Tibetan Freedom is the first Tibetan official newspaper published in exile. Now published weekly, it features news items on Tibet and the activities of the CTA. Like Sheja, its main readers are Tibetan-speaking people.
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭར་ལོ་ངོ་ཉི་ཤུ་ལྷག་ལ་ཞབས་ཕྱི་ཞུ་མཁན་གྱི་ལས་བྱེད་སོགས་ལ་མཇལ་ཁ།༢༽དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།༣༽ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཞེ་གསུམ་པ་ལེགས་གྲུབ་ཟིན་པ།༤༽ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་ཕྱོགས་མཐའི་སྲི་ཞུའི་ལས་བྱེད་རྣམས་ལ་ཉེར་མཁོའི་བོད་ཀྱི་སྐད་ཡིག་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ཚོགས་པ།༥༽ཉི་འོང་དུ་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་ཟླ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་མཐོ་རིམ་སློབ་ཕྲུག་གིས་གཙོས་དད་ལྡན་རྣམས་ལ་མཇལ་ཁ་སྩལ་བ།༢༽ ཨོ་གླིང་སྐུ་ཚབ་དོན་གཅོད་ཀྱིས་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྦོབ་སྦོ་རོན་ལགས་ལ་ཕྱི་ལོ་ ༢༠༢༦ ལོའི་སིཌ་ནི་ཞི་བདེ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་གསེར་གྱི་རྟགས་མ་འབུལ་བཞེས་བྱུང་བར་འཚམས་འདྲི་ཞུས་པ།༣༽ དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ཨེན་ཌི་སྦན་ཧམ་མཆོག་ལ་འཚམས་འདྲི་ཞུས་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ཨེན་ཌི་སྦན་ཧམ་མཆོག་ལ་འཚམས་འདྲི་ཞུས་པ།༥༽ འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་བསླབ་གཞིའི་བོད་སྒྱུར་དེབ་ལ་བསྐྱར་ཞིབ་དང་ཞུ་དག་ཚོགས་འདུ་ཚོགས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཏོག་ཡུལ་གྱི་ཐུབ་དབང་སྐུ་བརྙན་ཆེན་མོར་མཆོད་མཇལ་དུ་ཆིབས་བསྒྱུར་བསྐྱངས་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཀུལླུ་མ་ནཱ་ལི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།༣༽ བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་དབུ་འཛུགས་གནང་བ།༤༽ ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གི་ནུབ་བྷེང་གལ་ཀ་སྦུག་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།༥༽ བེལ་ཇི་ཡམ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཐོག་བེལ་ཇི་ཡམ་གཞུང་ལ་དྲི་བ་བཏོན་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་མཐོ་སློབ་མགྲིམས་བཞིན་པའི་སློབ་ཕྲུག་དང་མི་མང་སོགས་ལ་མཇལ་ཁ་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གིརཱ་ཧམ་ལགས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལ་དྭགས་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་དགེ་སློབ་རྣམས་ལ་གསུང་བཤད་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་དུ་༸སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་ཐད་གཞུང་འབྲེལ་བསྒྲགས་གཏམ་སྤེལ་བ།༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཟབ་རྒྱས་ཞུས་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལ་དྭགས་སུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་པ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ནེ་ཛུའི་ལཱའི་ས་ཁུལ་དུ་ས་ཡོམ་གྱི་གོད་ཆགས་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཝེ་ནེ་ཛུའི་ལཱར་ས་ཡོམ་གྱི་གོད་ཆགས་བྱུང་བར་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་བ།༤༽ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་གཉིས་ནས་མི་རིགས་མཐུན་སྒྲིལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་སྐྱོན་བརྗོད།༥༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེའི་ཉེན་ཚབས་སྐོར་གསུང་བཤད་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་དཔོན་ཆེན་མོ་སྐུ་ཞབས་རོ་བྷཊ་ཐར་མན་ལགས་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ནིའུ་ཡོག་དང་ནིའུ་ཇར་སི་མི་མང་ལ་གསུང་བཤད་གནང་བ།༣༽ ༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་སླད་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་གནང་བ།༤༽ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་གསར་རྒྱག་གི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བ།༥༽ ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གཞི་རིམ་འོག་མའི་ཨིན་དགེ་རྣམས་ལ་ཇོ་ལི་སྒྲ་གདངས་ཀྱི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦར་ལིན་དུ་གོ་སྒྲིག་ཞུས་པའི་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་སུམ་ཅུ་སོ་བདུན་ཐོག་མཉམ་ཞུགས།༢༽ བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ།༣༽ ཆོས་རིག་ལས་ཁུངས་ནས་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་གོ་སྒྲིག་གནང་བ།༤༽ ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་འཇོན་རྩལ་སྒྲོམ་གཞིར་བསྐྱར་ཞིབ་གཏན་འབེབས་དང་། ལག་བསྟར་ཞུ་ཕྱོགས་ཐོག་ཟབ་སྦྱོང་གནང་བ།༥༽ ཤེས་རིག་ལས་ཁུངས་ནས་དབྱར་ཁའི་ཉམས་གསོག་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་རྣམས་ལ་ཉིན་གྲངས་གསུམ་རིང་རྒྱུས་མངའ་ལམ་སྟོན་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷེ་རེ་མི་གཟེངས་རྟགས་འབུལ་བཞེས་བསྐྱངས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀརནཱ་ཊཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤིབ་ཀུ་མཱར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ།༣༽ གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་དབྱར་གསོལ་སྤྱན་འདྲེན་ཞུས་པ།༤༽ བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༧ པའི་བཀའ་བློན་རྣམ་པས་ལས་ཉིན་དང་པོ་དབུ་འཛུགས་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་སུད་བོད་མཐུན་གྲོགས་ཚོགས་པས་འཚམས་འདྲི་ཞུས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་བགྲོ་གླེང་བ་སོགས་ལ་མཇལ་ཁ་སྩལ་བ།༢༽ སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་ལས་ཁུར་དམ་བཅའ་ཕུལ་བ།༣༽ སྐབས་ ༡༨ པར་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་འབུལ་ཞུས་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་ཐའེ་ཝན་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ལིན་ཆི་ཡ་ལུང་མཆོག་གིས་འཚམས་འདྲི་ཞུས་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་ཨོསྟྲེ་ལི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་འཚམས་འདྲི་ཞུས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་དཔལ་ལྡན་སྲིད་སྐྱོང་དང་བཀའ་བློན་རྣམ་པར་མཇལ་ཁ་སྩལ་བ།༢༽ ཨ་རིའི་རང་བཙན་ཐོབ་པའི་དུས་སྟོན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག་རྣམ་གཉིས་གདན་ཞུས་ལྟར་ཕེབས་ཞུགས་གནང་བ།༣༽ ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྒན་པ་ཁག་ཅིག་ལ་འགོ་ཁྲིད་ནུས་སྤེལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་བཱར་ནཱི་ཕརེངྐ་ལགས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཌེ་སི་མོན་ཊུ་ཊུའི་ཐེབས་རྩའི་འགན་འཛིན་སོགས་མཇལ་བཅར་བ་ ༣༦༠ ལྷག་ལ་མཇལ་ཁ་སྩལ་བ།༢༽ བོད་མིའི་སློབ་གྲྭ་ཁག་གིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་གྲུབ་འབྲས་མུ་མཐུད་ལེགས་པོ་ཐོབ་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་རིག་གནས་སློབ་གཉེར་ཁང་གི་བསླབ་པ་ཐར་སོན་གྱི་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།༤༽ ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྒན་པ་ཁག་ཅིག་ལ་འགོ་ཁྲིད་ནུས་སྤེལ་གྱི་ཟབ་སྦྱོང་གནང་བ།༥༽ ཁེན་བྷེ་རར་བོད་རིགས་མཐུན་ཚོགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་ནག་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༣༡ འཁོར་བ་དང་བསྟུན་མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་བྱེད་རྣམས་ལ་དམིགས་གསལ་མཇལ་ཁ་སྩལ་བ།༢༽ ཨོ་གླིང་སྐུ་ཚབ་དོན་གཅོད་ནས་ཨོ་གླིང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ལྷན་ཁང་གི་འགན་འཛིན་དང་མཇལ་འཕྲད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སེམས་འཚབ་བསྟན་པ།༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཐད་ཕྱིའི་སྲིད་གཞུང་ལ་ཐེ་བྱུས་བྱེད་དབང་མེད་སྐོར་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གསལ་འདོན་གནང་བ།༤༽ ཨ་རིའི་མངའ་སྡེ་མི་ནི་སོ་ཊར་ཕྱི་ལོ་ ༢༠༢༦ ལོའི་བོད་ཀྱི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་པ།༥༽ ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གསར་དུ་བསྐོ་བཞག་བྱུང་བའི་བྱང་ཐང་རྫོང་དཔོན་དང་། ཉེན་རྟོག་པར་མཇལ་འཕྲད་གནང་ཡོད།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ནས་བརྟན་བཞུགས་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གསུང་འཕྲིན་སྩལ་བ།༣༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་གིས་གོ་སྒྲིག་གནང་བའི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་དབུ་འབྱེད་གནང་བ།༤༽ ཡུ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཏོན་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་ཁག་ལ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས།༣༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་མ་སྒྲོལ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚན་རིག་བརྟག་དཔྱད་ཁང་ཉམས་གསོ་ལེགས་གྲུབ་ཀྱིས་དབུ་འབྱེད་གནང་བ།༤༽ ཕྱི་དྲིལ་ལས་ཁུངས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་འཁྲུངས་སྐར་དང་བསྟུན་གཞོན་སྐྱེས་རྣམས་ལ་པཎ་ཆེན་རིན་པོ་ཆེའི་སྐོར་གོ་རྟོགས་སྤེལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་བཅུ་ཕྲག་བརྒལ་བའི་དད་ལྡན་མཇལ་བཅར་བར་མཇལ་ཁ་བཀའ་དྲིན་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་སློབ་གཉེར་བའི་སྡོད་ཁང་དང་ལས་ཤག་གསར་པ་ཐང་སྟོང་ཁང་གསར་དབུ་འབྱེད་གནང་བ།༣༽ འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ།༤༽ གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་བ།༥༽ སེཊེམ་ཤེས་ཡོན་བརྗེ་ལེན་གྱི་སྦྱོང་བརྡར་དང་ཚོགས་འདུ་གོ་སྒྲིག་ལེགས་པར་མཇུག་སྒྲིལ་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཁིརི་ཤི་ཡན་ཤྭ་ཛི་ཤི་ལིང་ལགས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།༢༽ ལ་སྤྱི་ལས་ཁུངས་ནས་སོ་ནམ་ཉིན་མོ་སྲུང་བརྩི་ཞུས་པ།༣༽ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ལས་རིམ་སྣ་ཚོགས་བརྒྱུད་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་པ།༤༽ ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རྩལ་གནང་བའི་བོད་མིའི་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་བ།༢༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་བ།༣༽ དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་གཞི་རིམ་སློབ་ཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་ཐེངས་ ༣ འགོ་བཙུགས་ཞུས་པ།༤༽ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དགུ་པ་ཚོགས་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོན་ཌོ་བཀྲ་ཤིས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་བ།༢༽ ཤེས་རིག་བཀའ་བློན་མཆོག་ནས་ཇར་མན་རོགས་ཚོགས་ཀྱི་གཙོ་འཛིན་སཾ་བྷོ་ཊ་བོད་སློབ་ཚོགས་པ་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཁག་ཏུ་གཟིགས་སྐོར་སྣེ་འཁྲིད་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚོ་པདྨར་གནས་འཁོད་བོད་མི་རྣམས་ལ་ཉེ་ཆར་རྒྱ་ནག་སྲིད་འཛིན་བོད་དུ་སླེབས་པའི་དགོས་དམིགས་སྐོར་གཙོ་དོན་གྱིས་གསུང་བཤད་གནང་བ།༤༽ གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་དབུ་འཛུགས་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་ཁོངས་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས། བསོད་ནམས་གླིང་བོད་མིའི་གཞིས་ཆགས་བཅས་ནས་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་ ༧༩ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།༣༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་ཨ་རིའི་གཞུང་དོན་གནང་སྒོ་ཁག་ལེགས་པར་གྲུབ་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡི་ལི་བསམ་ཡས་གླིང་དུ་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་དུ་འཚམས་གཟིགས་ལེགས་པར་གྲུབ་པ།༢༽ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་མིག་དམར་རྡོ་རྗེ་ལགས་ཀྱིས་སྐོར་སྐྱོད་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་པ།༣༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་བརྟེན་ནས་བཙན་བྱོལ་ནང་ངོ་བོ་རྒྱུན་འཛིན་བྱེད་ཐབས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནཻ་ནི་ཏཱལ་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གླེ་ཡི་ཇོ་ཁང་བསྐྱར་བཞེངས་ཀྱི་ས་གཞིར་བྱིན་རླབས་དང་མི་མང་ལ་བཀའ་སློབ་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་བ།༣༽ དཔལ་ལྡན་ཚོགས་གཞོན་མཆོག་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།༤༽ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་བསྐོ་རྣམས་ལ་ཟབ་སྦྱོང་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸སྐྱབས་རྗེ་དྭགས་པོ་རིན་པོ་ཆེར་ཕན་རན་སིའི་ཆེ་བསྟོད་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་བ།༢༽ ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༥ སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བ།༣༽ ཤེས་རིག་ལས་ཁུངས་ནས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།༤༽ ༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ནས་བྱང་ཐང་ཆུ་མུར་བོད་མི་རྣམས་ཀྱི་ཆེད་ས་ཆ་ཨེ་ཀར་ ༨ ཙམ་གསོལ་སྩལ་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུར་བཞུགས་ཏེ་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་གྱིས་དཀར་དགོན་གྱི་༸རྒྱལ་བའི་ཕོ་བྲང་གསར་པ་དང་། ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་མཛད་པ།༢༽ ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཞི་བཅུ་པ་ལེགས་གྲུབ་ཟིན་པ།༣༽ ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་གངས་ཅན་རིག་གནས་སློབ་གྲྭར་ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཐེངས་ ༡༢ པར་རྟོག་ཞིབ་སླད་ཆེད་བཅར་གྱིས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེན་བྷེ་ར་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་པ།༢༽ ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ནས་༸གོང་ས་མཆོག་གི་ཡང་སྲིད་ཐད་ཕྱི་ནས་ཐེ་བྱུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་བ།༣༽ ཨ་རིའི་མེ་ས་ཆུ་སི་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་འབྲེལ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུས་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨོ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་བ།༥༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཇར་མན་གཞུང་ཚབ་ཁང་གི་སྐུ་ཞབས་ཨེ་ལེག་ཛེན་ཌར་ཁེ་ལི་གྷ་རོ་ལགས་དང་མཇལ་འཕྲད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་བ།༢༽ བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་དམིགས་བསལ་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་པ།༣༽ བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་མཇུག་བསྡོམས་མཛད་སྒོ་གཟབ་རྒྱས་ངང་མཇུག་བསྒྲིལ་བ།༤༽ རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་གོ་སྟོན་གྱི་མཛད་སྒོར་དབུ་བཞུགས་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྦར་ལིན་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།༣༽ ཤེས་རིག་ལས་ཁུངས་ཀྱི་བྱང་ཕྱོགས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་འདུ་དབུ་འཛུགས་གནང་བ།༤༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་ཇར་མན་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་དྲོཽ་པ་དཱི་མུརྨུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་བཤད་གནང་བ།༣༽ དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་ལགས་ཀྱིས་ལུ་དྷི་ཡ་ན་དང་ལྡི་ལི་ནས་ཡིན་པའི་ཚོང་དཔོན་ལཱ་ལཱ་གྲངས་ ༢༣༠ ཙམ་ཞིག་དང་མཇལ་འཕྲད་གནང་བ།༤༽ འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཀཱང་ར་རྡོང་གི་ཛོ་ནལ་སྨན་ཁང་གི་འགན་འཛིན་སྨན་པ་ར་ཇེནྡྲ་ཀུ་མཱར་སུཌ་ལགས་དང་མཇལ་འཕྲད་གནང་བ།༥༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོོལ་མ་མཆོག་གི་ཌན་མག་ཏུ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བདམས་ཐོན་སྲིད་བློན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ།༢༽ ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཐུགས་དམ་གཡོ་བ་མེད་པའི་ངང་མྱ་ངན་ལས་འདས་ཚུལ་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ།༣༽ བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་མཚོན་མདོག རྒྱལ་གླུའི་གདངས་རོལ་ཚད་ལྡན་གཅིག་གྱུར་ཡོང་ཐབས་སོགས་ཀྱི་བཀའ་སྤྱི་གཉིས་ཀྱི་ཚོགས་ཆུང་གི་ལས་དོན་དངོས་སུ་ངབུ་འཛུགས་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས་ཌིན་སི་མིཏ་མཆོག་ཨོསྟྲེ་ལི་ཡའི་ཕྱོགས་འགལ་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་ཚོང་ལས་ཀྱི་བློན་ཆེན་གཞོན་པར་བསྐོ་གཞག་བྱུང་བར་འཚམས་འདྲི་ཞུས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུ་ཁྲོད་སྐུ་ཞབས་ལི་ཇེ་མེ་ཡོང་མཆོག་ལ་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་སྩལ་བ།༢༽ བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམས་ལ་རྒྱལ་སྤྱིའི་ལམ་ལུགས་དང་མཐུན་པའི་སྣེ་ཤན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་འགོ་བཙུགས་པ།༣༽ ཚན་རིག་གི་གཞོགས་འདེགས་རྒྱུ་ཆ་ཞུ་དག་ཚོགས་འདུ།༤༽ དབྱར་དུས་བོད་ཀྱི་རིག་གཞུང་གོ་རྟོགས་ལས་གཞི་དབུ་འཛུགས་གནང་བ།༥༽ གྲངས་འཛིན་དཔེ་མཛོད་ཀྱི་སྡེ་ཚན་དབྱེ་འབྱེད་དང་དཀར་ཆག་སྐོར་གྱི་བགྲོ་གླེང་ཚོགས་འདུ།
