Voice of Tibet: Recent Episodes

Voice of Tibet

Voice of Tibet’s main objectives are to provide a channel for unbiased information and news to the Tibetans living under Chinese oppression in Tibet, to help preserve the threatened Tibetan culture, to educate the Tibetans in internationally acknowledged human rights, to inform about democracy and the democratic institutions of the Tibetan exile community, and to help prevent conflicts and discrimination. Another main objective is to improve communications within as well as between the Tibetan exile communities.

View Details

བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་སྐལ་བཟང་མཐར་ཕྱིན་ལགས་འདི་ཚེས་ ༣ ཉིན་ལ་དྭགས་ཟངས་དཀར་དུ་ཕེབས་འབྱོར་བྱུང་རྗེས་དེ་རིང་སྔ་དྲོ་ཟངས་ལ་ནས་ Nyerak ཕྱོགས་སུ་སྐྱོད་བཞིན་འདུག དེ་ཡང་ཟླ་བ་ ༧ ཚེས་ ༡༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་མི་རིགས་རྩ་གཏོར་གྱི་ཁྲིམས་ལག་བསྟར་བྱས་འགོ་བཙུགས་པར་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུ་སླད་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་འགོ་བཙུགས་ཏེ། དེ་རིང་ཉིན་གྲངས་ ༢༤ ཙམ་འགྲོ་བཞིན་ཡོད་པ་དང་འདི་ཚེས་ ༣ ཉིན་སྐལ་བཟང་ལགས་ལ་དྭགས་ཟངས་དཀར་ཁུལ་དུ་འབྱོར་སྐབས་ཟངས་དཀར་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་དང་སྦྲགས་ལས་འགུལ་དེར་རྒྱབ་སྐྱོར་གནང་བ་མ་ཟད། ཟངས་དཀར་ནང་ཚོགས་ཀྱི་ཚོགས་གཞོན་དང་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་མི་གཞས་པ་བསྟན་འཛིན་ཤེན་ལགས་ཀྱིས་ཟངས་དཀར་མང་ཚོགས་ལ་སྐལ་བཟང་ལགས་ཀྱི་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞིག་ལ་དྭགས་ཀྱི་ཡུལ་སྐད་ནང་གནང་འདུག ལྷག་པར་དུ་ཕྱི་ཚེས་ ༦ ཉིན་གོམ་བགྲོད་པ་སྐལ་བཟང་མཐར་ཕྱིན་ལགས་ཟངས་དཀར་དཔལ་ལྡུམ་ཁུལ་དུ་འབྱོར་སྐབས་ཟངས་དཀར་ནས་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་ཁོང་གཉིས་སྟོང་སྡེ་གྲོང་ཚོ་བརྒྱུད་འདི་ཚེས་ ༨ ཉིན་ཟངས་ལར་འབྱོར་ཡོད་ཅིང་། ལམ་བར་དུ་སྐལ་བཟང་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ལ་དྭགས་ཡུལ་མི་གཙོས་བཙན་བྱོལ་བོད་མི་དང་དེ་བཞིན་ཧི་མ་ཡ་ལའི་མི་རིགས་སུ་འདྲ་ཞིག་ནས་ཁོང་གི་གོམ་བགྲོད་ནང་མཉམ་ཞུགས་གནང་བའི་བརྒྱུད་ལས་འགུལ་འདིའི་ནུས་པ་དང་མཚོན་དོན་ཆེ་རུ་འགྲོ་བའི་ཡིད་ཆེས་གནང་བཞིན་ཡོད་པ་གསུངས་འདུག རྩ་བའི་སྐལ་བཟང་ལགས་དང་བསྟན་འཛིན་ཆོས་གྲགས་ལགས་གཉིས་འདི་ཚེས་ ༨ ཉིན་ཟངས་ལ་ནས་ Nyerak གྲོང་ཚོར་བསྐྱོད་རྩིས་ཡོད་ཀྱང་སྐལ་བཟང་ལགས་གློ་བུར་གཟུགས་གཞི་བདེ་མིན་རྐྱེན་པས་ཁུལ་དེར་ཉིན་གཉིས་ངལ་གསོ་བསྐྱོན་དགོས་བྱུང་ནས་དེ་རིང་སྔ་དྲོ་ཟངས་ལ་ནས་ཕྱིར་ཐོན་གྱིས་ཕྱི་དྲོ་ Nyerak གྲོང་ཚོར་འབྱོར་གྱི་ཡོད་པ་དང་དེ་ནས་རིམ་པའི་ Nyemo བརྒྱུད་ལ་དྭགས་གླེ་ཕྱོགས་སུ་བསྐྱོད་རྒྱུ་རེད་འདུག འདི་གའི་གསར་འགོད་པས་དེ་རིང་སྔ་དྲོ་སྐལ་བཟང་ལགས་སུ་གོམ་བགྲོད་ལས་འགུལ་ཀྱི་སྔ་ཕྱིའི་བྱུང་རིམ་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་ཞུ་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་བས་འདི་ག་རླུང་འཕྲིན་ཁང་ལ་དེ་སྔ་སྐལ་བཟང་ལགས་ཀྱི་གོམ་བགྲོད་ཀྱི་དམིགས་ཡུལ་སྐོར་བཅར་འདྲི་དང་ལེན་གནང་བ་ཞིག་བསྐྱར་བསྲིང་ཞུ་རྒྱུ་ཡིན།

The post བོད་དོན་གོམ་བགྲོད་པ་སྐལ་བཟང་མཐར་ཕྱིན་ལ་དྭགས་ཟངས་ལ་ནས་ Nyerak གྲོང་ཚོར་སྐྱོད་བཞིན་པ། appeared first on vot.

View Details

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་ནས་བདུན་ཚིགས་ལྔ་པ་འགྲོ་བཞིན་པ་དང་བསྟུན་ཅཱན་དི་གྷར་དུ་བོད་མི་བརྒྱ་ཕྲག་འདུ་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་ཡང་ཁ་སང་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་པོན་ཊ་དང་པུ་རུ་ཝ་ལ། ཧར་པར་པུར། སིམ་ལ། རཇ་པུར། རའེ་པུར། བདེ་སྐྱིད་གླིང་། ཅོན་ཏ་ར། མ་ཎ་ལི། སྦིར། པོན་ཊོ། དེ་བཞིན་ལྡི་ལི་བཅས་ནས་བོད་མི་སུམ་རྒྱ་བརྒལ་བ་ལྷན་འཛོམས་ཀྱིས། གཙོ་བོ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་ལྷག་དོན་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོ་རྒོལ་མཚོན་ཆེད། ཞི་བའི་གོམ་བགྲོད་དང་མགོ་རིལ་བཟོ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འདུག ལས་འགུལ་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་རྒྱལ་ལོ་ཞེས་འབོད་སྒྲ་སྒྲོགས་པ་དང་། ཡང་ཁག་ཅིག་གིས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་པར་ལག་ཏུ་བསྣམས་ཏེ་དམ་པ་ཁོང་རྒྱལ་ལོ་ཞེས་འབོད་སྒྲ་སྒྲོགས་པ་མ་ཟད། རྒྱ་ནག་གཞུང་གི་ཁྲིམས་གསར་ལ་ངོས་ལེན་རྩ་བ་ནས་མེད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག སྐབས་དེར་ལས་འགུལ་ནང་བོད་མི་ཙམ་མ་ཟད་ས་གནས་ཡུལ་མི་དང་སློབ་ཕྲུག་མང་དག་ཅིག་ནས་མཉམ་ཞུགས་གནང་བ་དང་། ཡུལ་མི་ཁག་ཅིག་གིས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་པར་ལག་ཏུ་བསྣམས་ཏེ་མགོ་རིལ་བཟོ་བའི་ལས་འགུལ་ནང་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ཅཱན་དི་གྷར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་མཐའ་ཡས་ལགས་སུ་བཀའ་འདྲི་ཞུས་ཡོད། རྩ་བའི་རྒྱལ་གཅེས་དཔའ་བོ་བློ་རང་བཙན་ལགས་ཀྱི་སྐུ་ལུས་མེར་བསྲེགས་བཏང་ནས་བདུན་ཚིགས་ལྔ་པ་འཁོར་བ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ནས་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་སྐད་འབོད་དང་མར་མེ་ཁྲོམ་སྐོར། ཞི་བའི་གོམ་བགྲོད། ཟས་བཅད་ངོ་རྒོལ། ངག་བཅད། མཆོད་འབུལ་སྨོན་ལམ་སོགས་ཀྱི་ཐོག་ནས་ལས་འགུལ་རྣམ་པ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། སང་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཌོ་རོན་ཌོ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཞི་རྒྱ་ཆེ་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་རེད་འདུག

The post ཅཱན་དི་གྷར་ནང་དཔའ་བོ་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་གྱིས་གཞི་རྒྱ་ཆེ་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག appeared first on vot.

