བ་དཀར་པོ། །

འབྲལ་མེད་སྙིང་གྲོགས་ཡིན་སོང་། །

ཁ་བའི་ལྷག་བསམ་དཀར་པོ། །

ང་ཡི་རང་གཤིས་ཡིན་སོང་། །

ང་ཡི་དུངས་ཞེན་རིང་མོ། །

ཁ་བའི་གྲོང་ཚོ་ཡིན་སོང་། །

ཁ་བའི་གཏམ་རྒྱུད་རེ་རེ། །

ང་ཡི་སྙན་ངག་ཡིན་སོང་། །

ཁ་བའི་འབབ་ཕྱོགས་རེ་རེ། །

ང་ཡི་ཚོར་འདུ་ཡིན་སོང་། །

ང་ཡི་སྐྱོ་ངལ་རེ་རེ། །

ཁ་བའི་སྟོབས་ཤུགས་ཡིན་སོང་། །

ཁ་བའི་འདབ་མ་རེ་རེ། །

ང་ཡི་དར་རྒུད་ཡིན་སོང་། །

ང་ཡི་དད་འདུན་གོར་མོ། །

ཁ་བའི་འབྱུང་འགྱུར་ཡིན་སོང་། །

ང་དང་ཁ་བའི་གཏམ་རྒྱུད། །

འཛིན་བསྐྱོད་འཇའ་ཚོན་ཡིན་སོང་། །

ང་དང་ཁ་བའི་མིག་ཆུ། །

དུངས་བའི་དབྱངས་རྟ་ཡིན་སོང་། །

View Details

བོད་གཞས་སྒྲ་མཛོད།

View Details

བོད་གཞས་སྒྲ་མཛོད།

View Details

བོད་གཞས

View Details

བོད་གཞས།