༡༽ དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག དེ་བཞིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་བཅས་ནས་ཉི་འོང་ས་གནས་བོད་མི་ཁག་ཅིག་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ།༢༽ ཀོ་ལི་གྷལ་ས་འཐུས་སྐབས་ ༡༢ པའི་ཚོགས་མི་རྣམས་ཀྱི་དམ་འབུལ་ལེགས་གྲུབ།༣༽ ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།༤༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་འོང་གི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པའི་ཐོག་ཕེབས་བཞུགས་ཆེད་ས་གནས་སུ་འབྱོར་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀེལ་གྷེ་རིའི་མང་ཚོགས་ལ་གསུང་བཤད་གནང་བ།༢༽ དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཧིན་དྷུའི་ཆོས་ལུགས་ཀྱི་སྐུ་ཚབ་ཚོགས་པ་དྷ་སར་ཕེབས་པར་དགའ་བསུ་ཞུས་པ།༣༽ སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན།༤༽ སི་ཀོཊ་ལེནྜ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་པའི་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་གསལ་སྟོན་གནང་བ།༥༽ ཤཻས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།༢༽ མཆོག་སྤུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་ཡུམ་གདུགས་དཀར་སྒྲོལ་མ་ལགས་སེམས་ངལ་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པ།༣༽ སྦར་སིལ་སྐུ་ཚབ་དོན་གཅོད་ཀྱིས་བོད་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་བརྒྱུད་ཨེ་ཤི་ཡའི་མི་འབོར་ས་ཡ་མང་པོའི་འཚོ་རྟེན་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཚབས་སྐོར་གསལ་སྟོན།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཡི་ཝོན་བྷ་ཀེར་ལགས་དང་མཇལ་འཕྲད།༥༽ གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་མཆོག་ལ་འཚམས་འཕྲིན་རྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཕེ་གྲི་རིག་མར་ཛི་མཆོག་ཇར་མ་ནིའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་རྩལ་བ།༣༽ དཔལ་ལྡན་སྲིད་སྐྱོང་མཆོག་ཝ་ཤིང་ཊོན་ཌི་སི་རུ་བོད་དོན་ཞུ་གཏུག་དང་། ཨ་རིའི་རྒྱབ་སྐྱོར་ཤུགས་ཆེར་གཏོང་ཆེད་གལ་ཆེའི་ཚོགས་འདུ་ཁག་ཅིག་ནང་མཉམ་ཞུགས་གནང་བ།༤༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷ་རཏ་ཏིབྦཏ་སཧ་ཡོག་མྃཅ་ཞེས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༦ འཁོར་བའི་དུས་ཆེན་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨན་ཊོ་ནི་ཨལ་ནྷ་ནི་སི་མཆོག་སླར་ཡང་ཨོསྟྲེ་ལི་ཡའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཁུལ་སུ་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་བ།༣༽ དཔལ་ལྡན་སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག་གིས་ཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌ་སྲིད་བློན་མཱག་ཀར་ནི་མཆོག་ལ་འཚམས་འདྲི་ཞུས་པ།༥༽ བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་གུས་འདུད་ཞུ།
༡༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་སྐོར་གྱི་དྲྭ་ཐོག་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀཤ་མཱིར་ནང་བྱུང་བའི་འཇིགས་སྐུལ་གྱི་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་པ།༣༽ ཡེ་ཤུའི་བླ་ཆེན་པོབ་ཧྥ་རན་སི་སི་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་པ།༤༽ ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་རྒྱ་རིགས་འབྲེལ་མཐུད་པ་གཉིས་ནས་མེ་ཏོག་ཞག་འཁོར་སྒྲོན་འབུལ་ཐེངས་བཅོ་བརྒྱད་པར་མཉམ་ཞུགས་གནང་བ།༥༽ ཤེས་རིག་ལས་ཁུངས་ནས་ཨ་རིའི་བོད་མིའི་སློབ་ཡོན་གྱི་མི་འགྲོ་འདེམས་སྒྲུག་ཆེད་སྔོན་འགྲོའི་ཡིག་རྒྱུགས་གོ་སྒྲིག་ཞུས་པ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སིམ་ལ་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་དང་འབྲེལ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།༢༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་གནད་དོན་ཐོག་བཀའ་བསྡུར་གནང་བ།༣༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་སོགས་དང་མཇལ་འཕྲད་གནང་བ།༤༽ སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གཤེགས་པའི་གནད་དོན་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ་བ།༥༽ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱི་གསང་རྒྱའི་དམ་འབུལ་ཞུས་པ།
༡༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤི་ཏི་ཏ་པོ་དགོན་དང་ལྕོག་ལ་ཡུལ་གསུམ་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཐེངས་བདུན་པ་དབུ་འཛུགས་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྒྱུ་རྩལ་དུས་སྟོན་གྱི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་གནང་བ།༤༽ སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེའི་སྲིད་འཛིན་ཨར་ནོ་ཀོམ་པཊ་ཤར་མཆོག་དང་ལྷན་དུ་ཝིཌ་མན་ཕོ་བྲང་དུ་མཇལ་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་དང་བྷོལ་ཛ་ནོའི་གཞུང་གཉིས་དབར་འབྲེལ་བ་དམ་གཟབ་ཏུ་བཏང་བ།༥༽ སྦར་སིལ་སྐུ་ཚབ་དོན་གཅོད་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་བ།
༡༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དོན་བརྒྱུད་འབྲུག་པ་དཀར་བརྒྱུད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་འབུལ་བའི་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།༣༽ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུད་རྒྱུན་ལས་རྣམ་པས་འཇར་མན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གཉིས་དང་མཇལ་འཕྲད་གནང་བ།༤༽ བདེ་སྲུང་བཀའ་བློན་མཆོག་གིས་དྷ་ས་མེག་གྷན་སྐོར་སྲུང་འགོ་དཔོན་དང་མཇལ་འཕྲད་ཀྱིས་ས་གནས་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀའ་སྡུར་གནང་བ།༥༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བདམས་ཐོན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་ལས་འཁུར་དམ་འབུལ་ཞུས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཕོ་བྲང་དུ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབར་མའི་ནང་ས་འགུལ་གྱི་གོད་ཆག་བྱུང་བར་ཐུགས་གསོ་མཛད་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་སྲིད་བློན་གསར་པ་སྐུ་ཞབས་མཱརྐ་ཀཱར་ནི་མཆོག་ལ་འཚམས་འདྲི་ཞུས་གནང་བ།༤༽ ཕྱི་དྲིལ་ལས་ཁུངས་ནས་དྷ་ས་ཁུལ་གྱི་གསར་འགྱུར་ལས་ཁང་ཁག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ལ་གུང་ཚིགས་གསོལ་སྟོན་གོ་སྒྲིག་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་ཆུང་གྲྭ་ཚང་གིས་རྒྱལ་པོ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ ཨ་རིའི་སྲིད་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་བསྐྱར་ནན་གནང་བའི་ཕྱག་བྲིས་ཤིག་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མར་ཁོ་རུ་བྷི་ཡོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་གནས་ཐོག་ཕུལ་བ།༣༽ ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སོ་དགུ་པ་ལེགས་གྲུབ་ཟིན་པ།༤༽ མཉམ་འབྲེལ་རགྱལ་ཚོགས་སུ་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་བསྒྲགས་གཏམ་སྤེལ་བ།༥༽ བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཡུ་རིབ་གྲོས་ཚོགས་སུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཐེངས་ ༦༦ པ་སྲུང་བརྩི་དང་བསྟུན་བོད་ཆེད་དུ་ཉིན་གཅིག་ཅེས་པའི་ལས་འགུལ་སྤེལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ཉིན་མོ་སྲུང་བརྩི་ཞུས་པ།༣༽ ནིའུ་འཇར་སི་ནང་གི་ཤར་རཱ་ཐར་ཕོར་ཌི་གྲོང་སྡེ་ལས་ཁུངས་མདུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ།༤༽ གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་བ།༢༽ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཉིས་པ་བསྐོང་ཚོགས་གནང་བ།༣༽ ནི་དར་ལེནྜ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སུམ་སྟོང་ལྷན་མཉམ་ཞུགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།༤༽ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་གནང་བ།
༡༽ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་སྨར་ཁམས་གཞིས་བྱེས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་ཆེད་བཅར་གནང་བ།༢༽ བེལ་ཇི་ཡམ་ཚོགས་པ་ཆེ་ཁག་ལྔ་མཉམ་འདུས་ཀྱིས་རབ་གནས་ཤིང་སྦྲུལ་ལོའི་ལོ་གསར་རྒྱས་སྤྲོས་མེད་པར་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།༣༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༨ པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གསུང་བཤད་གནང་བ།༤༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ འགོ་འཛུགས་དང་བསྟུན་སུད་སི་བོད་མི་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ངོ་རྒོལ་སྐད་འབོད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།༢༽ བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ཚོགས་ཆེན་བསྐོང་ཚོགས་གནང་བ།༣༽ ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཐོག་གསུང་བཤད་གནང་བ།༤༽ ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་བྱང་ཨ་རིའི་མངའ་སྡེ་བཞིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་པར་རིས་འགྲེམས་སྟོན་ལེགས་པར་མཇུག་སྒྲིལ།༥༽ དཔལ་ལྡན་སྲིད་སྐྱོང་མཆོག་གི་སྦེལ་ཀོབ་ལུགས་བསམ་བདེ་སླར་གཉིས་ཀྱི་འཚམས་གཟིགས་ལེགས་གྲུབ་བྱུང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ལ་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་བ།༢༽ ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།༣༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་སུ་གྲགས་པའི་དུས་སྟོན་ཐོབ་ཕེབས་ཞུགས་གནང་བ།༤༽ ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་པ།
༡༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་སེར་བྱེས་སྨད་གཉིས་སུ་གནས་གཟིགས་དང་འབྲེལ་དགེ་འདུན་འདུས་མང་ཡོངས་ལ་གསུང་བཤད་གནང་བ།༢༽ ཨོ་སྟྲེ་ལི་ཡའི་བོད་རིགས་གཞོན་སྐྱེས་རྣམས་ལ་འགོ་ཁྲིད་དང་ཞུ་གཏུག་སྦྱོང་བརྡར་སྐབས་རི་སྔོན་པོ་གྲོང་སྡེ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས།༣༽ ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ལྕགས་མཁར་གཏོར་རྒྱག་ཆེན་མོའི་སྐབས་མགྲོན་འབོད་ལྟར་ཆེད་ཕེབས་གནང་བ།༤༽ མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་རྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མི་ཀ་ཊར་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་རྩལ་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་པ།༤༽ རྒྱ་ནག་གཞུང་གིས་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་། ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་འགན་འཛིན་གཙོས་པའི་འབྲེལ་ཡོད་མི་སྣ་ ༢༠ ལ་སྲིད་དོན་ཉེས་ཆད་བཀལ་བར་བོད་མིའི་སྒྲིག་འཛུགས་ནས་ངོ་རྒོལ་གནང་བ།༥༽ རྒྱ་ནག་དམར་གཞུང་གིས་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་། ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པར་སྲིད་དོན་ཉེས་ཆད་བཀའ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ་སྤེལ་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་མངའ་སྡེ་ནིའུ་མེཀ་སི་ཁོའི་གྲོང་ཁྱེར་སེན་ཊ་ཕེ་དང་། ཡུ་ཊའི་གྲོང་ཁྱེར་སོལཊ་ལེཀ་སི་ཊི། ཨོ་རི་གོན་མངའ་སྡེའི་གྲོང་ཁྱེར་པོཊ་ལེནྜ་བཅས་སུ་ཕེབས་ཏེ་ཁུལ་དེ་དག་གི་གཞོན་སྐྱེས་དང་། བོད་རིགས་མཐུན་ཚོགས་དང་ལྷན་མཇལ་མོལ་གྱི་གསུང་བཤད་གནང་ཡོད།༢༽ རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ནིའུ་ཡོག་དང་ཀོ་ལོ་རེ་ཌོར་འཚམས་གཟིགས་ཀྱིས་ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།༤༽ ཨོ་སྟྲེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོ་གླིང་གི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཀེ་ཝིན་ཨེན་ཌི་རིའུ་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་གསུང་འཕྲིན་གནང་བ།༥༽ ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གསར་འདེམས་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གསར་པར་འཚམས་འདྲིའི་མཇལ་འཕྲད་དང་། བོད་དོན་ཞུ་སྐུལ་གནང་བ།༢༽ ཆོས་རིག་དྲུང་ཆེ་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོར་ཕེབས་པ།༣༽ ལྡི་ལི་བོད་ཁང་གིས་གོ་སྒྲིག་ཞུས་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཅེས་པའི་བགྲོ་གླེང་ཚོགས་འདུར་ཤེས་རིག་བཀའ་བློན་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།༤༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛི་རཱ་ཛེ་ཡ་མཆོག་དང་མཇལ་འཕྲད་གནང་བ།
༡༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཁྲི་འདོན་མཛད་སྒོར་ལྷན་ཞུགས་གནང་བ།༢༽ རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འགོ་འཛིན་ཁག་ཅིག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲིའི་མཇལ་བཅར་ཞུས་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སྒྱུ་རྩལ་ལམ་ནས་བོད་དོན་དྲིལ་བསྒྲགས་བྱ་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས།༤༽ སྭི་ཌན་དུ་ཡུ་རོབ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཚོགས་པ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁུ་ནུ་ནང་པའི་དགོན་སྡེ་དང་ཡུལ་སྡེ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བྱང་ཨ་རི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཐེངས་ ༢༢ པའི་དབུ་འབྱེད་མཛད་སྒོར་ཕེབས་ཞུགས་ཀྱིས་གསུང་བཤད་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀ་ཊ་ལན་གྲོས་ཚོགས་སུ་བོད་དོན་སྐོར་ཉན་ཞིབ་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྷར་སི་ལོ་ནར་བོད་མི་རྣམས་ལ་གསུང་བཤད་གནང་བ།༣༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས་ཀུ་ལུ་དཔལ་རབ་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་ཏུ་གཟིགས་སྐོར་གནང་བ།༤༽ ཤེས་རིག་ལས་ཁུངས་ནས་མེའོ་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་དགུན་དུས་འགོ་ཁྲིད་ཟབ་སྦྱོང་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཐེངས་དང་པོ་པོར་ཅུ་གྷལ་དུ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་གཏུག་གནང་བ།༢༽ ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་གོ་རྟོགས་སྤེལ་བ།༣༽ དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སོགས་མཇལ་འཕྲད་ཀྱིས་མུ་མཐུད་གཞུང་འབྲེལ་ལས་རིམ་བསྐྱངས་པ།༤༽ བོད་མི་ཁོར་ཡུག་ལས་འགུལ་བ་ཀརྨ་བསམ་གྲུབ་ལགས་བཙོན་གྲོལ་བཏང་ནའང་ནད་གཅོང་དུ་གྱུར་འདུག༥༽ ཤེས་རིག་ལས་ཁུངས་ནས་མ་སུ་རི་ཁྱབ་ཁོངས་སློབ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམས་ལ་སློབ་གྲྭའི་འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབུམ་སྡེ་ལ་ཁུལ་གྱི་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།༢༽ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་གནང་བ།༣༽ སྦེལ་ཀོབ་སཾ་བྷོ་ཊའི་སློབ་མ་ཁག་ཅིག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བསྟན་འཛིན་སྒང་གཞིས་མི་རྣམས་ལ་གསུང་བཤད་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་ལུ་ག་ར་མང་ཚོགས་ལ་གསུང་བཤད་གནང་བ།༢༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༩ པའི་ཐོག་བོད་མིའི་སྐུ་ཚབ་ནས་བོད་མདོ་ཁམས་སྡེ་དགེའི་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་གནོད་སྐྱོན་སྐོར་གསལ་སྟོན་གནང་བ།༣༽ ཨི་ཊ་ལིའི་རོགས་ཚོགས་ཁག་ཅིག་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་དུ་ཕེབས་པ།༤༽ སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་གཙོས་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཀྱིས་ས་ཆ་བོགས་གཏོང་དུས་འགྱངས་ཞུ་རྒྱུའི་གནད་དོན་སྐོར་ཞུ་སྐུལ་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐོག་གསུང་བཤད་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་བ།༢༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དབུ་འབྱེད་གནང་བ།༣༽ ཕྱི་དྲིལ་ལས་ཁུངས་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་གལ་གནད་སྐོར་གསུང་བཤད་ལས་རིམ་གོ་སྒྲིག་གནང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་མང་ཚོགས་ལ་གསུང་བཤད་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧིམ་གློག་བརྙན་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་དུ་ཕེབས་ཞུགས་ཀྱིས་གསུང་བཤད་གནངབ།༢༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཅོ་ལྔས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བློ་འཚབ་དང་དེ་དོན་ཡར་རྒྱས་གཏོང་དགོས་པའི་རེ་སྐུལ་གནང་བ།༣༽ དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།༤༽ བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་སྦེང་ལོར་ཁུལ་གྱི་གཙུག་ལག་ཁང་ཁག་ཅིག་ཏུ་བོད་དོན་སྐོར་གོ་རྟོགས་སྤེལ་བ།༥༽ ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཕི་ལི་པིན་དུ་དཔོན་རིགས་མཇལ་འཕྲད་དང་བོད་དོན་གོ་རྟོགས་སྤེལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འཐོབ་མཁན་ཉི་འོང་གི་ནི་ཧོན་ཧི་དན་ཀྱོ་ཚོགས་པར་འཚམས་འདྲི་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐོག་མཉམ་ཞུགས་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལཀ་སམ་བརྒ་རུ་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱི་བོད་དོན་ཞུ་གཏུག་གནང་བ།༤༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ཏུ་གནད་ཡོད་མི་སྣ་དང་མཇལ་མོོལ་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་གི་བདམས་ཐོན་སྲིད་བློན་སྐུ་ཞབས་ཤི་གེ་རུ་ཨི་ཤི་བཱ་མཆོག་ལ་འཚམས་འདྲི་མཛད་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཀཱར་ཊར་མཆོག་དགུང་གྲངས་བརྒྱ་ཐམ་པར་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་འོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་བ།༤༽ དཔལ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གྱི་བརྟན་བཞུགས་སྐབས་བོད་མིའི་སྒྲིག་འཛུགས་ནས་ཀྱང་བརྟན་བཞུགས་འདེགས་འབུལ་ཞུས་པ།༥༽ དབུས་འོས་བསྡུ་ལས་ཁང་གི་བདམས་ཐོན་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་བདམས་ཐོན་ཚོགས་མི་དྷ་ས་བོད་ཁྱིམ་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་ནས་ལས་འཁུར་དམ་འབུལ་ཞུས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་རྩལ་བ།༣༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྡེ་ར་ལྡུན་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་སྐབས་བོད་མི་རྣམས་ནས་བོད་ཀྱི་གནད་དོན་ཞུ་གཏུག་བྱ་བར་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་པའི་ནན་བརྗོད་གནང་བ།༤༽ ཨ་རིའི་མལ་ས་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་དོན་ལ་རྒྱབ་སྐྱོར་གཡོ་མ་མེད་པ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་འགྲེམས་སྟོན་ཁང་གཉིས་ནས་བོད་མིང་བསྒྱུར་བཅོས་བྱས་པར་ཐུགས་འཚབ་བསྟན་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ།༤༽ བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་ཁྱབ་གཞེན་སྐུལ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེན་དྲ་མོ་དྷི་མཆོག་གི་སྐྱེས་སྐར་ལ་འཚམས་འཕྲིན་རྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་རྣམས་ལ་ཆོས་འབྲེལ་རྩལ་བ།༣༽ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་བ།༤༽ ཨ་རི་མི་ནི་སོ་ཊར་བོད་མིའི་སློབ་གྲྭ་གསར་འཛུགས་ཆོག་པའི་བཀའ་ཁྲོལ་ཐོབ་འདུག༥༽ ཤེས་རིག་ལས་ཁུངས་ནས་དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་ཡུལ་དད་ལྡན་མི་མང་གིས་བརྟན་ཞུགས་བསྟར་འབུལ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩ་ཁང་གི་ཚོགས་མི་རྣམས་ལ་མཇལ་ཁ་གནང་བ།༣༽ བོད་ཀྱི་དུས་སྟོན་མཛད་སྒོའི་ཐོག་ཨ་རིའི་གཞུང་ཚབ་ཨེ་རིག་གྷར་སིཊ་ཊི་མཆོག་གིས་ཨ་རི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ནན་བརྗོད་གནང་བ།༤༽ ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།