View Details

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་རང་བཙན་སླར་གསོ་དང་བོད་མི་རིགས་དོན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནད་དོན་བྱུང་བའི་རྗེས། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ནས་དཔའ་བོ་ཁོང་ལ་རྗེས་དྲན་དང་རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེར་ངོས་ལེན་མེད་པའི་ངོ་རྒོལ་རིམ་པ་གནང་དང་གནང་བཞིན་པའི་ཚོར་བ་དྲག་པོ་ཡོད་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གི་འཁྱོག་བཤད་འོག་མ་ཚུད་པར་གཟབ་གཟབ་གནང་དགོས་ཤིང་། དེར་གདོང་ལེན་གྱིས་བོད་དོན་ནུས་པ་ཇེ་ཤུགས་ཆེ་རུ་གཏོང་ཐབས་གནང་དགོས་པའི་སྐུལ་འདེབས་གནང་སོང་། འདི་ག་རླུང་འཕྲིན་ཁང་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་དུ་གནས་བཞུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ཨ་རིའི་མངའ་སྡེ་མི་ནི་སོ་ཌར་གནས་བཞུགས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་འཇིགས་མེད་ཨོ་རྒྱན་ལགས་སུ་དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་ཐོག་བོད་ཀྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་པའི་སྐབས། བུ་ཆུང་ཚེ་རིང་ལགས་ཀྱིས། བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་ནས་བོད་མི་ཡོངས་ཀྱི་ཐུགས་འཇགས་གནང་དགོས་པ་ནི། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ག་བ་འགྲོ་ཡི་ཡོད་མེད་དང་དེར་ཐབས་ཤེས་ཇི་ཡོད། མཐའ་མར་སླེབས་ས་ག་བ་ཡིན་པའི་ཐོག་ལ་གཏིང་ཟབ་པོའི་ཐུགས་སྣང་གནང་དགོས་ཤིང་། ལྷག་པར་བོད་མི་མི་རེ་ངོ་རེ་ལ་སྔར་ལྷག་ལས་འགན་ལྗིད་དུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གི་དངོས་སམ་བརྒྱུད་པའི་ཐོག་ནས་བོད་པའི་སྤྱི་ཚོགས་ནང་ལ་དཀྲུག་ཤིང་སློང་བའི་གནས་ཚུལ་འབྱུང་བཞིན་ཡོད་པར། དཀྲུག་ཤིང་དེ་དག་གི་འོག་ལ་མ་ཚུད་པར་བོད་དོན་གྱི་ནུས་པ་དེ་ཇེ་ཤུགས་ཆེ་རུ་གཏོང་ཐབས་ཇི་ཡོད་སྐོར་དགོངས་བཞེས་གནང་དགོས་གལ་ཡིན་པའི་སྐུལ་འདེབས་གནང་སོང་། དེ་བཞིན་འཇིགས་མེད་ཨོ་རྒྱན་ལགས་ཀྱིས། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོར་ལས་འགན་ཆེ་ཤོས་ཡོད་པ་དང་། ད་བར་བོད་མི་ ༡༧༡ ནས་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་སྐུ་ལུས་མེར་བསྲེགས་བཏང་སྟེ། རང་སྲོག་བློས་བཏང་གནང་མཁན་དཔའ་བོ་དཔའ་མོ་རྣམ་པའི་མཚན་དང་ཞལ་ཆེམས། འཐབ་རྩོད་ཇི་འདྲ་གནང་ཡོད་པ་དེ་དག་རང་སོར་བཞག་དགོས་པ་ལས་བསྒྱུར་བ་གཏོང་རྒྱུ་མེད་པ་དང་ཆབས་ཅིག བོད་མི་ཡོངས་ནས་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་སྐབས། འཛམ་གླིང་གི་སྲིད་གཞུང་ཁག་ལ་རེ་བ་བཅོལ་རྒྱུ་ཙམ་མིན་པར་འཛམ་གླིང་སྲིད་གཞུང་ཁག་ནས་ཚུར་བོད་དོན་ཐོག་རོགས་རམ་ཡོང་ཐབས་ཀྱི་ཐབས་བྱུས་བཟུང་དགོས་པ། ལྷག་པར་དེ་འབྲེལ་བགྲོ་གླེང་རིགས་ཨིན་སྐད་ཐོག་མང་ཙམ་གནང་ཐུབ་ན་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་བརྡ་སྤྲད་ཐུབ་རྒྱུའི་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ཆབ་སྲིད་ལངས་ཕྱོགས་ག་རེ་ཡིན་ཡང་བོད་པ་ཤ་ཁྲག་གཅིག་པ་དང་སོ་སོའི་ན་ཚ་ངོ་འཕྲོད་རྒྱུ། རྩ་བའི་བླ་མ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཐོག་དགོངས་བཞེས་ཀྱི་ཕྱག་ལས་གནང་རོགས་ཞེས་སྐུལ་འདེབས་གནང་སོང་། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱི་བློས་བཏང་དེས་བོད་མིའི་མ་འོངས་ལས་འགུལ་ལ་ཤུགས་རྐྱེན་ཇི་ཡོད་བཀའ་འདྲི་ཞུས་པར་བུ་ཆུང་ཚེ་རིང་ལགས་ཀྱིས། མ་འོངས་ལས་འགུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་ཞིང་། དེ་ཡང་བོད་ཀྱི་དཀའ་རྙོག་མ་སེལ་ནས་ལོ་ངོ་བཅུ་ཕྲག་བདུན་ལྷག་འགྲོ་བཞིན་ཡོད་པ་དང་། ད་ཆ་བོད་པའི་མི་རབས་བཞི་པ་དེ་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་བོད་མི་རྣམས་ཀྱི་སེམས་ཀྱི་རྨ་ཁ་གསོ་རྒྱུའི་ཚབ་ལས་ད་དུང་རྨ་ཁ་བཟོ་བཞིན་ཡོད་པའི་གནད་དོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་དཔལ་འབྱོར་ཐོག་བསྟུན་མཁས་བྱེད་བཞིན་པའི་གནས་ཚུལ་ཐོག་བོད་ཀྱི་ཡ་ང་བའི་གནས་སྟངས་ཁྲོད་དེ་ལྟ་བུའི་ཡིད་སྐྱོ་བའི་གནས་ཚུལ་དེས་བོད་མིར་ཚོར་བ་ཤུགས་དྲག་པོ་སླེབས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ད་ལྟའི་དུས་སྐབས་སུ་དུས་ཚོད་ཐུང་ངུའི་ནང་འཛམ་གླིང་གི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་དཔའ་བོ་ཁོང་གི་བློས་བཏང་གནང་བ་དེ་མཇལ་རྒྱུ་ཡོད་པའི་དུས་སྐབས་འདིར་ཚོར་བ་ཤུགས་ཆེ་ཡོང་རྒྱུ་ཡིན་པ་གསུངས་སོང་། འཇིགས་མེད་ཨོ་རྒྱན་ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་མང་པོའི་རིང་འཛམ་གླིང་ཡུལ་གྲུ་གང་སར་དྲྭ་རྒྱའི་ཐོག་ནས་ལས་དོན་ཤུགས་ཆེན་པོ་བྱེད་བཞིན་ཡོད་པར། བོད་པའི་སྤྱི་ཚོགས་ནང་དུའང་དེའི་རིགས་ལ་ཐུགས་སྣང་གནང་ཚེ་མ་འོངས་བོད་དོན་ལས་འགུལ་ལ་ནུས་པ་ཤུགས་ཆེ་རུ་ཡོང་རྒྱུ་དང་། སྤྱི་ཚོགས་དྲྭ་རྒྱའི་ནང་དཀྲུག་ཤིང་དང་སྐད་ཆ་གང་བྱུང་འཆད་མཁན་མང་ཆེ་བའི་མིང་རྫུན་མ་དང་པར་མེད་པ་ཧ་ཅང་མང་པོ་ཡོད་པར་དེ་དག་ལ་གདོང་ལེན་གནང་ཆེད་ཆབ་སྲིད་ཀྱི་སློབ་སྦྱོང་དང་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་ཁ་གཏད་གཅོག་དགོས་པའི་དྲན་སྐུལ་གནང་སོང་། རྩ་བའི་བགྲོ་གླེང་ལས་རིམ་འདིའི་ནང་ཁོང་རྣམ་པ་གཉིས་དང་ལྷན་དུ་དཔའ་བོ་ཁོང་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་སྐུ་ལུས་མེར་མཆོད་ཕུལ་བའི་མཚོན་དོན་བརྒྱུད་ནས་བོད་མི་རྣམ་པས་མཉམ་སྦྲེལ་རྒྱལ་ཚོགས་ལ་ལོ་ངོ་བཅུ་ཕྲག་དུ་མའི་རིང་རེ་བ་བཅོལ་ཡོད་ཀྱང་། གྲོས་ཆོད་ཁག་གཅིག་གཏན་འབེབས་མ་གཏོགས་དོན་ཕན་ལྡན་པའི་བོད་ཀྱི་གནད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་པའི་སྐོར་དང་། བོད་མི་རྣམས་ཚོར་ཤུགས་ཆེ་བའི་དུས་སྐབས་དེར་ཆབ་སྲིད་ཀྱི་ལངས་ཕྱོགས་ལས་བརྒལ་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་མདུན་བསྐྱོད་ཇི་ལྟར་བྱ་དགོས་མིན། རྒྱ་ནག་གཞུང་གི་བྱེད་བབ་ལ་གཞིགས་ནས་ད་ལྟའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་ཡོད་མེད་ཐད་དགོངས་ཚུལ་སོགས་ཀྱི་ཐོག་ལ་བཅར་འདྲི་ཞུས་ཡོད་པས་གཟིགས་འདོད་ཡོད་ཚེ་འདི་ག་རླུང་འཕྲིན་ཁང་གི་ཡུ་ཊུབ་དང་ངོ་དེབ་ཐོག་གཟིགས་རྒྱུ་ཡོད་པ་མ་མཉེས་པ་གནང་རོགས།

The post ད་ལྟའི་དུས་སུ་བོད་མི་ཡོངས་ནས་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་གདོང་ལེན་གྱིས་བོད་དོན་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་གནང་དགོས་པ། appeared first on vot.

View Details

ཁ་སང་ཕྱི་དྲོ་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མདུན་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་ཀྱི་གོ་སྒྲིག་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་མཆོད་འབུལ་གནང་མཁན་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་ལྔ་པ་དང་བསྟུན། མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་བཅས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་སྐབས་མདོ་སྨད་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྤྱི་ཟུར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་གཞན་ལ་འཚེ་བ་སྤུ་ཙམ་མེད་པར་འཆར་གཞི་དང་ནུས་པ་སྙིང་སྟོབས་བཅས་ལྡན་པའི་ཐོག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་དེར་ངེས་པར་རྗེས་དྲན་ཞུ་དགོས་པ་དང་། ལྷག་པར་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མི་མང་ཚོས་ཨ་རི་དང་ཡོ་རོབ་སོགས་ཀྱི་ས་གནས་གཞན་ཁག་གི་བོད་མིའི་ལས་འགུལ་ཁག་ལ་དཔེ་བླངས་ཏེ་ཚོར་བ་ཡོད་ཙམ་བྱས་ཏེ་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་གསུང་བཤད་གནང་སོང་། མདོ་ཁམས་ཆུ་གཞི་སྒང་དྲུག་དབུས་ས་གཉིས་ཀྱི་སྤེལ་བའི་ཁ་སང་ཕྱི་དྲོའི་ལས་འགུལ་དེའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་གི་དབུས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་། བོད་སྒར་བསམ་ཡས་གླིང་གི་ས་གནས་ འགོ་འཛིན་གྱི་གཙོས་པའི་རྒྱ་འཐུས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བརྒྱ་སྐོར་ཞིག་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་ལྟར་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་ཐོག་ནས་ནུས་པ་མཉམ་སྤུངས་དགོས་པ་སོགས་གསུངས་ཡོད། རྒྱལ་གཅེས་དམ་པ་དཔའ་བོ་བློ་དགའ་ལགས་ཀྱི་མདུན་ཚིགས་ལྔ་པའི་མཆོད་འབུལ་སྨོན་ལམ་དེའི་སྐབས་ད་དུང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ BTSM གྱི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ Pankaj Goyal ལགས་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་བ་མ་ཟད། མཆོད་འབུལ་སྨོན་ལམ་གྲུབ་མཚམས་ལས་འགུལ་བ་ཚོས་མར་མེའི་ཁྲོམ་སྐོར་ཡང་གནང་ཡོད།

The post རྒྱལ་ས་ལྡི་ལིར་དཔའ་བོ་བློ་དགའ་རང་བཙན་གྱི་བདུན་ཚིགས་ལྔ་པར་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གནང་བ། appeared first on vot.