༡༽ བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༣༦ སྲུང་བརྩི་གཟབ་རྒྱས་ཞུས་པ།༢༽ རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཀྱི་ཁྱད་ནོར། བྱམས་སྙིང་རྗེ་དང་རིག་གཞུང་དུས་སྟོན་སྲུང་བརྩི་གནང་བ།༣༽ ཌལ་ཧོར་ཕུན་ཚོགས་གླིང་ས་འཐུས་སྐབས་ ༨ པའི་དམ་འབུལ་དང་། ས་གནས་སུ་ཁྲིམས་ལུགས་གོ་རྟོགས་སྤེལ་བ།༤༽ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་བདམས་ཐོན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་བདམས་ཐོབ་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་རྣམ་གཉིས་ནས་ལས་འཁུར་དམ་བཅའ་ཕུལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་གི་སྐུ་ཚབ་ནས་མཇལ་བཅར་ཞུས་པ།༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་པ།༤༽ ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱངས་པ།༢༽ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ལ་རང་བཙན་ཐོབ་སྟེ་ལོ་ངོ་ ༧༨ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།༣༽ ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་ཆེད་ཉིན་དྲུག་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་དང་། ནིའུ་ཡོག སྦོས་ཊོན་བཅས་སུ་སྐོར་བསྐྱོད་ལེགས་པར་མཇུག་སྒྲིལ་བ།༤༽ ལྷོ་ཕྱོགས་ས་གནས་ཁག་དྲུག་གི་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་ཕུལ་བ།
༡༽ བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་དང་བསྟུན་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་བ།༢༽ མོན་གྷོ་འདོད་རྒུ་གླིང་ས་འཐུས་སྐབས་ ༡༢ པའི་དམ་འབུལ་དང་། ས་གནས་སུ་ཁྲིམས་ལུགས་གོ་རྟོགས་སྤེལ་བ།༣༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་པ་ཨིནྡྲེཤ་ཀུ་མཱར་ལགས་ལ་ཕེབས་བསུ་གནང་།༤༽ བཙན་བྱོལ་བོད་མིའི་ཚོང་པ་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་བ།༥༽ ཆོས་སྡེ་ཁག་གི་དགེ་རྒན་རྣམས་ལ་གཞི་རིམ་སློབ་ཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀེ་ར་ལ་མངའ་སྡེའི་ཝ་ཡ་ནཌ་ས་ཁུལ་དུ་ས་རུད་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་འཕོག་པར་ཐུགས་གསོ་མཛད་པ།༢༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་གཟིགས་སྐོར་ལེགས་གྲུབ་ཟིན་པ།༣༽ སྐབས་བདུན་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི་གསར་བསྐོ་དང་འབྲེལ་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་བདུན་པ་ལེགས་གྲུབ་ཟིན་པ།༤༽ དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབྱར་དུས་བོད་ཀྱི་ཟློས་གར་རྒྱུ་རྩལ་སྦྱོང་བརྡར་གྱི་མཇུག་སྡོམ་མཛད་སྒོར་ཕེབས་ཞུགས་གནང་བ།༥༽ ཉི་འོང་སྐུ་ཚབ་དོན་ཁང་ནས་ཟླ་གྲངས་གསུམ་རིང་གི་བོད་ཀྱི་སྐད་ཡིག་ཟབ་སྦྱོང་གོ་སྒྲིག་གནང་བ།
༡༽ ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཨ་རིའི་གྲོས་ཚོགས་གོང་མའི་ནང་འཚོགས་པ།༢༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཀོ་ལི་གྷལ་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་གནང་བ།༣༽ པེ་རི་སིའི་ཨོ་ལོམ་པིག་རྩེད་འགྲན་ཆེན་མོའི་དབུ་འབྱེད་མཛད་སྒོར་བོད་མིའི་སྐུ་ཚབ་ཚོགས་ཆུང་ཞིག་སྐུ་མགྲོན་དུ་མགྲོན་འབོད་གནང་བ།༤༽ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་སྤྱི་ཟུར་དཔལ་ཁང་ཉི་མ་དོན་གྲུབ་ལགས་བོད་པའི་སློབ་གྲྭ་ཁག་ལ་གཟིགས་སྐོར་ལེགས་གྲུབ་ཟིན་པ།༥༽ ཀང་རའི་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་བོད་མིའི་སྒྲིག་འཛུགས་སུ་ཕེབས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་གྲོས་ཚོགས་དང་ཡུ་རོབ་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲི་མཛད་པ།༢༽ ཨ་རིའི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ནས་དགའ་སྟོན་གྱི་མཛད་སྒོ་ཚོགས་པ།༣༽ དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཨ་རིའི་སྲིད་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དང་། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐབ་ཐང་ལ་རྒྱབ་སྐྱོར་གྱིས་གྲོས་ཆོད་སྤྱི་མོས་ཀྱི་གཏན་འབེབས་གནང་བར་དགའ་སྟོན་གྱི་མཛད་སྒོ་ཚོགས་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལ་དྭགས་གླེ་བྱང་གཉིས་ཀྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ།༥༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་དང་མཇལ་མོལ་གནང་བ།
༡༽ བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཨ་རིའི་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་གནས་སྡོད་བོད་མིའི་བདེ་དོན་ལ་གཟིགས་སྐྱོང་གནང་བ།༣༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་ཉི་འོང་གི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་སྒྲིལ།༤༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ཕེབས་པའི་འཁྲུངས་སྐར་ལ་གསུང་འཕྲིན་རྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཞུང་འབྲེལ་གཞིས་ཆགས་འཚམས་གཟིགས་ཐེངས་གཉིས་པ་ལ་དྭགས་ནས་དབུ་འཛུགས་གནང་བ།༤༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཀྲོག་ཀྱོ་གཙུག་ལག་སློབ་ཁང་དུ་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་བ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅོ་བརྒྱད་པའི་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཨོམ་བིར་ལཱ་མཆོག་ལ་འཚམས་འདྲི་གནང་བ།༢༽ སྐུ་ཞབས་ཨོམ་བིར་ལཱ་མཆོག་སླར་ཡང་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློ་ཆེན་པདྨ་མཁའ་འགྲོ་མཆོག་གི་མ་ཡུམ་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།༤༽ ཐའི་ཝན་སྐུ་ཚབ་དོན་གཅོད་ནས་ཐའི་ཝན་ནང་སྲིད་བློན་ཆེན་གཞོན་པ་དང་མཇལ་མོལ།༥༽ ཆོས་རིག་ལས་ཁུངས་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་ཆེད་བཞུངས་སྒར་རྡ་རམ་ས་ལ་ཉེ་ཁུལ་དགོན་སྡེ་ཁག་བདུན་གྱི་ཡིག་ཚགས་རྟོག་ཞིབ་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་གིས་བི་ཧར་མངའ་སྡེའི་གནས་ཆེན་རྒྱལ་པོའི་ཁབ་ཏུ་ནཱ་ལནྜའི་གཙུག་ལག་སློབ་གཉེར་ཁང་གསར་རྒྱག་ལེགས་གྲུབ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དྲཽ་པ་དཱི་མུརྨུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།༣༽ སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་མ་སུ་རིར་བསྐོང་ཚོགས་གནང་བ།༤༽ བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་འགོ་འཛུགས་གནང་བ།༥༽ དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་རོགས་ཚོགས་ཀྱི་ལས་གཞིའི་འགན་འཛིན་གཞོན་པ་མཆོག་དང་མཇལ་འཕྲད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།༢༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གིས་མང་གཙོ་ཞབས་ཞུའི་་གཟེངས་རྟགས་གནང་བ།༣༽ ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས།༤༽ ཡུ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་བརྒྱ་ལྷག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ།༥༽ ཨ་རིའི་གསང་བའི་སྡེ་ཚན་གྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་ས་གནས་སུ་དྲན་རྟེན་གྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གཞུང་འབྲེལ་མཉམ་ཞུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་གཙོས་པའི་རྒྱལ་ཡོངས་མང་གཙོ་མཐུན་སྦྲེལ་ཚོགས་པར་གྲོས་ཚོགས་འོག་མའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་དང་། རྒྱལ་ཡོངས་མང་གཙོ་མཐུན་སྦྲེལ་ཚོགས་པར་གྲོས་ཚོགས་འོག་མའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བ།༣༽ ཁེ་ན་ཌའི་ནང་གི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས།༤༽ ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ཏེ་བགྲང་བྱ་ ༣༥ འཁོར་བའི་དུས་ཆེན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་རྗེས་དྲན་གྱི་གསུང་འཕྲིན་སྩལ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རབས་དང་། གལ་ཆེའི་ལས་དོན་ཇི་བྱས་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས་དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོ་བསྐོང་ཚོགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་དབུ་འཛུགས་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ལོ་འཁོར་ཁང་ཚན་ནང་ཁུལ་གྱི་ལྷ་གཞུང་འཁྲབ་སྟོན་གྱི་འགྲན་བསྡུར་དུ་དབུ་འཞུགས་གནང་བ།༣༽ རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཤ་ཤི་ཐ་རུར་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།༤༽ མགོན་པོ་སྐྱིད་ལགས་ཀྱིས་པེ་ཅིང་མི་མང་ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་འགྱོད་གཞི་ཆེད་མངགས་འགོར་འགྱངས་སུ་གཏོང་གི་ཡོད་པའི་སྐྱོན་འཛུགས་གནང་འདུག
༡༽ བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་བསྐོང་ཚོགས་གནང་བ།༢༽ ཆོས་སྡེ་ཁག་ནང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་འགོ་འཛུགས།༣༽ ཉི་འོང་གྲོས་ཚོགས་འཐུས་མི་ཟུར་པ་ན་ག་ཧོ་ཏ་ཀ་ཤི་མཆོག་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧི་རོ་ཨོ་ཀ་མཆོག་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་བ།༤༽ ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱི་མོས་ཐོག་གཏན་འབེབས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་རྩལ་བ།༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་དུ་བོད་མིའི་རང་དབང་འཐབ་རྩོད་དང་། ཕ་རན་སིས་རྒྱ་ནག་ལ་གདོང་ལེན་གནང་ཕྱོགས་སྐོར་གསུང་བཤད་གནང་བ།༣༽དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་སཱུ་ཤཱིལ་ཀུ་མཱར་མོ་དྷི་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་བ།༤༽ ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་རྒྱ་གཞུང་གིས་གར་སོང་ཆ་མེད་དུ་བཏང་ནས་ལོ་ངོ་ ༢༩ འཁོར་བའི་དུས་དྲན་ཉིན་བོད་མིའི་སྒྲིག་འཛུགས་ནས་ཁོང་གི་གནས་སྟངས་སྐོར་བློ་འཚབ་བསྟན་པ།༥༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཡན་ལག་དང་བཅས་པར་གཟིགས་སྐོར་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་གནང་དགོས་པའི་ནན་སྐུལ་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ལ་དགེ་སྐུལ་གསུང་འཕྲིན་རྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཚོས་བོད་དོན་སྲིད་བྱུས་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་པ།༣༽ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷ་རཏ་ཏིབྦཏ་སཧ་ཡོག་མནྕ་ཞེས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།༤༽ གཟིག་རྒྱབ་རིན་པོ་ཆེས་ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར་གསལ་སྟོན་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་སུ་ལྷན་ཞུགས་དང་། ཡུ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་མུ་མཐུད་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་འཕྲད་ཀྱིས་ཕྱོགས་གཉིས་བར་མཉམ་ལས་གནང་འཆར་སྐོར་གྲོས་མོལ་གནང་བ།༣༽ ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་སྐབས་གཉིས་པའི་བསླབ་པ་མཐར་སོན་དང་། ས་པཎ་ལྔ་རིག་མཐོ་སློབ་ཀྱི་སྐབས་དང་པོའི་བསླབ་པ་མཐར་སོན་མཛད་སྒོར་བཅར་བ།༤༽ ཕ་རན་སིའི་སྲིད་འཛིན་མེག་རོན་མཆོག་ལ་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བོད་དོན་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་པ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སིའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ཨེ་མེ་ནོལ་མེག་རོན་མཆོག་མཇལ་འཕྲད་གནང་བ།༣༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།༤༽ བེལ་ཇ་ཡམ་མངའ་སྡེའི་གྲོས་ཚོགས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་སྤེལ་བ།༥༽ མེག་སི་ཀོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཀྱི་ཚོགས་འདུ་བསྐོང་ཚོགས།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་རྩལ་བ།༢༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་མངའ་སྡེ་ཧི་མཱ་ཅལ་དུ་རྟེན་གཞི་བྱས་པའི་བོན་གཞིས་ཌོ་ལན་ཇི་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་དབུ་འབྱེད་མཛད་སྒོར་ཕེབས་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་མངའ་སྡེ་ཝར་མོཎ་ཊ་དང་། གྲོང་ཁྱེར་སྦོ་སི་ཊོན་ནང་གི་གཞུང་འབྲེལ་འཚམས་གཟིགས་གནང་བ།༤༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་དང་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་གནང་བ།
༡༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་བཞུགས་སྒར་དྷ་སའི་ཉེ་ཁུལ་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་འགོ་བཙུགས་པ།༢༽ བོད་ཀྱི་ཞོ་སྟོན་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་བ།༣༽ བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ནེ་ཐར་ལེནྚ་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་སྐུ་ཚབ་ཝིམ་གྷི་རིག་ལགས་དང་མཇལ་འཕྲད་གནང་བ།༤༽ ཨ་རིའི་ཧར་ཝ་ཊི་གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌིའི་ཤེས་ཡོན་ལྟེ་གནས་ཁང་གི་ཁྱབ་ཁོངས་འགོ་ཁྲིད་དང་། བདེ་སྐྱིད་བརྟག་དཔྱད་ཁང་གི་འགན་འཛིན་སློབ་དཔོན་སྐུ་ཞབས་ཨར་ཐུར་བྷུ་རུག་སི་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་འབྲེལ་ཡོད་ཆེད་ལས་མི་སྣར་བཀའ་སློབ་རྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རིས་མེད་ཆོས་ཚོགས་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་བ།༣༽ ཡུ་རོབ་གྲོས་ཚོགས་སུ་བོད་དོན་ཆེད་དུ་ཡུ་རོབ་ཅེས་པའི་ལས་འགུལ་དབུ་འཛུགས་གནང་བ།༤༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་དྭགས་བླ་མ་བློ་བཟང་དམ་པའི་དྲན་རྟེན་ཐུགས་གསོའི་ཚོགས་འདུར་མཉམ་ཞུགས་གནང་བ།
༡༽ བོད་སོག་གི་འབྲེལ་ལམ་གོང་མཐོར་གཏང་རྒྱུའི་ཆོད་སེམས་དང་བཅས་བོད་སོག་གི་འབྲེལ་ལམ་ཚོགས་འདུ་ཐེངས་དང་པོ་མཇུག་སྒྲིལ།༢༽ ཨོ་སྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་ནས་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ཇེ་ནི་ཊི་ར་ཧི་སི་ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།༣༽ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་མཇུག་སྒྲིལ།༤༽ བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་ཡིག་རྒྱུགས་སྦྱངས་འབྲས་རྩེར་སོན་རྣམས་ལ་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོར་ཕེབས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་སྙིང་རྗེའི་སྤྱོད་པ་ལ་འཇུག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་པ།༢༽ ཨ་རིའི་གྲོས་ཚོགས་གོང་མས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་པ།༣༽ ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཐུགས་འཚབ་དང་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ།༤༽ ཕྱི་དྲིལ་ལས་ཁུངས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ས་གནས་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ལྷན་འཛོམས་ཀྱི་གུང་ཚིགས་འདུ་འཛོམས་ཤིག་གོ་སྒྲིག་གནང་བ།༥༽ རྒྱ་གར་ཞི་མཐུན་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་མར་ཊིན་ལུ་ཐར་ཀིང་ཇུ་ནི་ཡར་མཆོག་གི་སྲས་དང་། ༸གོང་ས་ཏཱ་ལའི་བླ་མའི་བསྟི་གནས་ཁང་གི་ཚོགས་མི་ལས་བྱེད་རྣམས་དང་མཇལ་མོལ་གནང་བ།༢༽ སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་གནང་བ།༣༽ ནི་དར་ལེནྜ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་ཝིམ་གྷི་རིཊ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཁམས་སྡེ་དགེར་བོད་མི་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བ།༤༽ བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་སྤེལ་བ།༥༽ ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ལ་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
༡) གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།།༢) བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པ།༣) བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ ཉིན་མོར་སྲུང་བརྩི་ཞུས་པ།༤) བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་ཨོསྟྲེ་ཡ་དང་འཇར་མ་ནཱིའི་གྲོས་ཚོགས་འཐུས་མི་རྣམ་པས་གསར་འགོད་གསལ་བསྒྲགས་གནང་བ།༥) བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཅིག་པ་བསྐོང་ཚོགས་གནང་བ།
༡) དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ།༢) མེས་དབོན་གཙུག་ལག་གློབ་གྲྭའི་སློབ་དགེ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལག་བསྟར་ཟབ་སྦྱོང་གནང་བ།༣) སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་ཚོགས་པ།༤) ཤེས་རིག་ལས་ཁུངས་ནས་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུས་པ།༥) དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་སྟོན་གྱི་ཉིན་མོར་སྐུ་མགྲོན་གཙོ་བོར་གཞུང་འབྲེལ་དུ་ཕེབས་གནང་བ།
༡) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་ཆོས་འབྲེལ་བཀའ་དྲིན་སྩལ་བ།༢) རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ལེགས་པར་མཇུག་སྒྲིལ་བ།༣) དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བ།
༡) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕིན་ལེནྚ་གྱི་བདམས་ཐོན་སྲིད་འཛིན་ཨེ་ལེག་ཛེན་ཊར་སི་ཊུབ་མཆོག་ལ་འཚམས་འདྲི་མཛད་པ།༢) རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་པ།༣) བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ལྔ་བཅུའི་དུས་དྲན་དུ་གཞུང་འབྲེལ་ཕྱོགས་ཕེབས།༤) བོད་མི་ཚོ་སྙན་གྲགས་ཅན་གྱི་ཨོ་གླིང་རིག་གཞུང་སྣ་མང་དུས་ཆེན་ལ་མཉམ་ཞུགས་གནང་བ།༥) ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་བ།
༡) དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལཱཏ་ཝི་ཡཱའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་ཏེ་བོད་དོན་འཐབ་རྩོད་སྐོར་གྲོས་མོལ་གནང་བ།༢) དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྷལ་ཊིག་རྒྱལ་ཁབ་ཏུ་ཕྱོགས་ཕེབས་སྐབས་རྒྱ་ནག་གཞུང་ནི་འབྱུང་འགྱུར་ཡུ་རོབ་སྤྱི་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་གྱུར་ངེས་ཡིན་པའི་ཉེན་བརྡ་བཏང་གནང་ཡོད།༣) དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལི་ཐུ་ནི་ཡཱའི་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་འཕྲད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས།༤)༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ།༥) ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་ཞུ་གཏུག་དང་གཞོན་སྐྱེས་ནུས་པ་གོང་སྤེལ་གྱི་སྦྱོང་བརྡར་མཇུག་སྒྲིལ།
༡) ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་ཁྲིམས་དོན་གནས་བབ་སྐོར་ཉན་ཞིབ་གནང་བ།༢) འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་སྐབས་ཚོགས་མི་རྒྱལ་ཁབ་ཉི་ཤུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཐུགས་འཚབ་བསྟན་པ།༣) ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་རྒྱལ་ཡོངས་འགོ་ཁྲིད་ཚོགས་འདུར་ཕེབས་ཞུགས་གནང་བ།༤) དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་འཚེ་མེད་ཞི་བའི་ལམ་ལུགས་ཀྱི་ཐེབས་རྩའི་སྐུ་ཚབ་རེ་བོན་བན་ནེར་ཇི་ལགས་གཙོས་པའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།༥) སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་གྱི་བདམས་ཐོན་སྲིད་བློན་ཚེ་རིང་སྟོབས་རྒྱས་མཆོག་ལ་འཚམས་འདྲི་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐའི་ཝན་གྱི་བདམས་ཐོན་སྲིད་འཛིན་ལའི་ཆིང་ཏེ་མཆོག་ལ་འཚམས་འདྲི་མཛད་པ།༣༽ ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།༤༽ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་གཞུང་འབྲེལ་སྣེ་ཤན་ཞུ་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།༥༽ བལ་ཡུལ་དཔལ་འབྱོར་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་ཐོག་དཔལ་ལྡན་བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་གནང་བ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་སློབ་ཁག་གི་འགན་འཛིན་རྣམས་ནས་བོད་ཕྲུག་གི་ཤེས་ཡོན་ཐུགས་ཁུར་ཞབས་ཞུ་བསྒྲུབས་པར་ལེགས་གསོལ་བསྔགས་བརྗོད་གནང་བ།༢༽ ནང་སྲིད་ལས་ཁུངས་ནས་སྦེལ་ཀོབ་དང་ཧུན་སུར་བོད་མིའི་ཞིང་པ་རྣམས་ལ་སོ་ནམ་འདེབས་ལས་དང་འབྲེལ་བའི་སྦྱོང་བརྡར་གནང་བ།༣༽ ཉི་འོང་སྐུ་ཚབ་དོན་ཁང་ནས་ཉི་འོང་གི་ས་འགུལ་གོད་ཆག་ཁྲོད་གནོད་སྐྱོན་འཕོག་མཁན་རྣམས་ལ་བསྔོ་སྨོན་གསུང་འདོན་གྱི་འདུ་འཛོམས་གོ་སྒྲིག་གནང་བ།༤༽ ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཆུ་ཚོད་བརྒྱ་དང་བརྒྱད་ཀྱི་ཞི་བདེ་ཞེས་པའི་ལས་འགུལ་གྱི་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་བ།༥༽ ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭའི་འགན་འཛིན་རྣམས་ལ་དམིགས་པའི་འགོ་ཁྲིད་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འཇམ་པའི་དབྱངས་ཀྱི་རྗེས་གནང་རྩལ་བ།༣༽ ཆོས་རིག་ལས་ཁུངས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་རིག་གཞུང་དང་སྒྱུ་རྩལ་ལས་གཞིའི་སྐོར་གོ་རྟོགས་སྤེལ་བ།༤༽ ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།༥༽ ཉི་འོང་སྐུ་ཚབ་དོན་ཁང་གིས་ཀྲོག་ཡོར་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་བོད་དོན་སྐོར་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་མཆོད་རྟེན་ཆེན་མོ་རུ་འཛམ་གླིང་ཞི་བདེའི་སྨོན་ལམ་ལ་དབུ་བཞུགས་མཛད་པ།༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཛམ་གླིང་ལ་བོད་མཐོ་སྒང་གལ་ཆེ་ཚུལ་སྐོར་གསུང་བཤད་གནང་བ།༣༽ནང་སྲིད་ལས་ཁུངས་ནས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཐན་པའི་དཀའ་ངལ་འཕྲད་བཞིན་པར་རྟོག་ཞིབ་གནང་བ།༤༽བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་འབྲེལ་བའི་དྲྭ་ཐོག་ཚོགས་འདུ་བསྐོང་ཚོགས་གནང་བ།༥༽དཔལ་ལྡན་ཚོགས་གཙོ་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་འཁོད་པ།༢༽ ཡུ་རོབ་ཝི་ཡཏ་ནཱམ་ནང་པའི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་བ།༣༽ ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ནས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་བཙན་སྒྱུར་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་པ།༤༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཊོ་ནོལ་ཀྲོག་སི་མཆོག་པོ་ལེནྚ་གྱི་སྲིད་བློན་དུ་བསྐྱར་འདེམས་བྱུང་བར་འཚམས་འདྲི་མཛད་པ།༥༽ ཨིན་ཡུལ་གྲོས་ཚོགས་སུ་བོད་དུ་ནང་པ་ཚོར་སྡུག་སྦྱོང་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་ཞིབ་ལྷུག་གནང་བ།
༡ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒང་ཏོག་ཏུ་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྩལ་བ།༢ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།༣ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཧི་མཱ་ལ་ཡའི་དུས་སྟོན་གྱི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།༤ ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐེངས་ཉེར་བཞི་པའི་ཐོག་བོད་དོན་གླེང་སློང་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བའི་དུས་ཆེན་ཉིན་གསུང་འཕྲིན་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོསྟྲི་ཡཱ་རྒྱལ་ས་ཝིཡི་ནར་ཕེབས་འབྱོར་གནང་བ།༤༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་འོས་བསྡུ་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།༥༽ ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་བར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་ཞུས་པ།
༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཁེ་ན་ཊ་ཁུལ་གྱི་བོད་དོན་དྲིལ་བསྒྲགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་པ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཊའི་གྲོས་ཚོགས་ནང་ཕེབས་བསུ་ཞུས་པ།༤༽ཐའེ་ཝན་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ནས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་ཕེབས་བསུའི་མཇལ་བཅར་ཞུས་པ།༥༽ བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐའེ་ལེནྜ་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་གྱིས་ཉིན་གཉིས་རིང་ཐེ་ལན་ཌི་རྒྱལ་ཁབ་ནང་བསྐོང་ཚོགས།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་ཆབ་སྲིད་མི་སྣ་ཀ་རེལ་ཤ་ཝར་ཛེན་བག་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ།༢༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོསྟྲེ་ལི་ཡཱར་ཕེབས་འབྱོར་བྱུང་བ།༣༽ ཨོསྟྲེ་ལི་ཡཱར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་མཇུག་སྒྲིལ་བ།༤༽ རྒྱ་གར་ནང་བོད་དོན་ཞུ་གཏུག་སྤེལ་ཕྱོགས་ཀྱི་ལག་བསྟར་འཆར་གཞི་གཏན་འབེབས་དང་བཅས་རྒྱ་གར་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་མཇུག་སྒྲིལ་བ།༥༽ ཉི་འོང་དུ་རྒྱ་ནག་གཞུང་གི་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་འཛིན་བྱེད་པའི་བཀའ་ཁྱབ་ཨང་བཅུ་དགུ་པ་ཞེས་པའི་སྐོར་བགྲོ་གླེང་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རྒྱ་ནག་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་སར་རང་བྱུང་གི་རྐྱེན་ངན་གོད་ཆགས་སྔ་ཚོགས་བྱུང་བར་ཐུགས་གསོ་མཛད་པ། ༢༽ བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་དང་བསྟུན་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་བ། ༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཝ་ཧེ་ནང་རང་བྱུང་མེ་སྐྱོན་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་པ། ༤༽ ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་བྷལ་ཊིག་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་གཏུག་སླད་ཕྱོགས་ཕེབས་གནང་བ། ༥༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་ནང་ཆར་རུད་རྐྱེན་པའི་མི་གྲངས་ལྔ་བཅུ་ལྷག་གི་ཚེ་སྲོག་ཤོར་བར་ཐུགས་གསོ་མཛད་པ། ༦༽ ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཐའེ་ཝན་གློག་བརྙན་དུས་སྟོན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལམ་སྒྲོན་སློབ་གྲྭའི་ལྔ་བཅུའི་དུས་དྲན་དང་དབྱར་ཆོས་ཆེན་མོར་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་བ། ༢༽ རྒྱ་ནག་གཞུང་གི་ཉེན་རྟོག་པས་མགོན་པོ་སྐྱིད་ལ་སླར་ཡར་གཅར་རྡུང་བཏང་འདུག ༣༽ བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་ས་ཁྲའི་དུས་ཐུང་འགྲེམས་སྟོན་ཞིག་དབུ་འཛུགས་གནང་བ། ༤༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་བ། ༥༽ ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ། ༦༽ སིམ་སྤྱི་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ཤིབ་པྲ་ཏབ་ཤུཀ་ལ་མཆོག་ལ་ས་ཆ་བོགས་གཏོང་དང་འབྲེལ་བའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེནྜ་ཁུལ་གྱི་མཛད་འཆར་དབུ་འཛུགས་གནང་བ། ༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེནྜ་ཁུལ་གྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བ། ༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རིག་གནས་སྐྱེད་ཚལ་ཁང་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་དང་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་བ། ༥༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ཕེབས་ཞུགས་གནང་བ། ༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་འཛམ་གླིང་ཞི་བདེར་གལ་ཆེ་ཆགས་ཡོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་གི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་སྩལ་བ། ༢༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་གནང་བ། ༣༽བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་ཕྱི་རྒྱལ་གཞུང་ཚབ་ཁག་གི་གནད་ཡོད་མི་སྣ་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ། ༤༽ བུ་ཚེ་རིང་ལགས་སུ་ཀྲུ་མན་རེ་གྷན་རང་དབང་གི་གཟེངས་རྟགས་ཕུལ་བ། ༥༽ ལྡི་ལིར་བཀའ་སྤྱི་ལྷན་རྒྱས་ནས་ཕྱི་རྒྱལ་གཞུང་ཚབ་མི་སྣ་ཁག་ཅིག་ལ་བོད་དོན་ཞུ་གཏུག་ལེགས་གྲུབ་བྱུང་རྗེས་གསར་འགོད་གསལ་བསྒྲགས་བསྐྱངས་པ། ༦༽ ཨ་རིའི་རོགས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མིའི་སྒྲིག་འཛུགས་སུ་ཕེབས་པ། ༧༽ བཞུགས་སྒར་རྡ་རམ་ས་ལར་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་བསྐོང་ཚོགས་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེཊ་ཝར་རིན་ཀི་ཝིག་མཆོག་ལཱཏ་ཝི་ཡཱའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ཊི་ཤའི་ནང་མེ་འཁོར་བརྡབ་སྐྱོན་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་པ། ༣༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཧུན་སུར་རབ་རྒྱས་གླིང་དུ་ཕེབས་འབྱོར་གྱིས་ས་ཆའི་གནས་སྟངས་རྟོགས་ཞིབ་གནང་བ། ༤༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཚོགས་ཐུན་གྱ་ལྔ་པའི་ཐོག་རྒྱ་ནག་གཞུང་ནས་བོད་ཀྱི་བུད་མེད་ལ་དབྱེ་འབྱེད་མཚམས་འཇོག་དགོས་པའི་ནན་སྐུལ་གནང་བ། ༥༽ ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ། ༦༽ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཆུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་ཆོད་གཏན་འབེབས་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏུར་ཀིའི་སྲིད་འཛིན་གསར་པ་རེ་སེབ་ཏེ་ཡིབ་ཨིར་དོ་གན་མཆོག་ལ་མཚམས་འཕྲིན་སྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།༣༽ རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་དབྱར་གསོལ་སྤྱན་འདྲེན་ཞུས་པ།༤༽ ཕ་རན་སི་དང་སྦེལ་ཇམ་བོད་མིའི་སྐུ་ཚབ་རྣམས་ཕ་རན་སི་གྲོས་ཚོགས་གོང་མའི་ནང་མགྲོན་འབོད་གནང་བ།༥༽ སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐར་མོ་ཕི་ཤར་བཟོ་ཚོང་ཁང་ལ་ཉེན་བརྡའི་ཡིག་འབྲེལ་ཕུལ་བ།༦༽ དོན་གྲུབ་དབང་ཆེན་ལགས་ཀྱིས་ཉི་འོང་དུ་བོད་དོན་སྐོར་སྐྱོད་དང་གློག་བརྙན་གཟིགས་འབུལ་གནང་བཞིན་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་བསྒྲགས་གཏམ་ནང་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བསྐྲུན་རྒྱུའི་འབོད་སྐུལ་ལ་དགའ་བསུ་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཧི་མ་ཅཱལ་མངའ་སྡེ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་རྡ་སར་ཕེབས་འབྱོར་བྱུང་བ།༣༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་སྒྲིལ་བ།༤༽ སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་རྣམས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་བཙོན་གྲོལ་གཏོང་དགོས་པའི་བསྐྱར་ནན་ཞུ་འབོད་གནང་བ།༥༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བྷེང་ལོར་ཝིས་ཝེས་ཝ་ར་པུ་ར་ཁྲིམས་རིག་མཐོ་སློབ་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ། ༦༽༸རྒྱལ་བའི་གཟིགས་སྣང་དང་ཉམས་རྟོགས་གཙོ་བོར་འཁོད་པའི་དཔེ་དེབ་གཉིས་དབུ་འབྱེད་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།༧༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས་སིདྡཱ་ར་མཻ་ཡཱ་མཆོག་ཀརནཱ་ཊཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་གནང་བ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཤིབ་པྲ་ཏབ་ཤུཀ་ལ་མཆོག་དང་མཇལ་འཕྲད་གནང་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་བིནྡར་སིངྷ་སུཀ་ཁཱུ་མཆོག་དང་མཇལ་མོལ་གནང་བ།༣༽ ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀེན་མཆོག་གིས་བོད་ནང་གི་རིགས་རྫས་བསྡུ་ལེན་གྱི་གནད་དོན་སྐོར་ཐུགས་འཚབ་ཡོད་སྐོར་གསུངས་པ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སིམ་ལ་ཁུལ་གྱི་དགོན་སྡེ་དང་བོད་མི་འདུས་སྡོད་ས་གནས་ཁག་ཏུ་འཚམས་གཟིགས་གནང་བ།༥༽ ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ངོ་སྤྲོད་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བ།༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀུལླུ་མ་ན་ལི་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་ཡོངས་སུ་ལེགས་པར་མཇུག་སྒྲིལ་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་གསུམ་འཛོམས་ཉིན་མོར་གསུང་འཕྲིན་སྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཡུལ་གྱི་མི་རྗེ་ཅར་ལི་གསུམ་པ་མཆོག་གི་ཁྲི་འདོན་མཛད་སྒོར་འཚམས་འདྲི་སྩལ་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ནོར་ཝེ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཊེན་མག་ཁུལ་གྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བ།༥༽ དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བྷཱ་རཏ་ཏིབྦཏ་སཧཡོག་མཾཅ་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་ཆེན་ཐོག་གསུང་བཤད་གནང་བ།༦༽ འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་འཛུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།༧༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྷི་བྷི་སི་གསར་ཁང་གི་གཏམ་གླེང་ལེ་ཚན་སྐབས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བར་རེ་བ་འཆང་གི་ཡོད་ཅེས་གསུངས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་ཐོག་ཉན་ཞིབ་གནང་བ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་ཨིན་ཡུལ་གྱི་མང་གཙོའི་གླེང་སྟེགས་སུ་བོད་དོན་སྐོར་གསུང་བཤད་གནང་བ།༤༽ ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཡུ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་བ།༥༽ རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་ནས་རྒྱ་ནག་གཞུང་གིས་བོད་མིར་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པར་ཐུགས་འཚབ་བསྟན་པ།༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སི་ཀོཊ་ལེནཊའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་འཕྲད་གནང་བ།༧༽ དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྦེང་ལོར་བོད་རིགས་མི་མང་ལ་གསུང་བཤད་གནང་བ།༨༽ མེཀ་སི་ཀོ་གྲོས་ཚོགས་ནང་རྒྱ་ནག་གི་གཞུང་ཚབ་སླེབས་སྐབས་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ངོ་རྒོལ་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་བཀའ་སློབ་སྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།༣༽ ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བཅུ་གཅིག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་དྲི་ཞིབ་གནང་བ།༤༽ སི་པན་གྱི་གྲོས་ཚོགས་འཐུས་མི་སུམ་ཅུས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེའི་སྐོར་དྲི་རྩད་གནང་བ།༥༽ ཇར་མ་ནཱི་སྲིད་གཞུང་གིས་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་ཕྱིར་བསྡུ་བྱ་དགོས་པའི་རེ་སྐུལ་གནང་བ།༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་ཚུགས་པ།༧༽ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཙོས་པའི་ལས་བྱེད་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་རིགས་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ།༢༽ བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཆོལ་ཁ་གསུམ་གྱི་ཁྱད་ཆོས་མཚོན་པའི་གནའ་བོའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་ལྷན་ཚོགས་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ན་རྒྱ་གར་ཐེ་བའི་ཨེ་ཤི་ཡའི་ས་ཁུལ་དུ་བདེ་འཇགས་ཡོང་བར་ཕན་ཐོགས་ཐུབ་ཅེས་གསུངས་པ།༤༽ ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་རྟོག་ཞིབ་གནང་བཞིན་པ།༥༽ རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་རྒྱ་ནག་གཞུང་ནས་བོད་མི་ངལ་རྩོལ་བར་བཤུ་གཞོག་ཚབས་ཆེ་གཏོང་བཞིན་པར་བློ་འཚབ་བསྟན་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་བ།༣༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་བྱང་ཤར་ཤི་ལོང་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།༤༽ རྒྱ་གར་གཞུང་ནས་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་པདྨ་ཤྲཱིའི་གཟེངས་རྟགས་འབུལ་བཞེས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་པ།༥༽ ཤེས་རིག་བཀའ་བློན་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་ལེགས་པར་གྲུབ་པ།༦༽ བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་དབུ་འབྱེད་གནང་བ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཀྱི་ཚོགས་འདུའི་ཐོག་བོད་དོན་སྐོར་བདེན་དཔང་ངོ་སྤྲོད་གནང་བ།༢༽ བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པ་བསྐོང་ཚོགས་གནང་བ།༣༽ བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ལུ་སེམ་བྷོག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།༤༽ ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྐོར་གསར་འགོད་གསལ་བསྒྲགས་སྤེལ་བ།༥༽ བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་མཇུག་སྒྲིལ་བ།༦༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་དང་མཇལ་འཕྲད་གནང་བ།༧༽ བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་ཨིན་ཡུལ་དུ་གཟིགས་འབུལ་ཞུས་པ།༨༽ཤེས་རིག་བཀའ་བློན་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།