View Details

ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་མི་ནི་སོ་ཊའི་ནང་རང་ལོ་ ༨༢ ཅན་གྱི་སྤོ་བོ་རྡོ་རྗེ་རྒྱལ་པོ་ལགས་ཚུད་པའི་བོད་མི་ལྔ་ཡིས་མངའ་སྡེའི་རྒྱལ་ས་ Saint Paul ནས་ Chicago གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་མི་ལེ་ ༤༠༠ ལྷག་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག དེ་ཡང་མི་ནི་སོ་ཊའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ལྷ་ཐོག་རྨ་གཡང་ཉི་མ་ལགས་ཀྱིས་སྣེ་འཁྲིད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱབ་སྐྱོར་འོག ཁ་སང་ཚེས་ ༥ ནས་འགོ་འཛུགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་བོད་དོན་ཆེད་རང་སྲོག་བློས་བཏང་གནང་ནས་ཞག་ ༤༩ སྟེ་འདི་ཚེས་ ༡༩ བར་ཞི་བའི་གོམ་བགྲོད་གནང་བཞིན་པ་དང་། ལས་འགུལ་ནང་རང་ལོ་ ༨༢ ཅན་གྱི་སྤོ་བོ་རྡོ་རྗེ་རྒྱལ་པོ་ལགས་དང་རང་ལོ་ ༢༦ ཅན་གྱི་གཞོན་སྐྱེས་བསྟན་འཛིན་ནོར་བུ་ལགས་བཅས་ཁྱོན་མི་གྲངས་ལྔ་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁ་སང་ཉིན་དང་པོའི་ལས་འགུལ་ནང་ས་གནས་མང་ཚོགས་གཞན་ཁག་གཅིག་ཀྱང་མཉམ་ཞུགས་གནང་འདུག ལྷ་ཐོག་རྨ་གཡང་ཉི་མ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གོམ་བགྲོད་དབུ་འཛུགས་སྐབས། ཐེངས་འདིའི་ཞི་བའི་ལས་འགུལ་དེ་ནི་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཞེས་པའི་སྲིད་བྱུས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དམ་དྲག བོད་ཕྲུག་མང་པོ་ཞིག་རྒྱ་ནག་གཞུང་འབྲེལ་གྱི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་བཅུག་པ་སོགས་ཀྱི་གནད་དོན་རྣམས་ཨ་རིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་ཆེད་དང་། བོད་མི་རྣམས་གཉིད་ལས་སད་ཆེད་དྲན་གསོ་ཡིན་པར་འགྲེལ་བརྗོད་གནང་སོང་བ་མ་ཟད། ལྷག་དོན་དུ་རྒྱ་ནག་དམར་པོའི་གཞུང་ལ་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་མིའི་སེམས་ཤུགས་ནམ་ཡང་ཆགས་ཀྱི་མ་རེད་ཅེས་བརྡ་ལན་གནང་སོང་། གཞན་ཡང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཨོ་རྒྱན་ལགས་ཀྱིས། བོད་པ་ཡིན་པ་ཙམ་གྱིས་ལས་འགུལ་འདྲ་མིན་སྤེལ་དགོས་རྒྱུ་གལ་ཆེན་ཡིན་པ་ནན་བཤད་དང་སྦྲགས། རྒྱུ་ཡོད་མཁན་ཚོས་དངུལ་འགྲོ་སོང་དང་། དཔའ་བློ་ཡོད་མཁན་ཚོས་ཕྱིར་དོན་ནས་ལས་འགུལ་སྤེལ་དགོས་པ། ཤེས་ཡོན་ཅན་ཚོས་དཔྱད་རྩོམ་འབྲི་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་སོང་། ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཁོངས་སུ་ཡོད་མཁན་སྤོ་བོ་རྡོ་རྗེ་རྒྱལ་པོ་ལགས་ལྟ་བུ་མཚོན་ན། དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཉིན་གྲངས་ ༢༧ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་མཁན་ཞིག་ཡིན་པ་དང་། ཁོང་གིས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་དགོས་དོན་གཙོ་བོ་ནི་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་པར་སེམས་ནང་ཚོར་སྣང་དྲག་པོ་ཞིག་བྱུང་སྟབས་ཡིན་པ་གསུངས་འདུག གཞི་རྩའི་ཉེ་ལམ་ཨ་རི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་བསྲེགས་དང་། ལྷག་པར་འདི་ལོར་རྒྱ་དམར་སྲིད་གཞུང་གིས་ཟླ་བ་འདིའི་ཚེས་ ༡ ཉིན་ནས་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བའི་དོན་ཚན་ ༦༥ ཅན་གྱི་ཁྲིམས་ཡིག་ལག་བསྟར་བྱེད་འགོ་བཙུགས་པ་ནས་བཟུང་། རྒྱ་གར་ཕྱི་ནང་གཉིས་ནང་བོད་མི་གནས་སྡོད་ས་ཚིགས་གང་སར་རྐང་འཁོར་དང་སྦག་སྦག་སྐོར་སྐྱོད། སྒེར་ཚོགས་གཉིས་ཀའི་གོ་སྒྲིག་འོག་ཞི་བའི་གོམ་བགྲོད་དང་། […]

The post ཨ་རིའི་ Minnesota ནས་ Chicago གྲོང་ཁྱེར་བར་ཞི་བའི་གོམ་བགྲོད་དབུ་འཛུགས། appeared first on vot.

View Details

ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། སྐུ་ལུས་མེར་མཆོད་ཕུལ་ནས་བདུན་ཕྲག་ལྔ་ཧྲིལ་པོ་འཁོར་གྱི་ཡོད་པ་དང་བསྟུན། འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྐང་འཁོར་དང་སྦག་སྦག་སྐོར་སྐྱོད། ཟས་བཅད་ངོ་རྒོལ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་གནས་སྡོད་བོད་མི་བཟའ་ཚང་བསྟན་འཛིན་དབང་འདུས་ལགས་དང་ཟླ་བ་ལགས་གཉིས་ཀྱིས་ཁུལ་དེ་ནས་འགོ་འཛུགས་ཀྱིས་རྡ་ས་བར་དུསྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་དྲོ་ཆུ་ཚོད་ ༣ ཡོལ་ཙམ་ཁོང་གཉིས་༸རྒྱལ་བའི་བཞུགས་གནས་བཞུགས་སྒར་དྷ་རམ་ས་ལར་མང་ཚོགས་ཀྱི་ཕེབས་བསུ་དང་སྦྲགས་ལས་འགུལ་མཇུག་སྒྲིལ་གནང་སོང་། གསར་འགོད་པས་བསྟན་འཛིན་དབང་འདུས་ལགས་སུ་ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས་ཁོང་གིས། དེ་རིང་བཞུགས་སྒར་རྡ་རམ་ས་ལར་བདེ་ཐང་ངང་འབྱོར་ནས་ལས་འགུལ་དེ་ལེགས་གྲུབ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ཉིན་གྲངས་ ༡༥ རིང་གི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཁྲོད་རྒྱ་གར་གྱི་མངའ་སྡེ་ ༨ བརྒྱུད་ནས་ཕེབས་ཡོད་པ་དང་བསྟུན། གནས་ཡུལ་རྒྱ་གར་ཡུལ་མིའི་ཁྲོད་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་གང་ལེགས་གནང་ཐུབ་ཡོད་པ་དང་ལྷན་དུ། རྒྱ་ནག་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེས་བོད་མིའི་ངོ་བོ་རྩ་མེད་གཏོང་ཉེན་ཡོད་པ། དེ་བཞིན་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་མཆོད་ཕུལ་བའི་གནད་དོན་ཐོག་སྦྱར་ཡིག་འགྲེམས་སྤེལ་ཐུབ་ཡོད་པ་གསུངས་སོང་། ཕྱོགས་མཚུངས་དབུས་དང་རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་ཉིན་གུང་ཆུ་ཚོད་ ༡ པོའི་ཐོག་མེག་གྷན་ཁྲོམ་གཞུང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་རླངས་འཁོར་འབབ་ཚུགས་སུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་མིའི་བདེན་པའི་འཐབ་རྩོད་དང་། ལྷག་པར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་གཙན་ལགས་ཀྱི་བློས་གཏོང་དེར་དྲང་བདེན་གྱི་བརྡ་ལན་དང་ཡ་ལན་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་། དེ་འབྲེལ་རྒྱལ་སྤྱིའི་ངོས་ནས་ཡ་ལན་དོན་དང་ལྡན་པ་ཞིག་གནང་སྐྱོང་ཡོང་བའི་ངག་བཅད་ལས་འགུལ་ཞིག་སྤེལ་གནང་སོང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ལས་འགུལ་དང་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་། ཟླ་བ་སྔོན་མའི་ཚེས་ ༣ ཉིན་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱིས་རང་གི་གཅེས་པའི་སྐུ་སྲོག་བློས་གཏོང་གནང་ནས་བདུན་ཕྲག་ལྔ་འགྲོ་བཞིན་ཡོང་ནའང་། བློ་ཕམ་པ་ཞིག་ལ་ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་གནས་ཚུལ་དེ་ལ་རྡོག་རོལ་དང་སྣང་མེད་བཏང་ཐོག ཡ་ལན་སྤྲད་མེད་པ་ཐེར་འདོན་དང་འབྲེལ། དེར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མཐའ་ཅིག་ཏུ་དགག་པ་ཞུ་རྒྱུ་དང་སྦྲགས། རྒྱ་ནག་དམར་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེར་ང་ཚོས་ངོས་ལེན་རྩ་བ་ནས་མེད་ལ། བོད་ནང་ལག་བསྟར་བྱེད་མཚམས་འཇོག་དགོས་པའི་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག དེ་དང་ཆབས་ཅིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ལས་འགུལ་བ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱིས་རང་གི་གཅེས་པའི་སྐུ་སྲོག་བློས་གཏོང་གནང་བའི་ཚེ་སྲོག་ལ་རྒྱ་ནག་དམར་གཞུང་ནས་འགན་འཁུར་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་མ་ཟད། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་མང་གཙོ་དོན་གཉེར་བ་རྣམས་ནས་རྒྱལ་གཅེས་པ་ཁོང་གིས་རང་ལུས་མེར་བསྲེགས་བཏང་ནས་དེ་རིང་བདུན་ཕྲག་ལྔའི་བར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞུ་གཏུག་དང་སྐད་འབོད་ལ་སོགས་པའི་ལས་འགུལ་སྣ་མང་ཞིག་སྤེལ་དང་སྤེལ་མུས་དེར་རྒྱལ་སྤྱིའི་ངོས་ནས་སྣང་མེད་མ་གཏང་བར་ཡ་ལན་དོན་དང་ལྡན་པ་ཞིག་གནང་དགོས་པའི་འབོད་སྐུལ་ཞུས་འདུག བཞུགས་སྒར་དུ་ད་དུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་ཆེ་བསྟོད་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་དང་འབྲེལ། ཉེ་ལམ་ཕྱི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་ལྟར། དེ་རིང་ཉིན་ ༡༩ པའི་ཐོག་བོད་མི་མང་སྤྱི་འཐུས་ཁག་གཅིག་དང་ལྡི་ལི་མཐོ་སློབ་ཀྱི་སློབ་ཟུར་ཁག་གཅིག་ནས་ཟས་བཅད་ངོ་རྒོལ་གནང་བཞིན་པ་མ་ཟད། དེ་རིང་སྔ་དྲོ་ཕྱག་ཚོད་ ༧ པའི་ཐོག་བོད་མི་མང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་དབུས་པའི་བོད་མི་ཁག་གཅིག་གིས་མགོ་རིལ་བཟོས་པས་བརྒྱུད་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཡང་ཞུས་གནང་འདུག […]

The post བོད་དོན་ཆེད་མེའོ་ཆོས་འཕེལ་གླིང་ནས་རྡ་ས་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མཁན་བོད་མི་བཟའ་ཚང་ཞིག་བཞུགས་སྒར་དུ་འབྱོར་སོང་། appeared first on vot.

View Details

དེ་རིང་ཕྱི་ཟླ་ ༨ ཚེས་ ༥ ཉིན་ལ་དྭགས་བསོད་ནམས་གླིང་བོད་མི་དྭང་བླངས་རུ་ཁག་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ ༨༠ ངོས་ནས་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་གཙོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་སླད་རྒྱལ་ས་གླེ་ནས་འཛམ་གླིང་ནང་གི་མོ་ཊའི་བགྲོད་ལམ་མཐོ་ཤོས་གཉིས་པ་མཁར་གདོང་ལ་ཆེན་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འདུག དེའང་དེ་རིང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཚོགས་པ་དེ་དག་གཉིས་ཀྱི་ལས་ཀྱི་སྣེ་མོ་རྣམས་དང་། སྦག་སྦག་སྐོར་སྐྱོད་པ་རྣམ་པ་ལྷན་འཛོམས་ཐོག ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས་བ་མ་ཟད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཆེད་དུ་ངག་བཅད་མྱ་ངན་སྐར་མ་གཅིག་གནང་སྟེ། བསོད་ནམས་གླིང་ས་གནས་འགོ་འཛིན་བཀྲ་ཤིས་དོན་གྲུབ་ལགས་དང་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཞོན་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས་རྣམས་ཀྱིས་དམ་པ་དེ་ཉིད་ཀྱི་བློས་བཏང་ལ་རྗེས་དྲན་གྱི་གསུང་བཤད་སོགས་གནང་རྗེས། སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་དབུ་འབྱེད་གནང་འདུག སྐབས་དེར་ཁོང་གིས་འདི་གའི་གསར་འགོད་པའི་བཅར་འདྲིའི་ཁྲོད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་ལ་ངོ་རྒོལ་གྱིས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་བ་ལ་རྗེས་དྲན་དང་འབྲེལ། འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་རང་སོ་སོའི་གདུང་སེམས་མཉམ་སྐྱེད་གསལ་སྟོན་གྱི་ལས་འགུལ་སྣ་མང་སྤེལ་བཞིན་པ་ལྟར། བོད་མི་རྣམས་ཀྱིས་ལ་དྭགས་ནང་གི་ཐེངས་འདིའི་ལས་འགུལ་བརྒྱུད་བོད་ཀྱི་བརྡ་ལན་འཛམ་གླིང་ཀུན་ལ་ཁྱབ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད་པ་གསུངས་འདུག སྦག་སྦག་སྐོར་སྐྱོད་པ་རྣམས་ཀྱིས་ཐེངས་འདིའི་ལས་འགུལ་ཐོག་གྱོན་ཆས་ནག་པོ་གྱོན་པའི་ཐོག་རང་ཉིད་ཀྱི་ལུས་ལ་བོད་དང་རྒྱ་གར་གྱི་རྒྱལ་དར་སོགས་བཅིངས་ཏེ་ཚོར་ཤུགས་ཆེན་པོའི་ཐོག་འཛམ་གླིང་ནང་གི་མོ་ཊའི་བགྲོད་ལམ་མཐོ་ཤོས་གཉིས་པ་མཁར་གདོང་ལ་ཆེན་བར་སྦག་སྦག་སྐོར་སྐྱོད་གནང་བ་མ་ཟད། ལ་ཆེན་དེའི་ཐོག་སྐད་ཤུགས་ཆེན་པོས་འབོད་སྒྲ་སྒྲོག་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་གའི་ལས་ཁུངས་མདུན་དུ་རང་ཉིད་ཀྱི་སྐུ་ལུས་མེར་མཆོད་ཕུལ་བའི་གནད་དོན་ལ་ད་བར་བརྡ་ལན་གང་ཡང་གནང་མེད་པར་བློ་ཕམ་གྱི་རྣམ་པ་གསལ་སྟོན་གནང་འདུག དེའི་སྐོར་ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ལ་དྭགས་བསོད་ནམས་གླིང་བོད་མི་དྭང་བླངས་རུ་ཁག་གི་ཚོགས་གཙོ་ཀརྨ་བསོད་ནམས་རབ་བརྟན་ལགས་སུ་བཀའ་འདྲི་ཞུས་ཡོད། གཞན་ཡང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ངོས་ནས་ལས་འགུལ་དེའི་བརྒྱུད་བོད་མི་རྣམས་ལ་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ནམ་ཡང་གློད་རྒྱུ་མེད་པའི་དྲན་སྐུལ་དང་དཔའ་བོའི་ཞལ་ཆེམས་ལྟར་རྡོག་རྩ་གཅིག་སྒྲིལ་དགོས་པའི་ཞུ་འབོད་གནང་འདུག ལས་འགུལ་བ་རྣམས་མཁར་གདོང་ལ་ཆེན་བར་བསྐྱོད་རྗེས་རྒྱལ་ས་གླེར་ཕྱིར་ལོག་གིས་ལས་འགུལ་རེ་ཞིག་མཇུག་བསྒྲིལ་གནང་འདུག

The post བློ་དགའ་རང་བཙན་ལགས་དབུས་པའི་བོད་ཀྱི་རྒྱལ་གཅེས་པ་ཡོངས་ལ་རྗེས་དྲན་སླད་མཁར་གདོང་ལ་ཆེན་བར་སྦག་སྦག་སྐོར་སྐྱོད། appeared first on vot.

View Details

དེ་རིང་ཕྱི་ཟླ་ ༨ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལུགས་བསམ་མཉམ་འབྲེལ་གྱི་འགན་འཛིན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁས་གྲུབ་ལགས་ཁེ་ན་ཌའི་མི་སེར་ཡིན་ཡང་འདས་པའི་ལོ་ ༣ ཙམ་ནས་ཁོང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་དུ་བཅའ་སྡོད་གནང་བཞིན་ཡོད་པ་དང་། དཔྱ་ཁྲལ་འབུལ་བབ་ཀྱང་རྒྱ་གར་ནས་འབུལ་བཞིན་ཡོད་པ་ལྟར། འདི་ལོའི་བཅན་བྱོལ་བོད་མིའི་འོས་བསྡུའི་ཁྲོད་ཁོང་ལ་རྒྱ་གར་ནང་བཅའ་སྡོད་བོད་མི་གཞན་དང་མཚུངས་པའི་འོས་བསྡུའི་ཐབ་ཐང་སྤྲད་མེད་པའི་གནད་དོན་དང་འབྲེལ་ནས་ཁ་མཆུ་ཨང་ ༢༣ པའི་ཐོག་གྱོད་ཡ་ཕྱོགས་གཉིས་ནས་ངེས་བརྟན་བཟོ་རྒྱུའི་ཆེད་ཐོག་མའི་ཉན་ཞིབ་ལས་རིམ་འཚོགས་སོང་། དེ་ཡང་ཁ་མཆུ་ཨང་ ༢༣ དང་འབྲེལ་ཁྲིམས་དོན་གསལ་བཟོའི་ཉན་ཞིབ་ལས་རིམ་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དབུས་པའི་ཁྲིམས་ཞིབ་པ་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམ་པ། གྱོད་ཡ་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་དང་ཁོང་གི་ཁྲིམས་རྩོད་པ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་དང་བསྟན་འཛིན་ཡར་རྒྱས་ལགས། དེ་བཞིན་གྱོད་ཡ་རྩོད་ལེན་པ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། གཞན་ཡང་ཟུར་ཉན་པ་དང་གསར་འགོད་པ་བཅས་ཕེབས་འདུག སྐབས་དེར་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཀྱི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས། ལུགས་བསམ་མཉམ་འབྲེལ་གྱི་འགན་འཛིན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁས་གྲུབ་ལགས་རྩ་བའི་ཁེ་ན་ཌའི་མི་སེར་ཡིན་ཡང་འདས་པའི་ལོ་ ༣ ཙམ་ནས་ཁོང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦ པ་སྟེ་ཡུལ་ཁྲིམས་ལ་བརྩི་སྲུང་ཞུས་པའི་ཐོག་ Overseas Citizenship of India ཞེས་ཕྱི་རྒྱལ་བ་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་ཐོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་དུ་བཅའ་སྡོད་གནང་བཞིན་ཡོད་པ་དང་། དཔྱ་ཁྲལ་འབུལ་བབ་ཀྱང་རྒྱ་གར་ནས་འབུལ་བཞིན་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༧ སྤྱི་འཐུས་ཀྱི་འོས་ཆོས་དང་འབྲེལ་བའི་དོན་ཚན་སྒྲིག་འགལ་བྱུང་གི་མེད་པས། བཅའ་ཁྲིམས་དོན་ཚན་ ༡༡ འོས་བསྡུ་དང་འོས་གཞིའི་ཐོབ་ཐང་འོག་རྒྱ་གར་ནང་བཅའ་སྡོད་བོད་མི་གཞན་དང་མཚུངས་པའི་འོས་བསྡུའི་ཐབ་ཐང་སྤྲད་མེད་པའི་གནད་དོན་དང་འབྲེལ་ནས་ཁ་མཆུ་དེ་ཉིད་གཏུགས་ཡོད་པ་གསུངས་སོང་། མ་ཟད། ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སྤྱི་ཡོངས་གྲུབ་ཟིན་པའི་གནས་སྟངས་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་སུ་འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་གཞིར་བཞེངས་རྒྱུའི་གོ་སྐབས་དམིགས་བསལ་སྤྲོད་ཐུབ་ཀྱི་མེད་ཀྱང་། དེང་སྐབས་ཕྱི་རྒྱལ་ནས་ཚུར་རྒྱ་གར་ནང་ཕྱིར་ལོག་གནང་མཁན་བོད་མི་མི་ཉུང་བ་ཞིག་འབྱུང་གི་ཡོད་པས། སླད་མར་ཁོང་རྣམས་ལ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་མཐུད་ཚང་ཡོང་ཕྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུ་སྒྲིག་གཞི་གཉིས་ཀར་བསྐྱར་བཅོས་འགྲོ་དགོས་པ་དང་། ཞུ་རྩའི་ནང་གསལ། ‘གནས་སྡོད།’ ཞེས་གཞི་གང་ལ་ངོས་འཛིན་དགོས་མིན་བཅའ་ཁྲིམས་ཀྱི་འགྲེལ་བཤད་ཁ་གསལ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཡོད་པ་གསུངས་སོང་། དེ་བཞིན་སྐབས་དེར་རྩོད་ལེན་པ་དབུས་འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས། ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ཕྱི་རྒྱལ་བ་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་ཐོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྡོད་གནང་བཞིན་ཡོད་ནའང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༢ ནང་གསལ་ས་གནས་དེར་གཏན་འཇགས་གནས་སྡོད་འོག་ས་གནས་གཞན་ནས་གནས་སྤོས་བྱས་པ་གང་ཞིག ཀ ༽ ས་གནས་སུ་ལོ་ཧྲིལ་པོ་ ༥ […]