༡༽ བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་བ།༢༽ བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་ཚོགས་འདུ་དབུ་འཛུགས་གནང་བ།༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇར་མན་རྒྱལ་སྤྱིའི་གུ་ཡངས་ཚོགས་པ་དང་འཇར་མན་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་མཇལ་ཁ་ཞུས་པ།༤༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ།༥༽ འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།༦༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་ཤུགས་ཆེ་གནང་བ།༧༽ ཨོསྟྲེ་ལི་ཡཱར་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་འདུ་སིཊ་ནིར་བསྐོང་ཚོགས་གནང་བ།
༡༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གཏན་འབེབས་གནང་བ།༢༽ ཉི་ཧོང་ནང་བསྟན་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མིན་པའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་བ།༣༽ མཉམ་འབྲེལ་རྒྱལ་ཚོགས་སུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ནན་བརྗོད་གནང་སྐབས་རྒྱ་ནག་གཞུང་གི་ངོ་ཚབ་ཀྱིས་ཆེད་དུ་འགོག་རྐྱེན་བཟོས་པ།༤༽ སུད་སིའི་གྲོས་ཚོགས་འོག་མས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་སླད་ཁྲིམས་འཆར་ཞིག་བཏོན་གནང་བ།༥༽ ཤེས་རིག་ལས་ཁུངས་ནས་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།༦༽ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ནས་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིན་འཛིན་གསར་པ་སྐུ་ཞབས་པེ་ཊར་པ་ཝེལ་མཆོག་ལ་འཚམས་འདྲི་མཛད་པ།༣༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ།༤༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ།༥༽ ཨི་ཊ་ལཱི་རུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ།༦༽ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་སྐུ་མགྲོན་རྣམ་པས་གསར་འགོད་གསལ་བསྒྲགས་སྤེལ་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཇལ་ཁ་ཞུས་པ།༣༽ ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་བོད་མིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་གྱི་ཞི་བའི་གོམ་བགྲོད་གཞི་རྒྱ་ཆེ་བ་ཞིག་སྤེལ་བ།༤༽ ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་རང་སྲིད་རང་སྐྱོང་སྐོར་གྱི་ཚོགས་འདུར་མཉམ་ཞུགས་གནང་བ།༥༽ འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་དང་འབྲེལ་བའི་གྲངས་ཐོ་བསྡུ་ལེན་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ།༦༽ ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པས་ཞུ་གཏུག་དང་འབྲེལ་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ།༧༽ ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོས་བོད་དོན་སྐོར་སྣང་མེད་དུ་འཇོག་རྒྱུ་མེད་ཅེས་གསུངས།༨༽ སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ནས་བོད་དོན་དང་འབྲེལ་བའི་ཚོགས་འདུ་བསྐོང་ཚོགས་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་སྩལ་བ།༢༽ བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་མཆོག་དང་མཇལ་འཕྲད་གནང་བ།༣༽ རྩིས་ལོ་ ༢༠༢༣་་་༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ།༤༽ སི་པན་དུ་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ།༥༽ སུད་སི་བོད་རིགས་མི་མང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ངོ་རྒོལ་ལས་འགུལ་སྤེལ་བ།༦༽ སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ།༧༽ ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་པདྨ་ཤྲཱིའི་གཟེངས་འབུལ་བཞེས་གནང་བར་འཚམས་འདྲི་ཞུས་པ།༢༽ ཡུ་རོབ་གྲོས་ཚོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་ཀྱི་མཛའ་འབྲེལ་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་པ།༣༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་ཕེབས་འབྱོར་བྱུང་བ།༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཝི་སི་ཀོན་སིན་གནས་འཁོད་མང་ཚོགས་རྣམས་ལ་གསུང་བཤད་གནང་བ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅི་ཀ་གྷོ་ཁུལ་དུ་ཡོད་པའི་གཞོན་སྐྱེས་དང་མཇལ་མོལ་གནང་བ།༦༽ མན་ཊི་ས་གནས་འགོ་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཇ་གཏ་སིངྒ་ནེ་གཱི་མཆོག་ལ་འཚམས་འདྲིའི་མཇལ་བཅར་ཞུས་པ།༧༽ རྒྱ་ནག་གཞུང་གིས་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་རྩ་མེད་གཏང་རྒྱུའི་སྲིད་བྱུས་ལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཐུགས་འཚབ་ཤུགས་ཆེ་བསྟན་པ།
༡༽བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༤ པ་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།༢༽ རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༤ པ་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་རྒྱུན་ལས་གཉིས་སྐུ་མགྲོན་དུ་ཕེབས་པ།༣༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ནིའུ་ཛི་ལེནྜའི་སྲིད་བློན་སྐུ་ཞབས་ཀི་རི་སི་ཧིཔ་ཀིན་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ།༤༽ ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱི་ཕིན་ལེནྜ་དང་པོ་ལེནྜ་ནང་གི་གཟིགས་སྐོར་ལེགས་གྲུབ་བྱུང་བ།༥༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་པ།༦༽ གོ་ཝཱ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་རིག་པའི་སྡེ་ཚན་གྱི་སློབ་ཕྲུག་རྣམས་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐོར་རྒྱུས་ལོན་གནང་བ།༧༽ ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་ཀྱི་རང་དབང་དང་རྒྱ་གར་ས་མཚམས་ཀྱི་བདེ་འཇགས་ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་བ།༨༽ བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིར་ཆེ་བསྟོད་ཞུ་བའི་མཛད་སྒོར་མཉམ་ཞུགས་གནང་བ།
༡ ༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བྱམས་བརྩེ་དང་འཛིན་སྐྱོང་གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ནིའུ་ཛི་ལེནྜའི་སྲིད་བློན་ཀི་རི་སི་ཧིཔ་ཀིན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་གནང་བ།༣༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེནྜ་གྱི་སྲིད་བློན་གསར་པ་ཀི་རི་སི་ཧིཔ་ཀིན་མཆོག་ལ་དགའ་བསུའི་འཚམས་འཕྲིན་སྩལ་བ།༤༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལེནྜ་གྱི་ལས་འཁྱུར་སྲིད་བློན་ཇ་སིན་ཊ་ཨར་ཊན་མཆོག་ལ་བསྔགས་བརྗོད་ཀྱི་ཕྱག་བྲིས་སྩལ་བ།༥༽ཉི་འོང་ནང་པའི་ལྷན་ཚོགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གནད་དོན་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་བ།༦༽གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་དང་། སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་བཅས་ཟབ་སྦྱོང་ཁག་གསུམ་ལེགས་པར་མཇུག་སྒྲིལ་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་གློག་བརྙན་རེ་བའི་སྒྱུ་རྩལ་ཞེས་པ་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་ཁག་ཏུ་གཟིགས་འབུལ་ཞུ་འགོ་བཙུགས་པ།༢༽ གྲངས་འཛིན་དཔེ་མཛོད་ལས་འཆར་གྱི་སྔོན་འགྲོའི་ཚོགས་འདུ་བསྐོང་ཚོགས་གནང་བ།༣༽ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་བཞི་ནས་བོད་ནང་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་སྐོར་ཐུགས་འཚབ་དང་གླེང་སློང་ཤུགས་ཆེ་གནང་བར་ཕྱི་དྲིལ་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུས་པ།༤༽ རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཤ་རཱད་ཡ་དྷེབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།༥༽ ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་རྒྱ་རིགས་ལས་འགུལ་འཐབ་རྩོད་པ་ཁག་གཅིག་དང་ཐུག་འཕྲད་གནང་བ།༦༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གངས་སྐྱིད་མེ་ཏོག་བུ་བཅོལ་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་ཝིན་མེག་ཀར་ཐེ་མཆོག་དང་གྲོས་ཚོགས་ཀྱི་གྲངས་ཉུང་ཚོགས་པའི་དབུ་ཁྲིད་ཧ་ཀིམ་ཇེ་ཕི་རི་མཆོག་གཉིས་ལ་འཚམས་འདྲི་སྩལ་བ།༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་སྐུ་ཞབས་ཀེ་ཝིན་མེག་ཀར་ཐི་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་བ།༣༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་ཝིན་མེག་ཀར་ཐེ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ།༤༽ བོད་མིའི་སྒྲིག་འཛུགས་ནས་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་བ།༥༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་བཞི་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་རིག་གཞུང་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐད་ཐུགས་འཚབ་གནང་བ།༦༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་དུས་སྟོན་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།༨༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།༩༽ བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་ལེགས་པར་མཇུག་སྒྲིལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་བསྟི་གནས་ཁང་གི་རྨང་གཞི་འདིང་འཇོག་མཛད་པ། ༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་འོང་གི་རེ་བའི་མེ་ལྕེའི་ལས་འགུལ་བ་རྣམས་དང་ཐུག་འཕྲད་གནང་བ། ༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་བྷེ་ནེ་ཊིག་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། ༤༽ ཐའི་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་ཀྱི་ཆོས་སྲིད་དང་རིག་གཞུང་ངོ་སྤྲོད་ཞུས་ཏེ་ལས་རིགས་སྣ་མང་སྤེལ་བ། ༥༽ ཟླ་དྲུག་ཟབ་ཁྲིད་ཐེངས་དགུ་པ་ལེགས་གྲུབ་བྱུང་བ། ༦༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཨུཏྟར་ཁནྚ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བཤ་ཀུ་མཱར་མཆོག་ལ་མཇལ་འཕྲད་ཞུས་པ། ༧༽ བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ལེགས་གྲུབ་ཟིན་པ། ༨༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་སྤྱི་ནས་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ།༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།༣༽ ཆོས་རིག་ལས་ཁུངས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཐུན་མོང་གིས་བོད་པའི་སློབ་ཕྲུག་ཁག་གཅིག་ལ་བོད་ཀྱི་རིག་གཞུང་གོ་རྟོགས་ལས་རིམ་གོ་སྒྲིག་གནང་བ།༤༽ བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ལེགས་གྲུབ་ཟིན་པ།༥༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་གནང་བ།༦༽ ཨོསྟྲེ་ལི་ཡཱའི་མེལ་སྦོན་ཁུལ་གྱི་རྒྱ་རིགས་སྐུ་ཚབ་ཚོགས་ཆུང་ཞིག་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་པ།༧༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་ཚོགས་ཁང་དུ་བོད་པའི་སློབ་ཕྲུག་ཁག་གཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷར་ནེ་ཊི་ཇི་ནུ་སི་ལགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་གནང་བ།༢༽ ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བ།༣༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་བགྲོ་གླེང་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།༤༽ ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་ཐར་མོ་ཧྥེ་ཤར་བཟོ་ལས་ཁང་ལ་འདྲི་རྩད་གནང་བ།༥༽ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པས་རྒྱ་ནག་གཞུང་གིས་བོད་མི་ཚོའི་རིགས་རྫས་བསྡུ་རུབ་བྱས་ཡོད་པའི་སྐོར་ཞིབ་འཇུག་གནང་དགོས་པའི་མཚན་འཁོད་ཡི་གེ་ཕུལ་བ།༦༽ ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་པེ་ནི་ཝོང་མཆོག་ལ་རྒྱ་ནག་ནང་གཟིགས་སྐོར་ཕེབས་སྐབས་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཞུས་པ།༨༽ ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཏོན་པར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུའི་གསར་འགོད་གསལ་བསྒྲགས་སྤེལ་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་སྐུ་ཞབས་སུཁ་ཝིནྡར་སིངྒ་སུ་ཁུ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༣ འཁོར་བའི་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་པ།༣༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྐུ་ཞབས་སུག་ཝིན་དྷར་སིངྒ་སུ་ཀུ་མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ།༤༽ ཉི་ཧོང་དུ་རྒྱ་ནག་ནང་གི་འགྲོ་བའི་ཐོབ་ཐང་གནས་བབ་ལ་བྱ་ར་བྱེད་མཁན་གྲོས་ཚོགས་འཐུས་མིའི་ཇུས་སྟོན་ཚོགས་ཆུང་གསར་འཛུགས་གནང་བ།༥༽ དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཌི་རིའུ་པེཕ་ལའོ་ལགས་དང་མཇལ་འཕྲད་གནང་བ།༦༽ ཕ་རཱན་སིར་བོད་ཕྲུག་ཉི་ཤུ་ཐོག་མར་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།༨༽ བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་མི་ལོ་སི་ལབ་ལགས་དང་མཇལ་འཕྲད་གནང་བ།༩༽ བོད་མི་ཞིང་པ་གཉིས་ལ་ཡར་ལུང་ཟོ་ཐང་གཟེངས་རྟགས་གནང་བ།༡༠༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སུཁ་ཝིནྡར་སིངྒ་སུ་ཁུ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་སྒོ་མང་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།༢༽ སིན་སི་ན་ཊི་གྲོང་སྡེའི་སྤྱི་ཁྱབ་པ་ཨ་ཏབ་པུ་རེ་ཝེལ་ལགས་བོད་མིའི་སྒྲིག་འཛུགས་སུ་ཆེས་ཐོག་མ་ཕེབས་པ།༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཇལ་ཁ་ཞུས་པ།༤༽ ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇ་ཡ་རཱམ་ཋཱ་ཀུར་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ།༥༽ ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་ཁྲལ་འབབ་དང་ཤིང་ནགས་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨོན་ཀར་ཅནྟ་ཤར་མ་ལགས་དང་ཐུག་འཕྲད་གནང་བ།༦༽ ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ལེགས་པར་མཇུག་སྒྲིལ་གནང་བ།༨༽ ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།༩༽ ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་སྐུ་ཞབས་ཇེབ་མེག་ལེ་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནས་སྟངས་སྐོར་རྟོག་ཞིབ་གནང་དགོས་པའི་ཞུ་ཡིག་ཕུལ་བ།༡༠༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧྥིན་ལན་ཌི་གཞུང་ཚབ་ཁང་དུ་ཧྥིན་ལན་ཌི་རྒྱལ་ཁབ་རང་བཙན་ཉིན་མོ་སྲུང་བརྩིའི་ཐོག་ཆེད་ཕེབས་གནང་བ།༡༡༽ ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བོད་རིགས་ཨ་རི་བ་ཨཕ་ཏཱཕ་ཀརྨ་པུ་རེ་ཝལ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དབུ་མ་རྩ་བ་ཤེས་རབ་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་པ།༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡཱའི་སྲིད་བློན་གསར་པ་སྐུ་ཞབས་ཨན་ཝར་ཨིབ་ར་ཧིམ་མཆོག་ལ་མཚམས་འདྲི་མཛད་པ།༣༽ གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་བ།༤༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལི་ཐུ་ཝེ་ནི་ཡའི་ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།༥༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཐབས་བྱུས་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་བ།༦༽ ཨོསྟྲེ་ལི་ཡཱའི་ནང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་གསར་འཛུགས་གནང་བ།༨༽ བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་མཚོན་དོན་དུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཧོན་སུར་རབ་རྒྱས་གླིང་གཞིས་མི་རྣམས་ནས་དྲན་རྟེན་གཟེངས་རྟགས་ཕུལ་བ།༩༽ ཨོསྟྲི་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་འཛོམས་ཀྱིས་བོད་དོན་སྐོར་མ་འོངས་ལས་གཞི་འཆར་འགོད་གནང་བ།༡༠༽ སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅོ་ལྔ་པའི་མཇུག་བསྡོམས་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།༡༡༽ རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་བསྐོང་ཚོགས་གནང་བ།
༡༽བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ལ་གསུང་འཕྲིན་གནང་བ། ༢༽ ཨོསྟྲེ་ལི་ཡཱ་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ། ༣༽ སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བཙན་བྱོལ་ནང་མང་གཙོའི་སྒྲིག་འཛུགས་འཕེལ་རིམ་སྐོར་ངོ་སྤྲོད་གནང་བ། ༤༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཅེག་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་མཆོག་དང་མཇལ་འཕྲད་གནང་བ། ༥༽ ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་སྐོར་གསུང་བཤད་གནང་བ། ༦༽ སྐབས་ལྔ་པའི་དགེ་བཤེས་མའི་དམ་འཇོག་དང་ཚད་མའི་དགུན་ཆོས་ཀྱི་མཇུག་བསྡོམས་མཛད་སྒོར་ཆོས་རིག་དྲུང་ཆེ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ། ༨༽ ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ལོ་འཁོར་སྙན་ཐོའི་ནང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཇལ་འཕྲད་གནང་འཇུག་དགོས་པའི་དགོངས་ཚུལ་ཤུགས་ཆེ་བཏོན་པ།