The post ཕྱི་རྒྱལ་ནས་རྒྱ་གར་དུ་ཕྱིར་ལོག་གནང་མཁན་བོད་མི་ཞིག་གི་འོས་བསྡུ་ཐོབ་ཐང་དང་འབྲེལ་ཁ་མཆུ་ཨང་ ༢༣ པའི་ཐོག་མའི་ཉན་ཞིབ་ལས་རིམ་འཚོགས་སོང་། appeared first on vot.

View Details

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་ཕུལ་ནས་ཟླ་གཅིག་འཁོར་བ་དང་བསྟུན། ཨ་རི་གྲོང་ཁྱེར་ནིའུ་ཡོག་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་པ་རེད་འདུག དེ་ཡང་ཟླ་ ༧ ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་སྐུ་ལུས་མེར་མཆོད་ཕུལ་ནས་ཁ་སང་སྟེ་ཟླ་གཅིག་ཧྲིལ་པོ་འཁོར་བ་དང་བསྟུན། འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཁ་སང་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ད་བར་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་མཁན་རྒྱལ་གཅེས་དཔའ་བོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་གྱི་སླད་དུ། ནིའུ་ཡོག་ཇེག་སན་ཧཡིཌ་ Jackson Height ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བར་སྤུར་སྒམ་ ༡༧༠ གདན་ཞུས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། བཞུགས་སྒར་རྡ་རམ་ས་ལའི་ནང་དུ་མེ་གྷན་ཁྲོམ་གཞུང་ནས་བྷག་སུ་ཐང་ཆེན་བར་གོམ་བགྲོད་དང་འབྲེལ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་སོང་། ཕྱོགས་མཚུངས་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་དང་ཧྥ་རན་སིའི་རྒྱལ་ས་པེ་རིས་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐྲ་བཞར་ཏེ་མགོ་རིལ་བཟོས་པ་དང་ས་གནས་སུ་མར་མེ་ཁྲོམ་སྐོར་བརྒྱུད་དཔའ་བོ་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་དང་འབྲེལ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་འདུག དེ་བཞིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་དུ་རྟེན་གཞི་བྱས་པའི་ Bank of China རྒྱ་ནག་གི་དངུལ་ཁང་ཞེས་པ་དེའི་ཡན་ལག་དངུལ་ཁང་ཞིག་གི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་དང་སྦྲགས། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་མཆོད་ཕུལ་ནས་ཟླ་གཅིག་ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་ཀྱང་འཚོགས་འདུག གཞན་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དབྱིན་ཡུལ་གྱི་སྲིད་བློན་གྱི་བཞུགས་གནས་ Downing Street ཞེས་པའི་ས་གནས་ནས་འགོ་འཛུགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་བར་དུ་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད། ལག་ཏུ་ཀྲག་ཤོག་ནག་པོའི་བསྟུམས་པའི་ཕུང་པོ་དང་དེའི་ཐོག་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་རྣམས་ཀྱིས་པར་རིས་སྦྱར་ཏེ་ངོ་རྒོལ་སྐད་འབོད་དང་སྦྲགས། དཔའ་བོ་བློ་དགའ་རང་བཙན་གཙོས་པའི་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་ ༡༧༠ ལྷག་ལ་རྗེས་དྲན་དང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོས་ལེན་རྩ་བ་ནས་མེད་ཅེས་བརྗོད་འདུག་པ་དང་། ཉི་འོང་གྱི་རྒྱལ་ས་ཊོཀ་ཡོ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་དང་གོམ་བགྲོད་ཀྱི་ལས་གུལ་སྤེལ་འདུག་པ་མ་ཟད། གོམ་བགྲོད་ཀྱི་ལས་འགུལ་གྲུབ་མཚམས་སུ་ཊོཀ་ཡོ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་དང་འབྲེལ་རླུང་རྟ་ཞེས་པའི་དངོས་བྱུང་གི་གློག་བརྙན་ཞིག་གཟིགས་འབུལ་ཞུས་འདུག ཕྱོགས་མཚུངས་ཁ་སང་རྒྱ་གར་གྱི་གྲོང་ཁྱེར་སྦོམ་སྦེ་ནང་གི་རང་བཙན་རྒྱལ་ཐང་དུ། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གིས་བོད་མི་རིགས་རྩ་མེད་གཏོང་བའི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་པའི་ཆེད་དུ་མོན་གྷོ་འདོད་རྒུ་གླིང་གི་ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ། བྷན་རྡ་ར་ནོར་རྒྱས་གླིང་གི་གཞོན་ནུ་བཅས་ཐུན་མོང་གི་གོ་སྒྲིག་འོག ཞི་བའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག་པ་དང་། སྐབས་དེར་མོན་གྷོ་ས་གནས་ཀྱི་སེར་སྐྱ་མང་ཚོགས་བརྒྱ་དང་བདུན་བཅུ་ལྷག་དང་། བྷན་རྡ་ར་ནོར་རྒྱས་གླིང་གི་མང་ཚོགས་ལྔ་བཅུ་ང་གཅིག་བཅས་མཉམ་ཞུགས་གནང་འདུག་པ་མ་ཟད། སྦོམ་སྦེར་རྟེན་གཞི་བྱས་པའི་རྒྱ་ནག་གི་ཡན་ལག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་སྐབས་བོད་མི་བཞི་བཅུ་ལྷག་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྗེས་སུ་གློད་བཀྲོལ་བཏང་ཡོད་པ་རེད་འདུག རྩ་བའི་ད་བར་བོད་མི་ ༡༧༠ ལྷག་གིས་སྐུ་ལུས་མེར་བསྲེགས་བཏང་ཡོད་པ་དང་དཔའ་བོ་བློ་དགའ་རང་བཙན་ལགས་ནི་ནུབ་ཕྱོགས་རྒྱལ་ཁབ་ནང་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཁ་སང་ཚེས་ ༢ ཉིན་དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་ནས་ཟླ་ ༡ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁེལ་ཡོད་པ་དང་། ཨ་རི་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་གཙོས་པའི་མར་མེ་ཁྲོམ་སྐོར་དང་། ཞི་བའི་གོམ་བགྲོད། དེ་བཞིན་བགྲོ་གླེང་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་གནང་ཡོད་པ་རེད།

The post དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཕུལ་ནས་ཟླ་གཅིག་འཁོར་བ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ། appeared first on vot.

View Details

CNN གསར་ཁང་དང་བོད་གནས་ལྟ་ཞིབ་ཁང་གཉིས་ཀྱིས་བོད་ཁམས་ཕྱོགས་ནས་བཙན་བྱོལ་ལ་འབྱོར་བའི་བོད་མི་ཞིག་ལ་དམིགས་བསལ་བཅར་འདྲི་ཞུས་པའི་ཁྲོད། རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ལོ་མཇུག་ཙམ་ལ་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་གླིང་དགོན་དུ་སྨིད་ ༩༩ ཅན་གྱི་སྟོན་པའི་སྐུ་བརྙན་དང་མ་ཎི་འཁོར་ལོ་གྲངས་ ༤༥ དེ་བཞིན་ཉེ་འཁྲིས་སུ་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་དང་གཙུག་ལག་ཁང་གཏོར་བཤིག་བཏང་རྗེས། ད་ཆ་ས་ཚིགས་དེབཞིན་རྟ་རྒྱུག་ཐང་དུ་བསྒྱུར་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་གཞུང་གིས་བོད་ནང་དུ་མི་རིགས་མཉམ་བསྲེས་ཀྱི་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད། ད་ལྟའི་ཆར་བོད་པའི་ལོ་ཆུང་བྱིས་པ་རྣམས་བོད་སྐད་ཡང་རྒྱག་ཐུབ་ཀྱི་མེད་པའི་གནས་སྟངས་འོག་ལྷུང་ཡོད་པ་འགྲེལ་བརྗོད་གནང་འདུག དེ་ཡང་ཁ་སང་ CNN གསར་ཁང་དང་བོད་གནས་ལྟ་ཞིབ་ཁང་གཉིས་ཀྱིས་དེ་གའི་དྲྭ་ཚིགས་ཐོག་བོད་ཁམས་བྲག་མགོ་ཕྱོགས་ནས་བཙན་བྱོལ་ལ་འབྱོར་བའི་བོད་མི་ཆོས་རྒྱལ་ཟླ་བ་ལགས་སུ་དམིགས་བསལ་བཅར་འདྲི་ཞུས་པའི་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་བོད་བྲག་མགོའི་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་ཉེ་འཁྲིས་སུ་བཞེངས་ཡོད་པའི་མཐོ་ཚད་ལ་ཁྲུ་ ༩༩ ཅན་གྱི་སྟོན་པའི་སྐུ་བརྙན་དང་། རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན། མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་བཅས་གཏོར་བཤིག་བཏང་བའི་གནས་ཚུལ་ཕྱི་ཕྱོགས་སུ་ཐོན་ཡོད་པ་ལྟར་།ཆོས་རྒྱལ་ལགས་ཀྱིས་སྔར་ཆོས་ལུགས་ཀྱི་གནས་རྟེན་ཡིན་པའི་ས་གནས་དེ་ད་ཆ་རྟ་རྒྱུག་བཏང་སའི་ཐང་ཆེན་དུ་བསྒྱུར་ཡོད་པ་མ་ཟད། དེའི་ཉེ་འཁོར་དུ་ཐོག་བརྩེགས་མང་པོ་ཡོད་པའི་ཁང་པ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག མ་ཟད། ཁོང་གིས་ཁམས་བྲག་མགོ་དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ངོ་རྒོལ་གྱི་ལྟེ་གནས་ཤིག་ཏུ་གྱུར་རྗེས། རིམ་པས་ཁུལ་དེར་རྒྱ་གཞུང་གིས་མངོན་གསལ་དོད་པོས་དམག་མི་དང་ཉེན་རྟོག་པ་ཇེ་མང་དུ་བཏང་ནས་དམ་དྲག་ཇེ་ཆེར་བཏང་བ་དང་། སྲང་ལམ་ཁག་ནས་བོད་མི་ཚོར་གང་བྱུང་གིས་སྔོག་བཤེར་བྱས་པ་སོགས་མཐོང་མྱོང་ཡོད་པ་དང་། ལྷག་པར་དེང་སྐབས་ས་གནས་མི་མང་རྣམས་རྒྱུན་དུ་གཞུང་གི་ཚོགས་འདུར་བསྐོངས་ནས། དམར་ཤོག་ཚོགས་པར་ཉན་དགོས་པ་དང་། རང་གི་ཕྲུ་གུ་དགོན་པའི་སློབ་གྲྭར་གཏོང་མི་རུང་བའི་སྐོར་ལ་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་ཆབས་ཅིག བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་གཏོར་བཤིག་ལ་ཞི་རྒོལ་གནང་མཁན་བོད་མིར་ཉུང་མཐར་ཉིན་གྲངས་ ༢༠ ལྷག་བཀག་ཉར་དང་གཞུང་གི་ཆབ་སྲིད་སློབ་གསོར་བཙན་གྱིས་ཞུགས་བཅུག་གི་ཡོད་པ་འགྲེལ་བརྗོད་གནང་འདུག དེ་བཞིན་ཆོས་རྒྱལ་ལགས་ཀྱིས་ཁོང་གི་མི་རབས་ནི་རྒྱ་ནག་ནང་ཤེས་ཡོན་གྱི་བརྒྱུད་རིམ་ཡོངས་རྫོགས་སུ་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག རིག་གཞུང་བཅས་ལ་དམིགས་བསལ་གྱིས་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་པའི་མི་རབས་མཐའ་མ་དེ་ཡིན་པར་སེམས་འཚབ་དང་སྦྲགས། རྒྱ་གཞུང་གིས་བོད་ཁུལ་དུ་བཙན་གྱིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལག་བསྟར་ཁྲོད་ད་ལྟའི་ཆར་བོད་མི་ན་གཞོན་རྣམས་རང་གི་ཕ་སྐད་ཙམ་ཡང་རྒྱབ་ཐུབ་ཀྱི་མེད་པ་དང་། ལྷག་པར་རྒྱའི་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་རྒྱ་སྐད་དང་རྒྱ་ཡིག་གཙོ་ཁྲིད་བྱས་ཏེ་བོད་མིའི་ངོ་བོ་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་ཐོག ད་ཆ་སྔོན་འགྲོའི་སློབ་གྲྭ་ནང་གི་བོད་པའི་ལོ་ཆུང་བྱིས་པ་ཚོ་ལའང་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་ཡིད་ཆེས་འགྱུར་བ་མེད་པ་བྱེད་དགོས་སྐོར་གྱི་སློབ་གསོ་སྤེལ་བཞིན་པ་དེས་བོད་མིའི་ངོ་བོ་དང་ཆོས་རིག་བཅས་པ་རྩ་མེད་འགྲོ་ཉེན་ཡོད་པའི་བློ་འཚབ་ཆེས་ཆེར་བཏོན་གནང་འདུག གནས་ཚུལ་ནང་ད་དུང་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ལོ་ན་བརྒྱད་སོན་པའི་ཆོས་རྒྱལ་ལགས་ཀྱིས་བོད་ནས་བྲོས་བྱོལ་དུ་ཕེབས་ཐབས་གནང་ཡོད་ཀྱང་། གཞིས་ཀ་རྩེ་ས་ཁུལ་དུ་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་རྗེས་ཟླ་བ་གཅིག་ཙམ་བཀག་ཉར་བྱས་ཏེ་འདྲི་རྩད་བྱས་པ་དང་། དེ་རྗེས་ས་གནས་བཙོན་ཁང་དུ་བསྐྱལ་ཏེ་ཟླ་བ་དྲུག་ཙམ་རིང་བཅོན་དུ་བཅུག་ཡོད་པ་གསལ་སྟོན་དང་ཆབས་ཅིག དེ་ལྟར་ཡང་སྔ་ལོར་ཁོང་བོད་ནས་བྲོས་བྱོལ་དུ་ཕེབས་ཏེ་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཡང་ཞུས་ཡོད་པ་གསལ་སྟོན་གནང་འདུག གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད། གཞི་རྩའི་སྔ་ལོར་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་ས་ཁུལ་གྱི་བྲག་མགོ་རྫོང་དུ་སླར་ཡང་གུ་རུའི་སྐུ་བརྙན་ཞིག་དང་མཆོད་རྟེན་བརྒྱ་ཕྲག་མང་པོ་གཏོར་བཤིག་བཏང་བ་མ་ཟད། ཁུལ་དེའི་ས་གནས་བོད་མི་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་དང་། ལྷག་པར་དེའི་སྐོར་གྱི་གནས་ཚུལ་མཁོ་སྤྲོད་གནང་མཁན་བོད་མིར་འཛིན་བཟུང་དང་ཁྲིམས་ཐག་ལྕི་མོ་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

The post བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་སའི་ས་ཚིགས་དེ་བཞིན་རྟ་རྒྱུག་ཐང་ཆེན་དུ་བཟོས་ཡོད་པ་ཐེར་འདོན། appeared first on vot.

View Details

ཕྱི་ཟླ་ ༨ ཚེས་ ༡ དགོང་མོ་ཨ་རི་ནིའུ་ཡོག་གི་ Times Square ཊཡེམ་སི་གྲུ་བཞི་ཐང་ཆེན་དུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་བརྒལ་བ་ནས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་ ༡ ཕྱིན་པར་རྗེས་དྲན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་གནད་དོན་ལ་དོ་སྣང་ཡོང་ཐབས་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་ཆེད་གཞི་རྒྱ་ཆེ་བའི་མར་མེའི་ཁྲོམ་སྐོར་གྱིས་ལས་འགུལ་ཞིག་སྤེལ་འདུག དེ་ཡང་མཛད་སྒོའི་ཐོག་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རི་ཅརཌ་གྷེར་ལགས་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་ཐོག་སྐུ་ལས་འཛད་མེད་བསྐྱོན་པ་རྣམས་དྲན་གསོ་གནང་བའི་ཐོག་༸རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་བློས་བཏང་ལ་རྗེས་དྲན་གྱིས། བོད་མི་ཚང་མས་བོད་དོན་ཆེད་དུ་སོ་སོའི་ལས་འགན་འཁུར་དགོས་པའི་སྐུལ་མ་དང་ཆབས་ཅིག དཔའ་བོ་ཁོང་གི་ང་བོད་པ་ཡིན་ཞེས་པའི་འབོད་ཚིག་དྲན་སྐུལ་གནང་འདུག དེ་བཞིན་ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་ Steven Raga སི་ཊི་ཝིན་རཱ་གཱ་ལགས་ཀྱིས། བོད་ཀྱི་དཔའ་བོ་ ༡༧༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དང་འབྲེལ་ནས་བོད་མིའི་ངོ་བོ་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་དགོས་གལ་ཡིན་པ་མ་ཟད། བོད་མིར་དུས་རྟག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས་སྤོབས་པ་ཡོད་ཅེས་དང་། འདིར་འདུ་འཛོམས་བྱུང་བ་དེ་ནི་རྗེས་དྲན་བྱེད་རྒྱུ་ཙམ་མིན་པར་མ་ཤི་བའི་སྔོན་དུ་བོད་ཀྱི་རང་བཙན་ལེན་ཐུབ་དགོས་པ་དྲན་དགོས་པ་སོགས་གསུངས་འདུག ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་ Catalina Cruz ཀེ་ཊེ་ལི་ན་ཁུརུཛ་ལགས་ཀྱིས། བོད་རང་བཙན་གྱི་འཐབ་རྩོད་དང་བོད་མིར་རྒྱབ་སྐྱོར་གནང་དགོས་གལ་ཡིན་ཞིང་། དེ་རིང་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱི་བློས་བཏང་ལ་རྗེས་དྲན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ནང་ཆ་ཤས་བླངས་ཐུབ་པར་སྤོབས་པ་བྱུང་སོང་བ་སོགས་གསུངས་འདུག མ་ཟད་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་དེའི་ནང་ཤར་ཏུར་ཀིས་ཐན་དང་ཧོང་ཀོང་། སོག་པོ་སོགས་རྒྱ་གཞུང་གི་འོག་བཙན་གནོན་མྱོང་བཞིན་པའི་མི་རིགས་རྣམས་ནས་ཀྱང་མཉམ་ཞུགས་གནང་འདུག་པ་དང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་གཙོ་ Rushan Abbas རུཤཱན་ཨབྦཱས་ལགས་ཀྱིས། ཤར་ཏུར་ཀིས་ཐན་གྱི་ཡུ་གུར་མི་རིགས་དང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་མི་རིགས། ལྷོ་སོག་པོ། ཧོང་ཀོང་བ་སོགས་ནས་བོད་མིར་རྒྱབ་སྐྱོར་ཡོད་པ་དང་། རྒྱ་ནག་གི་ནག་ཉེས་ཐེར་འདོན་དང་དྲང་བདེན་གྱི་རྒྱལ་ཁ་མ་ཐོབ་བར་དུ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་མཚམས་འཇོག་བྱ་རྒྱུ་མིན་པ་མ་ཟད། རྒྱ་ནག་ནི་བོད་མི་དང་ཤར་ཏུར་ཀིས་ཐན་སོགས་ལ་ཉེན་ཁ་ཙམ་མིན་པར་འཛམ་གླིང་གི་མང་གཙོའི་རང་དབང་ལ་ཉེན་ཚབས་ཆེན་པོ་ཞིག་ཡིན་སྟབས། འཛམ་གླིང་མི་མང་ཚོ་ཕྱི་མ་དྲག་གོང་ལ་གཉིད་སད་དགོས་པའི་བརྡ་ལན་གནང་འདུག ཧོང་ཀོང་མང་གཙོ་འཐབ་རྩོད་པའི་འགོ་ཁྲིད་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ Alex Cho ཨེལཀ་སི་ཅོ་ལགས་ཀྱིས་ཀྱང་། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་གུས་འདུད་དང་རྗེས་དྲན་ཞུས་པའི་ཐོག་ནས་བོད་ཀྱི་རང་བཙན་མ་ཐོབ་བར་དུ་ཧོང་ཀོང་བ་རྣམས་དུས་རྟག་ཏུ་མཉམ་དུ་ཡོད་པ་སོགས་གསུངས་འདུག རྩ་བའི་མཛད་སྒོའི་ཐོག་གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་དང་བོད་ཀྱི་རྩོམ་པ་པོ་དང་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས། བོད་དོན་ལས་འགུལ་བ་འཇིགས་མེད་ཨོ་རྒྱན་ལགས། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ལགས་སོགས་ནས་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་འདུག མཟད་སྐབས་དེར་ཕྱི་ཟླ་ ༧ ཚེས་ […]