༡༽ མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་བ། ༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་དང་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་པ། ༣༽ དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་གཞོན་སྐྱེས་ཉམས་ཞིབ་པ་གསུམ་དང་ཐུག་འཕྲད་གནང་བ། ༤༽ ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཅི་ལཱི་ཡུལ་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཞུ་གཏུག་གནང་བ། ༥༽ མེག་སི་ཀོ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་བ། ༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་མང་ཚོགས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ། ༧༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཝེ་ལ་ཌོ་མི་རོ་སེ་ཝིག་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་གནང་བ། ༨༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཅི་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པར་དགའ་བསུའི་འཚམས་འདྲི་ཞུས་གནང་བ། ༩༽ མེག་སི་ཀོ་གྲོས་ཚོགས་སུ་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ། ༡༠༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རུ་ན་ཅལ་དང་མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སི་ཝ་ནཱན་ཌ་ཞི་བདེའི་གཟེངས་རྟགས་ཕུལ་བ། ༢༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་པ། ༣༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མེའོ་ཆོས་འཕེལ་གླིང་དུ་འཚམས་གཟིགས་སུ་ཕེབས་པ། ༤༽ ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དགུ་པ་བསྐོང་ཚོགས་གནང་བ། ༥༽ ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུའི་ལས་བྱེད་གསར་འདེམས་རྣམས་ལ་བོད་ཨིན་སྐད་ཡིག་གཙོ་བོར་གྱུར་པའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ། ༦༽གྲྭ་འཇིགས་མེད་རྒྱ་མཚོ་ལགས་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་སོང་རུང་ཁྲིམས་ཐག་བཅད་མེད་པར་བཀག་ཉར་འོག་གནས་མུས། ༧༽ དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཀྲུ་ཀྲིང་ཁུལ་དུ་ཆེས་ཐོག་མར་འཚམས་གཟིགས་ཕེབས་པ། ༨༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྲུ་ཀྲིང་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་དགོན་གྱི་མདུན་དུ་ས་གནས་མང་ཚོགས་ལ་གསུང་བཤད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཁྱིམ་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་རི་ཤི་སུ་ནཱག་མཆོག་ལ་འཚམས་འདྲི་གནང་བ། ༣༽ བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ Indian National Congress ཡི་ཚོགས་གཙོ་གསར་པར་དགའ་བསུའི་འཚམས་འདྲི་ཞུས་པ། ༤༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨི་ཊ་ལིའི་སྲིད་བློན་གསར་པར་དགའ་བསུའི་འཚམས་འདྲི་ཞུས་པ། ༥༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་གསར་པར་དགའ་བསུའི་འཚམས་འདྲི་ཞུས་པ། ༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྭི་ཌན་གྱི་སྲིད་བློན་གསར་པ་སྐུ་ཞབས་ཀྲྀསྚར་སོན་མཆོག་ལ་འཚམས་འདྲི་གནང་བ། ༨༽ ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནང་བོད་ཀྱི་འབྲོག་པའི་སྐོར་དུས་ཐུང་འགྲེམས་སྟོན་གནང་བ། ༡༠༽ དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ། ༡༡༽ དཔལ་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་པ། ༡༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་དང་མ་སུ་རི་སཾ་བྷོ་ཊ་གཏན་སློབ་ཏུ་འཚམས་གཟིགས་ཕེབས་པ། ༡༣༽ མ་སུ་རི་བོད་ཁྱིམ་དབུ་བརྙེས་ནས་རབ་བྱུང་གཅིག་འཁོར་བའི་དགའ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་སྲིད་བློན་གསར་པ་ལྕམ་སྐུ་ཇོར་ཇི་ཡ་མེ་ལོ་ནི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་བརྡ་འཕྲིན་ཐབས་བྱུས་གོང་སྤེལ་ཚོགས་འདུ་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ། ༣༽ དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ། ༤༽ སྔ་འགྱུར་མཐོ་སློབ་དཔལ་ཡུལ་ཆོས་འཁོར་གླིང་གི་མཁན་ཐོག་བཞི་པའི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོར་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ། ༥༽ རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ། ༦༽ ཆོས་རིག་ལས་ཁུངས་ནས་དགེ་འདུན་པའི་ཚན་རིག་ངོ་སྤྲོད་ཟབ་སྦྱོང་ཐེངས་བདུན་པ་གོ་སྒྲིག་གནང་པ། ༨༽ དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེའི་ཤིང་ནགས་བློན་ཆེན་མཆོག་མཇལ་འཕྲད་གནང་བ། ༡༠༽ དཔལ་ལྡན་ཚོགས་གཞོན་མཆོག་གིས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ། ༡༡༽ བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ། ༡༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་ཞུས་པའི་ཨེ་ཤི་ཡ་དང་ཨོསྟྲ་ཨེ་ཤི་ཡ་མངའ་ཁུལ་གྱི་བོད་དོན་ཚོགས་འདུའི་ཐོག་གསུང་བཤད་གནང་བ།
༡༽ བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ། ༢༽ བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སིང་གུ་ལ་རི་ཊི་གཙུག་ལག་སློབ་གཉེར་ཁང་གི་བགྲོ་གླེང་ཐོག་མཉམ་ཞུགས་གནང་བ། ༣༽ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་དང་གླེང་སློང་ཤུགས་ཆེ་གནང་བ། ༤༽ སྐྱབས་བཅོལ་བའི་གོམ་བགྲོད་ནང་བོད་མིའི་རུ་ཁག་ཆེས་ཐོག་མ་མཉམ་ཞུགས་གནང་བ། ༥༽ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐུན་ལྔ་བཅུ་ང་གཅིག་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགོག་ཐབས་ཐད་འཐུས་ཤོར་བཏང་བར་སྐྱོན་བརྗོད་གནང་བ། ༦༽ བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པ་མཇུག་སྒྲིལ་བ། ༨༽ ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་གཉིས་ལ་རྡུང་རྡེག་ཚབས་ཆེན་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ། ༡༠༽ ལྷོ་ཕྱོགས་ས་ཁུལ་ཁག་བཞི་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ། ༡༡༽ ཉི་ཧོང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ།
༡༢༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཟུར་པ་རྣམས་ལ་མཇལ་འཕྲད་དང་བོད་དོན་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་བ། ༡༣༽ཡུ་རོབ་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་མཇུལ་སྒྲིལ་བ། ༡༤༽བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་དུ་བདུན་ཕྲག་གཅིག་རིང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༢ ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གསུམ་ལ་འཚམས་འདྲི་མཛད་པ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ། ༣༽ དབུས་འོས་བསྡུ་ལས་ཁང་ནས་རྒྱལ་སྤྱིའི་འོས་བསྡུ་འགྲོ་ལུགས་དང་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞིའི་སྐོར་ཟབ་སྦྱོང་གོ་སྒྲིག་གནང་བ། ༤༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཇི་ནི་ཝར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཟུར་ཚོགས་ཐོག་གསུང་བཤད་གནང་བ། ༥༽ བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་གྱི་སྲིད་འཛིན༌སྐུ་ཞབས་ཨར་ནོ་ཀོམ་པ་སི་ཆར་མཆོག་དང་མཇལ་འཕྲད་གནང་བ། ༦༽ བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ། ༧༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་མཛད་སྒོར་གསུང་བཤད་གནང་བ། ༨༽ རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་མུ་ལ་ཡམ་སིངྒ་ཡ་དྷེབ་མཆོག་འདས་གྲོངས་སུ་གྱུར་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་གསོ་ཞུས་པ། ༩༽ ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ། ༡༠༽ སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་མུ་ལཱ་ཡམ་སིངྒ་ཡཱ་དབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༡༡༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྷ་ཝེ་རི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་སྐུ་ཞབས་ཝོལ་ཕི་གྷང་མཆོག་དང་མཇལ་འཕྲད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྩོད་རྙོག་ཅན་གྱི་ས་ཁུལ་གྱི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་ལ་བཀའ་སློབ་སྩལ་བ། ༢༽ སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ། ༣༽ བོད་རིགས་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་ལེགས་པར་མཇུག་སྒྲིལ་བ། ༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གི་རེ་ཏ་ཀུ་གཙུག་ལག་སློབ་གཉེར་ཁང་དང་ཆི་བྷ་འཕྲུལ་རིག་སློབ་གཉེར་བསྟི་གནས་ཁང་གི་སློབ་ཕྲུག་རྣམས་ལ་བོད་དོན་གྱི་གལ་གནད་སྐོར་གསུང་བཤད་གནང་བ། ༥༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་མཇུག་བསྒྲིལ་བ། ༦༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་དང་ཡུ་གུར་ལྷོ་སོག་མི་མང་གི་དཀའ་ངལ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་བ། ༨༽ ཤེས་རིག་ལས་ཁུངས་ནས་བྱིས་པ་ལྟ་སྐྱོང་དང་སློབ་གསོའི་ཟབ་སྦྱོང་གོ་སྒྲིག་གནང་བ། ༡༠༽ ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་ཕྱོགས་སྐོར་གྱི་ཚོགས་འདུར་མཉམ་ཞུགས་གནང་བ། ༡༡༽ བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་དར་རྒྱས་སམ་ལོ་ཡག་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ། ༡༢༽ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ། ༡༣༽ བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་ཁྲོམ་འདུས་གཉིས་པ་གོ་སྒྲིག་གནང་བ། ༡༤༽སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པའི་ཞུ་ཡིག་ཕུལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲཱ་མོ་དི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ། ༢༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་མཆོག་ལ་འཚམས་འདྲི་གནང་བ། ༣༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨིན་ཡུལ་གྱི་རྒྱལ་པོ་ཅར་ལེར་སི་གསུམ་པ་མཆོག་ལ་འཚམས་འདྲི་ཞུས་པ། ༤༽ སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གཟའ་མཇུག་སློབ་གྲྭའི་ཚོགས་འདུ་ཐེངས་ལྔ་པ་བསྐོང་ཚོགས་གནང་བ། ༥༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐབས་བྱུས་ཚོགས་འདུ་གོ་སྒྲིག་ཞུས་པ། ༦༽ སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཞིས་བྱེས་བོད་མིའི་གནས་སྟངས་སྐོར་ཉན་ཞིབ་གནང་བ། ༨༽ ཕྱི་དྲིལ་ལས་ཁུངས་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་ཕྱོགས་སྐོར་ཟབ་སྦྱོང་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་རྒྱལ་མོ་ཨི་ལི་ཛི་བྷེཊ་གཉིས་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༣༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཡུན་གྱི་ཞིང་གཤེགས་རྒྱལ་མོ་ཨི་ལི་ཛི་བེཊ་གཉིས་པར་ཐུགས་སྨོན་མཛད་པ། ༤༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཡུལ་གྱི་རྒྱལ་པོ་ཅཱར་ལི་སི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༥༽ ཨིན་ཡུལ་རྒྱལ་མོ་ཨེ་ལི་ཛ་བྷེ་ཐེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐུགས་གསོ་ཞུས་པ། ༦༽ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་གནས་ཚུལ་དཔེ་མཚོན་བསྡུ་རུབ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་གནང་བ། ༨༽ ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཞུས་པ། ༡༠༽ སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་ས་ཁུལ་ལ་རང་སྐྱོང་ཐོབ་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་བ། ༡༡༽ འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་དང་ཚོགས་མི་ཐོ་འགོད་ཞུ་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ། ༡༢༽ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཌེ་ཝི་ཌི་ཊི་རིམ་བྷེལ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ། ༢༽ སྤྱི་ཚོགས་ཞབས་ཞུ་བ་དང་ཁེ་ལས་པ་བསྟན་འཛིན་ཆོས་འཕེལ་ལགས་ལ་མི་ལོ་ ༡༨ བཙོན་འཇུག་ཁྲིམས་ཐག་བཅད་པ། ༣༽ དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་རྣམ་གཉིས་བེལ་ཇི་ཡམ་ཁུལ་དུ་ཕེབས་གནང་བ། ༤༽ གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་བ། ༥༽ ཁེ་ཊ་གྷི་ལེན་རྒྱལ་སྤྱིའི་གླེང་སྟེགས་ཐོག་ཐའེ་ཝན་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་པ། ༦༽ ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ། ༨༽ ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཨི་ཤཱི་ཀ་ཝ་ཨ་ཀི་མ་ས་ལགས་དང་མཇལ་འཕྲད་གནང་བ། ༡༠༽ གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་མཇུག་སྒྲིལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་པ། ༢༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པ་སྐུ་ཞབས་ཇག་ཌིབ་དྷན་ཁར་མཆོག་ལ་འཚམས་འཕྲིན་གནང་བ། ༣༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ལ་དྭགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། ༤༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པ་སྐུ་ཞབས་ཇག་ཌིབ་དྷན་ཁར་མཆོག་ལ་འཚམས་འཕྲིན་སྩལ་བ། ༥༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པ་སྐུ་ཞབས་ཇག་ཌིབ་དྷན་ཁར་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ། ༦༽ ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་བ། ༨༽ ཕ་རཱན་སིའི་རྒྱལ་ས་པེ་རི་སི་ནས་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་ལེགས་པར་མཇུག་སྒྲིལ་བ། ༡༠༽ ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇ་ནི་ཊ་ར་ཡེ་སི་མཆོག་གིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐོར་གསུང་བཤད་གནང་བ། ༡༡༽ ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་དང་མཇལ་འཕྲད་གནང་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་པ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡི་ལི་བསམ་ཡས་གླིང་དུ་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ། བེལ་ཇམ་དུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་གསལ་བཤད་གནང་བ། བེལ་ཇམ་ཁུལ་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ཞུ་གཏུག་གནང་བཞིན་པ། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གསར་པ་བཏོན་གནང་བ། བོད་མིའི་སྒྲིག་འཛུགས་གྱི་འགན་འཛིན་སྡེ་ཚན་ཁོངས་གཏོགས་ཀྱི་སྲི་ཞུའི་ལས་བྱེད་ཁག་གཅིག་ལ་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ། བེལ་ཇམ་ཁུལ་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག་ལས་འགུལ་མཇུལ་སྒྲིལ་བ། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ཕེབས་བསུའི་སྣེ་ལེན་ཞུས་པ། ཨིན་ཡུལ་དུ་པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག་དབུ་འཛུགས་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དབུ་ཁྲིད་ཟུར་པ་མི་ཁལ་གོར་བྷ་ཆབ་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་མཛད་པ། ༢༽ བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༢ སྲུང་བརྩི་གཟབ་རྒྱས་ཞུས་པ། ༣༽ ཉི་ཧོང་དང་ལྷོ་ཀོ་རི་ཡར་བོད་ཀྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་པ། ༤༽ ཐའེ་ཝན་གྱི་གྲོས་ཚོགས་ཚོགས་ཁང་དུ་མང་གཙོ་དུས་ཆེན་ཐེངས་ ༦༢ པའི་མཛད་སྒོ་སྲུང་བརྩི་ཟབ་རྒྱས་ཞུས་པ། ༥༽ པི་རི་སིར་བོད་ཀྱི་དུས་སྟོན་ཐེངས་ཉེར་གཅིག་པ་ལེགས་པར་མཇུག་སྒྲིལ་བ། ༦༽ ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཚོར་ཤེས་སྦྱོང་བརྡར་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ། ༨༽ འཕྲོད་བསྟེན་ལས་ཁུངས་ནས་ཊི་སྦི་དང་སྐོར་བསྐྱོད་ལས་གཞིའི་ལོ་འཁོར་བསྐྱར་ཞིབ་ཚོགས་འདུ་དབུ་འཛུགས་གནང་བ། ༡༠༽ འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་གསོ་བ་རིག་པའི་སྨན་པ་རྣམས་ལ་དེང་རབས་སྨན་ལུགས་ངོ་སྤྲོད་ཟབ་འཁྲིད་མཇུག་སྒྲིལ་བ། ༡༡༽ བྱང་ཤར་དང་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ། ༡༢༽ ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་དགེ་ཆེ་རྣམས་ལ་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གནང་བཞིན་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་ལྕམ་སྐུ་དྲཽ་པ་དཱི་མུརྨུ་མཆོག་ལ་འཚམས་འཕྲིན་སྩལ་བ། ༢༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་ལྕམ་སྐུ་དྲཽ་པ་དཱི་མུརྨུ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་གནང་བ། ༣༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་ལྕམ་སྐུ་དྲཽ་པ་དཱི་མུརྨུ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ། ༤༽ ཚན་རིག་དགེ་རྒན་རྣམས་ལ་ལས་ཐོག་ཟབ་སྦྱོང་གོ་སྒྲིག་གནང་བ། ༥༽ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལམ་རིམ་དབུ་འཛུགས་གནང་བ། ༦༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དཔེ་མཛོད་ཁང་དུ་རབ་གནས་དང་བཀའ་སློབ་སྩལ་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་དགོན་ཚོགས་ཀྱི་ཚོགས་ཁང་ཆོས་ཀྱི་བསྟི་གནས་སུ་ཆིབས་སྒྱུར་གྱིས་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩལ་བ། ༢༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ཏུ་ཐབས་བྱུས་ཚོགས་འདུའི་སྟེང་དབུ་བཞུགས་གནང་བ། ༣༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། ༤༽ སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་སྐུ་མི་ཤེལ་ཊའི་ལོར་མཆོག་དང་མཇལ་འཕྲད་ཞུས་པ། ༥༽ བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གནང་སྟངས་སྐོར་ཟབ་སྦྱོང་གནང་བ། ༦༽ སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ཐའེ་པེ་དཔལ་འབྱོར་དང་རིག་གཞུང་བསྟི་གནས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ནི་ཁོལ་སུ་ལགས་ཀྱིས་མང་གཙོ་དང་རང་དབང་གི་གལ་གནད་སྐོར་གོ་བསྡུར་གནང་བ། ༨༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དབུ་འབྱེད་མཛད་སྒོར་བཀའ་སློབ་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱི་སྐབས་དང་པོའི་སྨན་རྩིས་སློབ་གཉེར་བ་བསླབ་པ་མཐར་སོན་གྱི་མཛད་སྒོར་ཆེད་ཕེབས་གནང་བ། ༣༽ ༸རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་དབྱར་གསོལ་སྤྱན་འདྲེན་ཞུས་པ། ༤༽ ཨིན་ཡུལ་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་རྣམ་གཉིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་འདུར་མཉམ་ཞུགས་ཀྱིས་བོད་དོན་གོ་རྟོགས་སྤེལ་བ། ༥༽ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་ཁག་གཅིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་མཉམ་ཞུགས་གནང་སྟེ་དཔྱད་རྩོམ་སྒྲོགས་སྦྱང་གནང་བ། ༦༽ མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ། ༧༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦིར་སྡེ་དགེ་དང་སྦིར་བོད་ཚོགས་ཀྱི་ས་གནས་མང་ཚོགས་ལ་གསུང་བཤད་གནང་བ། ༨༽ དཔལ་ལྡན་ཚོགས་གཙོ་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༩༽ ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཉི་ཧོང་སྲིད་བློན་ཟུར་པའི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕི་ལི་པིན་གྱི་སྲིད་འཛིན་གསར་པ་ཕར་ཊི་ནེན་མར་ཀོས་མཆོག་ལ་འཚམས་འཕྲིན་སྩལ་བ། ༢༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་པ། ༣༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ལ་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གནང་ཕྱོགས་སྐོར་ལམ་སྟོན་གསུང་བཤད་གནང་བ། ༤༽དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ནེའུ་ཡོག་ཁུལ་དུ་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལ་ཐུག་འཕྲད་གནང་བ། ༥༽དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཀ་ནིག་ཀྲི་ཀཊ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ། ༦༽བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་འཇིགས་མེད་རྒྱ་མཚོ་ལགས་འདས་གྲོངས་སུ་གྱུར་བ། ༧༽དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པས་ནིའུ་ཡོག་དང་ནེའུ་འཇར་སི་ཁུལ་ལ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དབུ་འབྱེད་མཛད་སྒོར་བཀའ་སློབ་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་འབུར་ཐོན་ཡོང་ཐབས་སྐོར་གསུང་བཤད་གནང་བ། ༣༽ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་ཚོགས་པ། ༤༽རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བ། ༥༽རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐུན་ལྔ་བཅུ་པའི་ཐོག་བོད་ནང་བྱིས་པའི་ཤེས་ཡོན་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་བློ་འཚབ་དང་གླེང་སློང་གནང་བ། ༦༽ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་དཀའ་རྙོག་སེལ་བར་འཕྲད་བཞིན་པའི་དཀའ་ངལ་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཚོགས་པ། ༧༽རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་བ། ༨༽ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་ཉིན་གྲངས་གསུམ་རིང་འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ། ༩༽བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ནས་སྨན་ཞབས་པ་ཁག་གཅིག་ལ་བགྲེས་སོང་རྣམས་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་སྩལ་བ། ༢༽བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་དང་ལྕམ་སྐུ་ཌ་ཡེན་ཧྥ་ཡེན་སི་ཊེན་མཆོག་དང་མཇལ་མོལ་གནང་བ། ༣༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་སེན་ཕེ་རེན་སིས་ཀོར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་རིགས་དང་མཇལ་འཕྲད་གནང་བ། ༤༽བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་དབུ་འབྱེད་མཛད་སྒོར་ཕེབས་པ། ༥༽རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་བཞི་བཅུ་ཞེ་བདུན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་གནང་བ། ༦༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་དང་རྒྱ་གར་གྱི་མཐོ་རིམ་སློབ་མ་ཁག་གཅིག་ལ་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་བ། ༧༽གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་བཙོན་ཁང་དུ་ངལ་རྩོལ་དང་ཆབ་སྲིད་སློབ་གསོ་ཞེས་པ་སྤྲོད་ཀྱི་ཡོད་འདུག ༨༽རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་སྐུ་ཚབ་ཐུན་མོང་ནས་ཉི་ཧོང་གྲོས་ཚོགས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ། ༩༽བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་དང་བསྟུན་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་བ། ༡༠༽སྟོན་པའི་རིང་བསྲེལ་སོག་ཡུལ་དུ་གདན་ཞུས་ཀྱིས་མི་མང་ལ་མཇལ་ཁའི་འགྲེམས་སྟོན་གནང་བཞིན་པ། ༡༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་མི་ནི་སོ་ཊའི་བོད་རིགས་དང་མཇལ་མོལ་གནང་བ། ༡༢༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དབུ་འབྱེད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྔོན་འགྲོའི་སྟ་གོན་མཛད་པ། ༢༽བེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ། ༣༽ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སཱི་ཤེས་ཡོན་སློབ་གསོ་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ཕེབས་པ། ༤༽སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་སྟོན་གོ་སྒྲིག་ཞུས་པ། ༥༽ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ། ༦༽ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་དབུས་ལས་ཁུངས་ཁག་གི་རྩིས་པ་རྣམས་ལ་ཟབ་སྦྱོང་དབུ་འཛུགས་གནང་བ། ༧༽ཨ་རི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་གཉིས་ཨ་རིའི་རྒྱལ་ཡོངས་མེ་ཏོག་ཞག་འཁོར་སྒྲོན་འབུལ་མཛད་སྒོར་མཉམ་ཞུགས་གནང་བ། ༨༽དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་བྱང་ཨ་རིའི་ཁུལ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། ༩༽རྒྱལ་ཚོགས་ཀྱི་ཁྱད་མཁས་མི་སྣ་བཞི་བཅུས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་བ། ༡༠༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་སྐུའི་གྱ་སྟོན་བརྟན་བཞུགས་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆེད་ཕེབས་གནང་བ། ༡༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༽བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ། ༣༽གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་བྱེད་པོའི་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ། ༤༽བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག་ལ་མཇལ་ཕྱག་ཞུས་པ། ༥༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་མཇུག་སྒྲིལ་གནང་བ། ༦༽ཕྱི་དྲིལ་དྲུང་ཆེ་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་འདས་གྲོངས་སུ་གྱུར་བར་ཕྱི་དྲིལ་ལས་ཁུངས་ནས་མྱ་ངན་གུས་འདུད་དང་བཅས་ཐུགས་གསོ་གནང་བ། ༧༽བེལ་ཇི་ཡམ་མདོ་སྨད་སྐྱིད་སྡུག་གིས་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་གཟབ་རྒྱས་ཞུས་པ། ༨༽ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༣༣ འཁོར་བའི་རྗེས་དྲན་མཛད་སྒོར་མཉམ་ཞུགས་གནང་བ། ༩༽བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་མཛད་སྒོར་མཉམ་ཞུགས་གནང་བ། ༡༠༽ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་བཤད་རྩལ་སྐོར་ཟབ་སྦྱོང་གནང་བ། ༡༡༽ཕྱི་ལོ་ ༢༠༢༢ ལོའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི་ཐེངས་ལྔ་པའི་ངོ་གཏུག་བཅར་འདྲི་དབུ་འཛུགས་གནང་བ། ༡༢༽ དཔལ་ལྡན་ཚོགས་གཙོ་མཆོག་གིས་བུ་འཁྲིད་དཀར་པོ་ཆེ་ལགས་སླར་ཡར་ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༽ དཔལ་ས་སྐྱའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ལ་དགོང་ཚིགས་གསོལ་སྟོན་གོ་སྒྲིག་གནང་བ། ༣༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རྒན་རྒོན་དང་ནད་གཅོང་དཀའ་ངལ་ཅན་ལ་བོད་མིའི་སྒྲིག་འཛུགས་ནས་དམིགས་བསལ་གཟིགས་རྟོག་གནང་རྒྱུ་ཡིན་པ་གསུངས། ༤༽ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཚོགས་ཁང་དུ་ཟབ་སྦྱོང་དང་གསར་འགོད་གསལ་བསྒྲགས་སྤེལ་བ། ༥༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལྕམ་སྐུ་སུ་སན་ཀྲེམ་པེ་ལི་ཀྲོན་ལགས་བསྐྱར་དུ་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བར་འཚམས་འདྲི་གནང་བ། ༦༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ བདག་ཉིད་ཅན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོར་གསུང་བཤད་གནང་བ། ༧༽སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ གྱི་བདག་ཉིད་ཅན་གྱི་དཔེ་དེབ་དང་དྲ་རྒྱའི་ཚིག་མཛོད་ཆེན་མོའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད། ༨༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྷེང་ལོར་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་གནང་བ། ༩༽ རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གཞུང་ལ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་བ། ༡༠༽ ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གི་༸སྐུའི་གྱ་སྟོན་རྟེན་འབྲེལ་མཛད་སྒོར་ཆེད་བཅར་ཞུས་པ། ༡༡༽ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྡི་ལི་ཡན་ལག་གི་བུད་མེད་སྡེ་ཚན་གྱིས་ཚོགས་འདུ་བསྐོང་ཚོགས་གནང་བ། ༡༢༽མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཆ་ཏྟཱིས་གར་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བ། ༡༣༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་མཇལ་ཁ་ཞུས་པ། ༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོསྟྲེ་ལི་ཡཱའི་སྲིད་བློན་གསར་པ་ཨན་ཊོ་ནི་ཨལ་བྷ་ན་ས་མཆོག་ལ་དགའ་བསུའི་འཚམས་འཕྲིན་གནང་བ། ༣༽ ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ། ༤༽ ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་བ། ༥༽ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཆོས་དད་ངོ་བོར་བཙན་གནོན་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་གསར་པ་བཏོན་པ། ༦༽ ཨེ་ནེ་སི་ཀེན་ཊར་ཧྥི་རི་ཌམ་ལགས་ལ་བཀའ་དྲིན་རྗེས་དྲན་ཆེད་སིལ་སྤོལ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ། ༧༽ཨོསྟྲེ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་བསྐྱར་དུ་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པ། ༨༽ ཤེས་རིག་བཀའ་བློན་མཆོག་ཅོན་ཏ་ར་བོད་ཁྱིམ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། ༩༽ རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བེལ་ཇམ་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་དབུ་འཛུགས་ཞུས་པ། ༡༠༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོསྟྲེ་ལི་ཡའི་བདམས་ཐོན་སྲིད་བློན་ཨན་ཊོ་ནི་ཨལ་བྷ་ནི་སི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ།
༡༡༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨོསྟྲེ་ལི་ཡཱ་རྒྱལ་ཁབ་ཀྱི་སྲིད་བློན་གསར་པ་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ། ༡༢༽ཇི་ནི་ཝ་ས་གནས་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་ཤེད་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་ངོ་ ༧༡ འཁོར་བའི་དྲན་གསོ་དང་ཞི་བའི་ངོ་རྒོལ་སྐད་འབོད་གནང་བ། ༡༣༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་རེན་ཨེན་ཆེ་ལགས་གྲོས་ཚོགས་འཐུས་མིར་བསྐྱར་འདེམས་བྱུང་བར་འཚམས་འདྲི་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གསུང་འཕྲིན་སྩལ་བ། ༢༽ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་རྡ་སར་གཞུང་འབྲེལ་ཕེབས་པ། ༣༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ། ༤༽སན་ཧྤ་རན་སིས་ཀོ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ལ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་གནང་བ། ༥༽བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ། ༦༽བོད་མིའི་སྒྲིག་འཛུགས་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཅར་ཌི་བྷི་ལུམ་དམ་པ་དེ་ཉིད་རྗེས་དྲན་གྱི་མཛད་སྒོ་ཚོགས་པ། ༧༽ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨཱ་ཡར་ལེནྜའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ། ༨༽༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༧ འཁོར་བའི་དྲན་གསོ། ༩༽བོད་མིའི་སྒྲིག་འཛུགས་ནས་ཇར་མན་གྷ་ཊ་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུའི་མཛད་སྒོ་གོ་སྒྲིག་གནང་བ། ༡༠༽ཅི་ལཱིའི་གྲོས་ཚོགས་འཐུས་མི་ལྔས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བ། ༡༡༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་ལས་དོན་དབུ་འཛུགས་གནང་བ། ༡༢༽ ཇན་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་པཎ་ཆེན་རིན་པོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་བསྒྲགས་གཏམ་སྤེལ་བ། ༡༣༽ རྒྱ་གར་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་སྐུ་ཞབས་ཨུ་ཇི་ཝལ་པན་ཌི་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།
༡༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཇོས་རེ་མོས་ཧོར་ཊ་མཆོག་ཊི་མོར་ལེས་ཊིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་སྩལ་བ། ༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རཱན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨེམ་མེ་ནུལ་མེ་ཁི་རོན་མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་གནང་བ། ༣༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རོགས་སྐྱོར་ཚན་པའི་སྐུ་ཚབ་ཁག་གཅིག་དང་མཇལ་འཕྲད་གནང་བ། ༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་གསུང་བཤད་གནང་བ། ༥༽ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྲུང་སྐྱོབ་ཚན་པའི་ཕྱི་ལོ་༢༠༢༢ལོའི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་སླར་ཡང་དམིགས་བསལ་བློ་འཚབ་བྱ་ཡུལ་དུ་གྱུར་བའི་རྒྱལ་ཁབ་ཏུ་ངོས་འཛིན་གནང་བ། ༦༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱ་གར་དབུས་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ཞིག་གི་ཚོགས་མི་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ། ༧༽ རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་རྡ་སར་ངོ་ཕེབས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བ། ༨༽ འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དེཧ་རཱ་དུན་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། ༩༽ ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དོན་ཁང་གི་ལས་བྱེད་ནས་རྒྱ་རིགས་སྐུ་ཚབ་ཁག་གཅིག་དང་མཇལ་འཕྲད་གནང་བ། ༡༠༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པཔི་ལོ་སི་མཆོག་དང་མཇལ་འཕྲད་གནང་བ། ༡༡༽ བོད་མིའི་སྒྲིག་འཛུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་བོད་ལ་གཟིགས་སྐོར་དུ་ཕེབས་དགོས་པའི་རེ་སྐུལ་ནན་ཏན་ཞུས་པ། ༡༢༽ ཕ་རཱན་སི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕ་རཱན་སིའི་འབྲེལ་མཐུད་ལས་ཁུངས་སུ་ཕེབས་པ།
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་སློབ་དཔོན་ལི་ཡ་དིས་ཀིན་ལགས་སུ་པདྨ་ཤྲི་གཟེངས་རྟགས་ཐོབ་པར་འཚམས་འདྲི་གནང་བ། ༢༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོ་ས་གནས་བོད་རིགས་གཞོན་སྐྱེས་རྣམས་ལ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་གལ་གནད་སྐོར་ངོ་སྤྲོད་གནང་བ། ༣༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ། ༤༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་ཊ་ཝ་ཁུལ་གྱི་བོད་རིགས་མང་ཚོགས་ལ་བོད་དོན་འཐབ་རྩོད་དང་འབྲེལ་བའི་གསུང་བཤད་གནང་བ། ༥༽ ཉི་ཧོང་སྐུ་ཚབ་དོན་ཁང་གིས་དྲ་ཐོག་བོད་ཀྱི་དུས་སྟོན་གོ་སྒྲིག་གནང་བ། ༦༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་མོན་ཊ་རེལ་ཁུལ་གྱི་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ། ༧༽ དགེ་རྒན་ཆེད་ལས་ཡར་རྒྱས་ལས་གཞིའི་འབྲེལ་མཐུད་པ་རྣམས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ། ༨༽ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་བ། ༩༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོན་ཊེ་རིའོ་ས་གནས་གྲོས་ཚོགས་འཐུས་མི་བུ་ཁྲིད་ལ་དཀར་པོ་ཆེ་ལགས་དང་མཇལ་མོལ་གནང་བ། ༡༠༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་པ།
༡༡༽ ཨོསྟྲི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཐོ་མ་སི་ཌུབ་ལགས་དང་མཇལ་འཕྲད་གནང་བ། ༡༢༽ ོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་རྩིས་པ་རྣམ་པ་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་བ། ༡༣༽ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༣ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༢ ལོའི་གོ་ལའི་ཉིན་མོར་གསུང་འཕྲིན་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇར་མ་ནཱིའི་གྲོང་ཁྱེར་ཕེ་རེངྐ་ཕོཌ་ཁུལ་གྱི་བོད་རིགས་རྣམས་ལ་གསུང་བཤད་གནང་བ། ༣༽བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་པར་རིས་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བ། ༤༽པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་གློད་བཀྲོལ་དགོས་པའི་འབོད་སྐུལ། ༥༽ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་ལས་བྱེད་རྣམས་ལ་ཞུ་གཏུག་འཐབ་ཇུས་སྐོར་གོ་རྟོགས་སྤེལ་བ། ༦༽དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨི་མེ་ནོལ་མེག་རོན་མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ། ༧༽ཨིན་ཡུལ་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ལོ་དགུ་བསྟུད་མར་ཚོགས་པ། ༨༽དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གཉིས་དང་མཇལ་འཕྲད་གནང་བ། ༩༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རཱན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་མེག་རོན་མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་སྩལ་བ། ༡༠༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕ་རཱན་སིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཨེམ་མེ་ནུལ་མེ་ཁི་རོན་མཆོག་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་གནང་བ། ༡༡༽ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་གསར་འགོད་གསལ་བསྒྲགས་སྤེལ་བ། ༡༢༽ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་རབས་གསར་པའི་གཞོན་སྐྱེས་མི་རེ་ངོ་རེར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་འགན་འཁུར་ཡོད་ཅེས་བཀའ་སློབ་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་མང་ཚོགས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ། ༣༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག ༤༽དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པའི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཐོག་གསུང་བཤད་གནང་བ། ༥༽རྒྱ་ནག་གཞུང་གིས་བཙན་དབང་གིས་གཞིས་བཞུགས་བོད་མིའི་ཕ་མ་ཚོར་རྒྱ་ཡིག་སྦྱོང་དུ་བཅུག་པ། ༦༽སྐབས་ ༡༥ པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།། ༧༽ཁྲིག་རྩེ་རིན་པོ་ཆེ་མཆོག་དང་ལྷན་ལ་དྭགས་སྐུ་ཚབ་ཚོགས་ཆུང་ཞིག་གྲོས་ཚོགས་སུ་ཕེབས་པ། ༨༽ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ཐེར་འདོན་གནང་བ། ༩༽དཔལ་ལྡན་ཚོགས་གཞོན་མཆོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་དུ་གཞུང་འབྲེལ་ཆེད་ཕེབས་གནང་བ། ༡༠༽རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་བ། ༡༡༽༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་རྣམ་མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞོ་སྟོན་ཐེངས་ཉེར་ལྔ་པའི་འཁྲབ་སྟོན་པ་དང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོ་ཌི་ཤཱ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ཋཱ་ཀུར་ལགས་དང་མཇལ་འཕྲད་གནང་བ། ༣༽བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་དང་འགུལ་བརྙན་ཁག་གཅིག་དབུ་འབྱེད་དང་འབྲེལ་དཔེ་དེབ་ཁྲོམ་འདུས་གོ་སྒྲིག་གནང་བ། ༤༽བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་མཇལ་འཕྲད་གནང་བ། ༥༽བ་རཱ་ཛིལ་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་བོད་ཀྱི་རིག་གཞུང་སྐོར་གསུང་བཤད་གནང་བ། ༦༽དཔལ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཕེབས་པ། ༧༽ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྷན་ཚོགས་སུ་བོད་དོན་སྐོར་གླེང་སློང་གནང་བ། ༨༽བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༥ དབུ་འཛུགས་གནང་བ། ༩༽ཐའེ་ཝན་དང་ཨ་རིའི་གཞུང་ཚབ་མི་སྣ་སོགས་མཇལ་འཕྲད་ཀྱིས་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཐེངས་གཉིས་པའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ལེགས་པར་གྲུབ་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀངྒ་རཱ་རྫོང་གི་དཔོན་རིག་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ལས་གཞི་དབུ་འབྱེད་གནང་བ། ༣༽བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག ༤༽གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པ། ༥༽ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨར་ནེས་ཀེན་ཊར་ཕྲྀ་ཊོམ་ལགས་སུད་སི་སྐུ་ཚབ་དོན་ཁང་དུ་མགྲོན་འབོད་གནང་བ། ༦༽རྒྱལ་གཅེས་དཔའ་བོ་བཀྲ་ཕུན་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ། ༧༽བེལ་ཇམ་དུ་ཆོས་རིག་འཛིན་སྐྱོང་སློབ་གྲྭས་སློབ་མའི་རིག་གཞུང་དུས་སྟོན་གོ་སྒྲིག་ཞུས་པ། ༨༽དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྨད་བྱུང་དགོངས་བཞེད་ལས་འཁྲུངས་པའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་དཔེ་དེབ་དབུ་འབྱེད་གནང་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་སོག་གི་དད་ལྡན་སེར་སྐྱ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་མ་ཊི་ལི་ནི་ཨལ་བ་རེཊ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༣༽སུད་སི་དོན་ཁང་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་བོད་ལ་གཟིགས་སྐོར་དུ་ཕེབས་དགོས་པའི་རེ་སྐུལ་ནན་མོ་ཞུས་པ། ༤༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་མ་ཌིལ་ལིན་ཨལ་བ་རེཌེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། ༥༽དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་མ་ཌེ་ལི་ཡན་ཨལ་བྷ་རེ་ཡེཊ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་ཞུས་པ། ༦༽ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༩༢ པའི་སྟེང་མཉམ་ཞུགས་གནང་བ། ༧༽འཇར་མན་རོགས་ཚོགས་ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་མཆོག་བཞུགས་སྒར་དུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ། ༨༽དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བདེ་ལེགས་སྨན་ཁང་གི་ཊི་སྦི་རྩ་འགོག་ལས་གཞིའི་ཆེད་འཁྱེར་སྤྱོད་བདེ་བའི་དེང་དུས་ཚད་མཐོའི་གློག་པར་འཕྲུལ་ཆས་དབུ་འབྱེད་གནང་བ། ༩༽དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་༧རྒྱལ་བའི་གསུང་རྩོམ་བོད་འགྱུར་གྱི་དཔེ་ཚོགས་དང་པོ་དབུ་འབྱེད་གནང་བ།
༡༽ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་པ། ༢༽ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་བ། ༣༽བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་དགུ་པ་བསྐོང་ཚོགས་གནང་བ། ༤༽ ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཉིན་གྲངས་བཞིའི་རིང་གཟིགས་སྐོར་དུ་ཕེབས་པ། ༥༽ ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་རིགས་སྒྱུ་རྩལ་བ་སྐུ་ཞབས་ཐའི་ཀན་ལགས་དང་མཇལ་འཕྲད་གནང་བ།
༡༽སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀིམ་བྷར་ལེ་ཀིཊ་ཆིན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་སྩལ་བ། ༢༽སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་བ། ༣༽བོད་མིའི་སྒེར་ལངས་གསུམ་ཅུའི་དུས་དྲན་ཐེངས་༦༣་པ་སྲུང་བརྩི་ཞུས་པ། ༤༽ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་མཆོག་གིས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་བ། ༥༽སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་བསྒྲགས་གཏམ་སྤེལ་བ། ༦༽བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་ལྕམ་སྐུ་པྲ་མི་ལ་ཇ་ཡ་པལ་མཆོག་དང་མཇལ་ཞུས་གནང་བ། ༧༽ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་བཙུན་དགོན་རཏྣ་སྨན་གླིང་དུ་སྐབས་དང་པོའི་དགེ་བཤེས་མའི་བཀྲིས་ཁྲི་བཞེངས་མཛད་སྒོར་སྐུ་མགྲོན་གཙོ་བོར་ངོ་ཕེབས་གནང་བ། ༨༽གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པ།
༡༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་དགེ་འདུན་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་གནང་བ། ༢༽རྒྱ་ནག་གི་ཉེན་རྟོག་པས་བྲག་འགོ་ནས་སླར་ཡང་བོད་མི་གསུམ་འཛིན་བཟུང་བྱས་པ། ༣༽རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ། ༤༽ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཚོགས་འདུ་བསྐོང་ཚོགས་གནང་བ། ༥༽དཔལ་ལྡན་ཚོགས་གཙོ་མཆོག་འབྲས་ལྗོངས་ས་གནས་ལུགས་གཤའ་མར་བདེ་བར་གཤེགས་པ་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཐོག་ཆེད་བཅར་གྱིས་གང་གི་ཞལ་སློབ་དང་སྐུ་འཁོར་བཅས་ལ་ཐུགས་གསོ་གནང་བ། ༦༽ཐའེ་ཝན་རིག་གཞུང་ལྷན་ཁང་བོད་སོག་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་གསར་པ་དོན་གཅོད་ལས་ཁུངས་སུ་འཚམས་འདྲི་ཞུ་བར་ཕེབས་པ། ༧༽ཕྱི་ལོ་ ༢༠༢༡ ལོའི་ཟླ་དྲུག་ཟབ་ཁྲིད་ཐེངས་བརྒྱད་པ་ལེགས་གྲུབ་བྱུང་བ། ༨༽ཉེ་ཆར་ཉི་ཧོང་གྲོས་ཚོགས་ནས་བོད་དོན་སྐོར་གྲོས་ཆོད་བཞག་པར་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཐུགས་རྗེ་ཆེ་ཞུས་པ། ༩༽ཨོསྟྲེ་ལི་ཡཱ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་གཉིས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་དགའ་བསུའི་གསུང་འཕྲིན་ཕུལ་བ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་མོལ་བརྒྱུད་ཡུ་ཀེ་རེན་ནང་ཞི་བདེ་སླར་གསོ་གནང་དགོས་པའི་གསུང་འཕྲིན་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་གྲོགས་པོ་རྙིང་གྲས་སྐུ་ཞབས་རི་ཅར་ཌི་བྷི་ལུམ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༣༽བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་ཀེ་རེན་ལ་གདུང་སེམས་མཉམ་སྐྱེ་གནང་བ། ༤༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་གཙོས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བ། ༥༽ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གིས་དྲ་ལམ་བརྒྱུད་བོད་དོན་སྐོར་བགྲོ་གླེང་གོ་སྒྲིག་གནང་བ། ༦༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་ཨ་རིའི་རྒྱལ་ས་ཁུལ་གྱི་གཟིགས་སྐོར་ལེགས་པར་མཇུག་སྒྲིལ་བ། ༧༽སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མང་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་སྐད་འབོད་གནང་བ། ༨༽མེ་གྷཱ་ལཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སཏྱ་པཱལ་མ་ལིཀ་མཆོག་ཤིས་ལོངས་དགའ་ལྡན་ཆོས་གླིང་དགོན་པར་གཟིགས་སྐོར་ཕེབས་པ། ༩༽གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་གཉིས་པའི་སློབ་གཉེར་བའི་དཔྱད་རྩོམ་ལ་དཔྱད་ཞིབ་དང་ངག་རྒྱུགས་ཀྱི་ཉིན་མཐའ་མའི་མཛད་སྒོ་ཚོགས་པ།
༡༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་གནས་ཆུ་སྟག་ལོའི་ལོ་གསར་ལ་འཚམས་འཕྲིན་སྩལ་བ། ༢༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རབ་གནས་ཆུ་སྟག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་གནང་བ། ༣༽དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་བ། ༤༽དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་གནང་བ། ༥༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཡུ་ཀེ་རེན་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེ་གནང་བ། ༦༽སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་བསྐོང་ཚོགས་གནང་བ། ༧༽གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ། ༨༽སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་མཆོག་གི་འཛིན་སྐྱོང་འགན་འཛིན་ཅེའོ་ཀེ་ཊི་ལགས་དང་མཇལ་འཕྲད་གནང་བ། ༩༽ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་གནང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ། ༡༠༽རབ་གནས་ཆུ་སྟག་ལོའི་ལོ་གསར་ཚེས་གཅིག་ཉིན་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་བསྐྱངས་པ།
༡༽རྩིས་ལོ་ ༢༠༢༢་་་༢༣ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ། ༢༽བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ར་ཤིཊ་ཧུ་སེན་མཆོག་དང་མཇལ་འཕྲད་གནང་བ། ༣༽ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་ས་འགོ་པདྨ་དོན་གྲུབ་ལགས་གཉིས་ནས་མེ་གྷཱ་ལཡ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ། ༤༽ཁེན་བྷེ་ར་ཁུལ་གྱི་བོད་མི་རྣམས་ནས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་པ། ༥༽ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་རིག་གཞུང་བློན་ཆེན་མཇལ་འཕྲད་ཞུས་པ། ༦༽ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་རིག་གནས་སྐྱེད་ཚལ་ཁང་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་བ། ༧༽ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ། ༨༽བོད་དོན་རྒྱབ་སྐྱོར་ཚོགས་པས་ཨ་སམ་དམག་དཔུང་རུ་ཁག་གི་དམག་མི་ཟུར་པ་སྐུ་ཞབས་ན་རེན་ཅནྡྲ་དཱས་ལགས་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་པ། ༩༽བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བདེ་སྲུང་ལས་བྱེད་ཟུར་པ་འཕྲིན་ལས་ཕུན་ཚོགས་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།
༡༽དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་ལས་གཞི་ལེགས་གྲུབ་བྱུང་རྗེས་་དབུ་འབྱེད་གནང་བ། ༢༽རྒྱལ་སྤྱིའི་ཨོ་རྩེད་ཚོགས་པའི་ལས་ཁུངས་མདུན་ཡུ་རོབ་ཁུལ་གྱི་བོད་མི་བརྒྱ་ཕྲག་འཛོམས་ཏེ་ངོ་རྒོལ་སྐད་འབོད་དང་ཞུ་སྙན་ཕུལ་ཡོད་པ། ༣༽ཁམས་བྲག་འགོ་ནས་རྒྱ་ནག་གཞུང་གིས་ཐུབ་དབང་གི་སྐུ་བརྙན་གཏོར་བཤིག་བཏང་བར་ཉི་ཧོང་དགེ་འདུན་ལྷན་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་གནང་བ། ༤༽བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་བོད་པའི་གྲོང་གསེབ་འཛུགས་སྐྲུན་ལས་འགུལ་གྱི་ཚོགས་འདུར་མཉམ་ཞུགས་གནང་བ། ༥༽བ་རཱ་ཛིལ་བོད་ཁང་གིས་བོད་ཀྱི་ཐང་ཀའི་འགྲེམས་སྟོན་དབུ་འབྱེད་གནང་བ། ༦༽རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨམ་རེནྡྲ་ངྷ་རི་མཆོག་གིས་རྒྱ་གར་གཞུང་ལ་བོད་མིའི་རང་དབང་འཐབ་རྩོད་དོན་དུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ། ༧༽ཉི་ཧོང་གྲོས་ཚོགས་ནས་བོད་དོན་སྐོར་གྲོས་ཆོད་བཞག་པར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ།
༡༽དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས་གནང་བ། ༢༽ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འཕགས་བོད་འབྲེལ་མཐུད་ཚོགས་པའི་གཟའ་འཁོར་རེའི་བོད་དོན་གླེང་མོལ་ཞེས་ལས་རིམ་གསར་པར་ཆེ་བསྟོད་གནང་བ། ༣༽བྱང་ཨ་རིའི་སྐུ་ཚབ་དོན་ཁང་གིས་དྲ་ལམ་བརྒྱུད་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་དྲུག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་བ། ༤༽རྒྱ་རིགས་འབྲེལ་མཐུད་པ་རྒྱ་ནག་མང་གཙོ་ཚོགས་པའི་དམིགས་གསལ་སྐུ་ཚབ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་མཉམ་ཞུགས་གནང་བ། ༥༽བསྟན་འཛིན་ཆོས་འཛིན་ལགས་ཀྱིས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་པ། ༦༽ཨིས་ཀོཊ་ལེནཊ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟླ་གསུམ་རེའི་བོད་དོན་ཚོགས་འདུ་བསྐོང་ཚོགས་གནང་བ། ༧༽བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ལ་ཕེབས་སྐྱེལ་གསོལ་སྟོན་བཤམས་པ། ༨༽ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇཱིཏ་ཀུ་མཱར་ལགས་དང་མཇལ་འཕྲད་གནང་བ།
༡ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འཕྲིན་སྩལ་བ། ༢ ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛ་ར་ཛེ་ཡ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་ལ་ཕྱག་བྲིས་གནང་སྟེ་ཐུགས་རྗེ་ཆེ་ཞུས་གནང་བ། ༣ དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུ་དབུ་འཛུགས་གནང་བ། ༤ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འདྲི་ཞུས་པ། ༥ ཧིན་བོད་མཛའ་འབྲེལ་ཚོགས་པས་རྒྱལ་ཡོངས་ཚོགས་འདུ་བསྐོང་ཚོགས་ཀྱིས་རྒྱ་གར་ནང་ཡན་ལག་མང་དུ་གཏང་རྒྱུའི་ཐག་གཅོད་གནང་བ། ༦ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་པེ་ཊར་ཕི་ཡ་ལ་མཆོག་ལ་འཚམས་འཕྲིན་གནང་བར་ཁོང་གིས་ཐུགས་རྗེ་ཆེ་ཞུས་གནང་བ། ༧ བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་དོན་རྣམས་རྩིས་སྤྲོད་རྩིས་ལེན་གནང་བ། ༨ ཟུང་དྲུང་པདྨ་བཟང་པོ་ལགས་ཀྱིས་ལ་དྭགས་ས་གནས་འཕྲལ་སེལ་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་པ། ༩ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་གྱི་ནང་པའི་བླ་ཆེན་ཐིག་ནཱ་ཐི་ཧན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། ༡༠ ཨོ་གླིང་གནས་མཁར་གསར་ནས་སིད་ནི་བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད་པ། ༡༡ རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༣ པ་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་སྐུ་མགྲོན་དུ་ཕེབས་པ།
༡ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་གྱི་ཉིན་གཉིས་པའི་བགྲོ་གླེང་ལ་དབུ་བཞུགས་མཛད་པ། ༢ དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚེ་འདས་ཊེ་ཝིཊ་སཱ་སོ་ལི་མཆོག་གི་ནང་མི་ཉེ་འབྲེལ་ལ་ཐུགས་གསོའི་གསུང་འཕྲིན་གནང་བ། ༣ ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བྱིས་པ་ལོ་ན་ ༡༥ ནས་ ༡༧ བར་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བརྒྱབ་པ། ༤ ཤི་ལོང་ས་གནས་ཀྱི་མདུན་ཐོན་གདོང་ལེན་པ་རྣམས་ལ་ནུས་སྤར་སྔོན་ཁབ་བརྒྱབ་པ། ༥ རྒྱ་ནག་གཞུང་གིས་བྲག་འགོ་གནས་ནང་དགོན་གྱི་དགེ་འདུན་པ་གཉིས་འཛིན་བཟུང་བྱས་པ། ༦ ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐུགས་གསོ་ཞུས་པ། ༧ སྐུ་ཞབས་སནྡེཤ་མེཤྲཱམ་ལགས་ཀྱི་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་འགྲུལ་བཞུད་ལས་འགུལ་མཇུག་སྒྲིལ་བ། ༨ སྐུ་ཞབས་ཅནྡྲ་བུ་ཤན་ལགས་ཀྱིས་བོད་དང་འབྲེལ་བའི་དཔེ་དེབ། ཁྱེད་ཀྱི་མིང་གང་ཡིན་ནམ། བོད། ཅེས་པ་བརྩམས་པ། ༩ སུད་བོད་མཛའ་འབྲེལ་ཚོགས་པ་དང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་མ་འོངས་བོད་དོན་ཞུ་གཏུག་གི་ལས་གཞིའི་སྐོར་ཚོགས་འདུ་ཚོགས་པ། ༡༠ ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛ་ར་ཛེ་ཡ་མཆོག་གིས་བོད་རྒྱ་འབྲེལ་མོལ་སླར་གསོ་གནང་རྒྱུ་དེ་ཁོང་མོའི་ལས་འགན་གལ་ཆེ་ཤོས་དེ་ཡིན་ཞེས་གསུངས་པ། ༡༡ གཞུང་ཞབས་ཟུར་པ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་དང་བཀའ་ཤག་གིས་ཐུགས་གསོ་གནང་བ། ༡༢ བཀའ་ཤག་གིས་ཡོངས་ཁྱབ་གཞེན་སྐུལ།
༡ ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་ལྷན་ཐེངས་དང་པོ་ཚོགས་འདུ་བསྐོང་ཚོགས་གནང་བ། ༢ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༣ ཡེ་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ། ༤ རྒྱ་གར་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཐེངས་འདིའི་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ། ༥ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་གནད་ཡོད་མི་སྣ་རྣམས་དབུ་བཞུགས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་ཚོགས་པའི་ཚོགས་གཙོ་གསར་པ་བསྐོ་གཞག་གནང་བ།
༡ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨཕ་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། ༢ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨཕ་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ། ༣ ལྕམ་སྐུ་མཱན་ཇུ་ལ་རཱ་ཋོར་ལགས་འདས་གྲོངས་སུ་གྱུར་བར་མཆོད་འབུལ་སྨོན་ལམ་ཚོགས་པ། ༤ མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་གྱིས་ས་གནས་འཕྲོད་བསྟེན་སྨན་ཁང་གི་ནད་པ་འདྲེན་འཁོར་གསར་པ་དབུ་འབྱེད་གནང་བ། ༥ འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་སེམས་ཁམས་རྒྱང་བཅོས་ལས་གཞི་གོ་རྟོགས་དང་ལྟ་ཞིབ་ཕྱོགས་བསྐྱོད་ལེགས་པར་གྲུབ་པ།
༡ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་དབུ་འཛུགས་མཛད་པ། ༢ ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་བ། ༣ བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཟུང་སྦྲེལ་གྱིས་ཉིན་བཅུ་དྲུག་རིང་ཕོ་མོ་དབྱེ་འབྱེད་ཀྱིས་རྩུབ་སྤྱོད་འགོག་ཐབས་ལས་འགུལ་སྤེལ་བ། ༤ སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་དམིགས་ཚད་སོགས་དང་འབྲེལ་བའི་དྲ་ལམ་བརྒྱུད་ཚོགས་འདུ་བསྐོང་ཚོགས་གནང་བ། ༥ བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་བཀའ་ཤག་གི་རྒྱབ་གཉེར་གནང་རྒྱུའི་ལས་རིམ་འགོ་འཛུགས་གནང་བ། ༦ བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་ཅད་པ། ༧ བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐའེ་ཝན་གཞུང་ཚབ་ཆེན་མོ་ཧྥི་རན་ཁོ་སི་ཆི་ཁྲུང་ཝུ་ལགས་དང་མཇལ་འཕྲད་གནང་བ། ༨ དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་གར་སོང་ཆ་མེད་དུ་གྱུར་བ། ༩ བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དབུ་འཛུགས་གནང་བ།
༡༠ ཨ་རི་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་བསྐོ་བཞག་གནང་བར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་བ། ༡༡ ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱཾདྡྷཱིའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ། རྫ་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་མ་གཏོགས་གཞན་རྣམས་གློད་བཀྲོལ་བཏང་བ། བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་གསར་འགོད་གསལ་བསྒྲགས་སྤེལ་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༨ ཐོག་རྒྱལ་ཚོགས་ཀྱི་ཚོགས་མིས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་གནང་བ། སློབ་དཔོན་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་བོད་མི་རྣམས་མི་རིགས་ཡིན་པ་ལས་གྲངས་ཉུང་མི་རིགས་མ་རེད་ཅེས་གསུངས་པ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འདོན་སྤེལ་གནང་བའི་དཔེ་དེབ་དབུ་འབྱེད་གནང་བ། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༦ གཟབ་རྒྱས་ངང་དབུ་འཛུགས་གནང་བ། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དེཧ་རཱ་དཱུན་དང་ཧི་མཱ་ཅལ་ཁུལ་གྱི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་བ།