The post ནིའུ་ཡོག་ཏུ་དཔའ་བོ་བློ་དགའ་ལགས་སུ་རྗེས་དྲན་དང་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་ཆེད་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ། appeared first on vot.

View Details

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བཙན་པོ་དབང་ཡོད་ཀྱིས་མི་རིགས་མཉམ་བསྲེས་བྱེད་པ་ལས་ཡུན་གནས་ཀྱི་ཞི་བདེ་ཡོང་ཐབས་མེད་པ་དང་། མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་འོག་ནས་ཆིག་སྒྲིལ་ཟེར་བ་ཡོང་ཐབས་མེད་པར་བརྟེན། བརྟན་ལྷིང་དང་མཐུན་ལམ་ནི། འགྲོ་བ་མིའི་རིན་ཐང་དང་རིག་གཞུང་སྣ་མང་། ཆོས་ལུགས་ཀྱི་རང་དབང་། དེ་བཞིན་དོན་ཕན་ལྡན་པའི་གྲོས་མོལ་ལ་གུས་བཀུར་བྱེད་པའི་ཐོག་ནས་ཡོང་རྒྱུ་ཡིན་པའི་བརྡ་ལན་གནང་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་འཐུས་མི། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་། ཆོས་དད་རང་དབང་། བོད་རྒྱའི་རྩོད་རྙོག་དེ་ཞི་བའི་ལམ་ནས་སེལ་དགོས་པའི་དགོས་འདུན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་འབོད་སྐུལ་ཞུས་ཏེ། མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཛ་དྲག་གི་གདོང་ལེན་གནང་དགོས་པའི་དང་སྦྲགས། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་མི་རྣམས་ལ་ཆེ་མཐོང་དང་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོད་པའི་བོད་རང་བཙན་གྱི་དོན་དུ་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་ལས་དུས་སྐབས་འདིའི་ཛ་དྲག་ཆེ་བའི་གནས་སྟངས་མངོན་གསལ་གནང་གི་ཡོད་པ་བརྡ་ལན་གནང་འདུག ལྷག་པར་བོད་ཀྱི་མ་འོངས་པ་ནི་དྲང་བདེན་དང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་དགོས་པ་ལས་མི་རིགས་མཉམ་བསྲེས་དང་བཙན་ཤེད་བརྒྱུད་ནས་མིན་པ་ནན་བརྗོད་བརྒྱུད་དོན་ཚན་བརྒྱད་ཆེད་བཀོད་གནང་འདུག དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་ཡིག་དེའི་ལག་བསྟར་ལ་བྱ་ར་དང་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ཐེབས་ལྟ་ཞིབ་ནན་པོ་བྱ་དགོས་ཤིང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་གནང་ཕྱོགས་ལྟར་རང་དབང་ཅན་གྱི་ཞིབ་དཔྱོད་ལ་རྒྱབ་སྐྱོར་གནང་དགོས་པ། རྒྱལ་ཚོགས་དང་རྒྱལ་སྤྱིའི་ལྟེ་གནས་ཁང་སོགས་ཚུད་པའི་རྒྱལ་ཁབ་ཕན་ཚུན་ནམ་མང་པོ་མཉམ་གྲོས་སྐབས་གནད་དོན་དེ་གླེང་སློང་བྱ་དགོས་པ་མ་ཟད། ཁྲིམས་ཡིག་དེ་ལག་བསྟར་བྱས་ཏེ་བོད་མི་དང་གཞན་གནོད་འཚེ་འཕོག་པའི་མི་རིགས་རྣམས་ཀྱི་རིག་གཞུང་དང་སྐད་ཡིག། ཆོས་ལུགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཞུས་འདུག མ་ཟད་བོད་འདི་དྲག་པོའི་བཙན་འཛུལ་མ་བྱས་པའི་སྔ་རོལ་དུ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དགོས་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འཚེ་མེད་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་ཀྱིས་བོད་རྒྱའི་རྩོད་རྙོག་སེལ་ཕྱིར་རྒྱ་གཞུང་གི་འགོ་ཁྲིད་ལ་ཞི་བའི་གྲོས་མོལ་བྱ་རྒྱུའི་གནོན་ཤུགས་སྤྲད་དགོས་པའི་སྐུལ་མ་གནང་འདུག ད་དུང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་ཇེ་ཤུགས་ཆེ་རུ་གཏང་དགོས་ཤིང་། སོ་སོའི་རྒྱལ་ཁབ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་སྲུང་སྐྱོབ། འཛམ་གླིང་ནང་གི་མང་གཙོའི་རང་དབང་ལ་ཉེན་ཁ་བཟོ་གཞིའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་རྣམ་པ་མི་འདྲ་བ་གང་ཡོད་རྣམས་ལ་ཁ་གཏད་བྱ་དགོས་པ་ནན་བརྗོད་གནང་འདུག རྩ་བའི་ཞུ་ཡིག་དེའི་ནང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ལག་བསྟར་བྱས་འགོ་བཙུགས་པ་དེ་ནི་བོད་མིར་བློ་འཚབ་གྱི་གནད་དོན་ཙམ་མིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ལ་རིག་གཞུང་དང་ཆོས་དད་རང་དབང་། སྐད་ཡིག་གི་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་སྲུང་སྐྱོབ་ཀྱི་ཆོད་སེམས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་པ་དང་ཆབས་ཅིག མི་རིགས་ཀྱི་ངོ་བོ་ལ་ཉེན་འཚབ་བཟོས་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ཀྱི་གཞི་བཅོལ་སའི་གཞི་རྩའི་ལྟ་གྲུབ་དེའང་ཉེན་ཁའི་གནས་སུ་ལྷུང་གི་ཡོད་པ་ནན་བརྗོད་གནང་འདུག གཞི་རྩའི་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་ཁྲིམས་ཡིག་དེ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད།

The post རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ། appeared first on vot.

View Details

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་ ༡༠ པའི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས།

The post བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་ ༡༠ པའི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས། appeared first on vot.

View Details

བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། གསར་འགྱུར་མེ་ལོང་དང་དགེ་སློང་རིག་འཛིན་དབང་པོའི་སྐོར།

The post བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། གསར་འགྱུར་མེ་ལོང་དང་དགེ་སློང་རིག་འཛིན་དབང་པོའི་སྐོར། appeared first on vot.

View Details

ཁ་དོག་རི་མོའི་སྒྱུ་རྩལ་མཐུན་ཚོགས་ལ་རཱུའུ་བྷིན་འགྲེམས་སྟོན་ཁང་གི་བྱ་དགའ་ཐོབ་འདུག

The post ཁ་དོག་རི་མོའི་སྒྱུ་རྩལ་མཐུན་ཚོགས་ལ་རཱུའུ་བྷིན་འགྲེམས་སྟོན་ཁང་གི་བྱ་དགའ་ཐོབ་འདུག appeared first on vot.

View Details

གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ།

The post གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ། appeared first on vot.

View Details

ཐེ་ཝན་ནང་༸རྒྱལ་བའི་གོ་སྟོན་དང་དང་འབྲེལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བཞིན་པ།

The post ཐེ་ཝན་ནང་༸རྒྱལ་བའི་གོ་སྟོན་དང་དང་འབྲེལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བཞིན་པ། appeared first on vot.

View Details

རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས།

The post རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས། appeared first on vot.

View Details

རྒྱ་གཞུང་ལ་་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་ཐད་འགན་ཁུར་ལན་འདེབས་དགོས་པ་གསུངས་འདུག

The post རྒྱ་གཞུང་ལ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་ཐད་འགན་ཁུར་ལན་འདེབས་དགོས་པ་གསུངས་འདུག appeared first on vot.

View Details

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༥ ཧྲིལ་པོ་འཁོར་བའི་དུས་དྲན་དང་བསྟུན། བོད་མི་རྣམས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་དོན་ཆེ་ཕྲ་ཇི་བྱུང་གནང་སྐྱོང་ཡོང་བའི་སྐུལ་འདེབས་གནང་སོང་བ་མ་ཟད། རྒྱ་དམར་གཞུང་ལ་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་ནུས་པ་དང་ལྡན་པའི་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པའི་བརྡ་ལན་གནང་སོང་། དེ་ཡང་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་མོ་འདི་བཞིན་དེ་སྔོན་ཕྱོ་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་གནང་སྟེ། ད་ཆ་ལོ་ངོ་ ༥༥ ཧྲིལ་པོ་འཁོར་བའི་དུས་དྲན་ཡིན་པར། བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་དམར་སྲིད་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། མདོ་དབུས་ཁམས་གསུམ་དུ་གནས་པའི་བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་། ཆོས་རིག་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འོག་བོད་ཀྱི་སྣོད་བཅུད་གཉིས་ལ་ནམ་ཡང་སྐྱིན་ཚབ་འཇལ་ཐབས་མེད་པའི་གྱོང་གུན་དང་གཏོར་བཤིག་ཚབས་ཆེན་བཏང་ཡོད་པར་ཐེར་འདོན་དང་སྐྱོན་བརྗོད་ནན་པོ་གནང་བའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་དང་བལ་ཡུལ་གཉིས་གཙོ་བར་གྱུར་བའི་ཕྱིའི་རྒྱལ་ཁབ་ཁག་དང་། གནད་ཡོད་གྲོང་དང་གྲོང་ཁྱེར་ཡུལ་གྲུ་གང་སར་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ཆབ་སྲིད་ཀྱི་བོད་དོན་ལས་འགུལ་ངོ་རྒོལ་སྐད་འབོད་དང་། སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ། གཏམ་བཤད་སྐོར་བསྐྱོད། ཞི་བའི་གོམ་བགྲོད། རྐང་འཁོར་སྐོར་བསྐྱོད། སྦག་སྦག་སྐོར་བསྐྱོད། གཏམ་བརྗོད་སྐོར་བསྐྱོད། ཟས་བཅད་ངོ་རྒོལ། རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཐོལ་ཐབས་སོགས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་སྣེ་མང་སྤེལ་དང་སྤེལ་མུས་ཡིན་པ་གསུངས་འདུག ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་སྤེལ་བ་དང་། རྒྱལ་ཞེན་དང་འཐབ་རྩོད་ཀྱི་བསམ་བློ་སྐྲུན་པ། དབུལ་ཕོངས་ཉམ་ཐག་རྣམས་ལ་མཐུན་འགྱུར་རོགས་རམ། འབྱུང་བཞིའི་གནོད་པ་བྱུང་རིགས་ལ་ཛ་དྲག་གི་རོགས་སྐྱོར། གཞོན་སྐྱེས་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་། རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཐོག་སྦྱང་འབྲས་ལེགས་སོན་རྣམས་ལ་ཆེ་བསྟོད་གཟེངས་རྟགས་འབུལ་བ་སོགས་ཀྱི་ཞབས་ཞུའི་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་པ་གསུངས་འདུག མ་ཟད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་གོ་སྐབས་དམ་འཛིན་གྱིས་རང་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་རེ་འདུན་ཡིད་ལ་བཟུང་ཞིང་རྡོག་རྩ་གཅིག་སྒྲིལ་ཐོག་འགན་འཁུར་དགོངས་བཞེས་ཀྱིས་ཕྱི་ནང་དང་དགྲ་གཉེན་གྱི་ཁ་ཕྱོགས་མ་ནོར་བར་བོད་དོན་བདེན་པའི་འཐབ་རྩོད་སྔར་ལྷག་ནུས་ཤུགས་གཅིག་སྒྲིལ་གནང་རྒྱུར་འབོད་སྐུལ་སོགས་ཞུས་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོང་དུ་བཀུར་ཏེ་བོད་སྤྱི་བའི་ལས་དོན་གྲུབ་རྒྱུ་དང་། ཆོས་ལུགས་དང་ཆོལ་ཁ་དབྱེ་མེད། མི་རིགས་གཅིག་གི་འདུ་ཤེས་འོག་འཐབ་རྩོད་བྱ་རྒྱུ། བོད་ཀྱི་ཐུན་མོང་མིན་པའི་ཆོས་རིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ། ལྷག་པར་ཆབ་སྲིད་ཀྱི་དཀའ་ངལ་འོག་གནས་པའི་མི་རིགས་ཤིག་ཡིན་དུས། རང་བཙན་གྱི་ལྟ་གྲུབ་ཐོག་ནས་ལས་འགུལ་སྤེལ་རྒྱུ་བཅས་གང་ལྟར། བོད་མི་མང་ཚོགས་ནས་སེམས་ཤུགས་མ་ཆགས་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་དོན་ཆེ་ཕྲ་ཇི་བྱུང་སྤེལ་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་། མ་ཟད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མགོན་པོ་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་དེ་རིང་ཉིན་མོ་དང་འབྲེལ་ནས་འཚམས་འདྲི་ཞུས་པའི་ཐོག ད་བར་ལོ་ངོ་ ༥༥ ཕྱིན་པའི་ཁྲོད། ཕྱིའི་དགྲ་བོས་སྡང་ཟུག་ཆེ་ཆུང་ལ་མ་ལྟོས་པར་གཞོན་ལྷན་གྱི་ངོས་ནས་ད་དུང་ཡིན་ཡང་ནུས་པ་དང་ལྡན་པའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་ཞིང་། རྒྱ་དམར་གཞུང་ལ་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་ནུས་པ་དང་ལྡན་པའི་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པའི་བརྡ་ལན་གནང་སོང་། རྩ་བའི་དེ་རིང་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་དྲོ་ཕྱག་ཚོད་ ༧ པའི་ཐོག་རྡ་ཤོད་བོད་ཁྱིམ་དུ་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་ཡིན་ཞིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མགོན་པོ་དོན་གྲུབ་ལགས་དང་། […]

The post བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་དོན་ཆེ་ཕྲ་ཇི་བྱུང་གནང་སྐྱོང་ཡོང་བའི་སྐུལ་འདེབས་གནང་སོང་། appeared first on vot.

View Details

སང་ཉིན་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༨ རེས་གཟའ་ལྷག་པ་རྒྱལ་བའི་སྐུའི་བླ་གཟའ་དང་བསྟུན་ནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་བོད་རིགས་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྟབས། ཁ་སང་ཕྱི་ཚེས་ ༦ ནས་བརྟན་བཞུགས་ཀྱི་སྐུ་ཚེའི་ཚེ་སྒྲུབ་འགོ་འཛུགས་ཞུས་ཡོད་ཅིང་། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བརྟན་བཞུགས་གོ་སྒྲིག་ཞུ་མཁན་ཁྲོད། ཡོ་རོབ་བོད་རིགས་ཚོགས་པའི་ངོས་ནས་ཐུགས་འགན་བཞེས་མཁན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཕྱི་ལོ་ ༢༠༢༢ ལོར་ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པ་གཞིར་བཟུང་ད་རེས་༸སྐུའི་གོ་སྟོན་དང་འབྲེལ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་དང་། ཡོ་རོབ་ནང་དུ་ཁྱོན་བོད་རིགས་ཚོགས་པ་ཁག་ ༡༥ ཡོད་པ་དང་། ད་རེས་དངོས་སུ་ཕེབས་ཏེ་མཉམ་ཞུགས་གནང་མཁན་ཚོགས་པ་ཁག་ ༡༣ ཙམ་ནས་ཚོགས་མི་ ༣༤ དང་མི་མང་བཅས་ཁྱོན་ཆེད་བཅར་ཞུ་མཁན་མི་གྲངས་ ༧༠ ཙམ་ཡོད་པ་གསུངས་སོང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མགོན་པོ་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ལོ་གསུམ་གོང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གྲོས་ཆོད་གཞིར་བཟུང་གསོལ་འདེབས་ཞུ་དོན་ལྟར་གོ་སྐབས་དེ་ཐོབ་ཡོད་ཅིང་། ད་རེས་བརྟན་བཞུགས་སྐབས། དབུས་རྒྱུན་ཟུར་པ་དང་ས་གནས་རྒྱུན་ལས། ཚོགས་བཅར་བ་སོགས་ཐོ་འགོད་བྱེད་མཁན་ ༣༠༠ ལྷག་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་། ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས། ཨོ་གླིང་ཁྱོན་ཡོངས་ཀྱི་ནང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༣ ཡོད་པ་དང་། ཚོགས་པ་དེ་དག་གི་གོང་ལ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཡོད་ཅིང་། ཚོགས་པ་དེའི་སྟངས་འཛིན་གྱི་འོག་ནས་ལས་དོན་ཇི་དགེ་སྤེལ་གྱི་ཡོད་པ་མ་ཟད། ད་རེས་བརྟན་བཞུགས་སྐབས་ཨོ་གླིང་ནས་མི་གྲངས་ ༥༧ ཆེད་བཅར་ཞུས་ཡོད་པ་དང་། དེའི་ཁོངས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་གྱི་མི་སྣ་བཞི་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་སང་ཉིན་བརྟན་བཞུགས་ཀྱི་འབུལ་རྫས་སུ་ཚོགས་པ་གསུམ་ཐུན་མོང་ནས་སྟོན་པ་བཅོན་ལྡན་འདས་དང་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་བརྙན། ཆོས་རྒྱལ་མེས་བོན་རྣམ་གསུམ་གྱི་སྐུ་བརྙན། རྟགས་དང་རྟེན་འབྲེལ་ལ་དམིགས་ཏེ་སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་སོགས་འབུལ་རྒྱུ་ཡིན་པ་རེད་འདུག

The post ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཆེད་ཚེ་སྒྲུབ་འཚོགས་བཞིན་པ། appeared first on vot.

View Details

རྡོ་རྗེ་གླིང་ཁུལ་དུ་ས་རུད་ཀྱི་གོད་ཆགས་འོག་བོད་མི་ཁྱིམ་ཚང་གཉིས་ཀྱི་ཁང་པ་ལ་གནོད་སྐྱོན།

The post རྡོ་རྗེ་གླིང་ཁུལ་དུ་ས་རུད་ཀྱི་གོད་ཆགས་འོག་བོད་མི་ཁྱིམ་ཚང་གཉིས་ཀྱི་ཁང་པ་ལ་གནོད་སྐྱོན། appeared first on vot.

View Details

ཡོ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ནས་སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་༸གོང་ས་མཆོག་ཁོ་ནར་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་འདུག

The post ཡོ་རོབ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ནས་༸སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་༸གོང་ས་མཆོག་ཁོ་ནར་ཡོད་པའི་སྤྱི་མོས་གྲོས་ཆོད་བཞག་འདུག appeared first on vot.

View Details

རྒྱ་ནག་གི་ལོ་རྒྱུས་བསྐྱར་བྲིས་ཀྱི་བྱ་སྤྱོད་ལ་རམ་འདེགས་བྱེད་མཁན་ France གྱི་འགྲེམ་སྟོན་ཁང་ལ་བོད་མི་ཚོས་ཁ་གཏད་གཅོག་ཐབས་བྱེད་བཞིན་པ།

The post རྒྱ་ནག་གི་ལོ་རྒྱུས་བསྐྱར་བྲིས་ཀྱི་བྱ་སྤྱོད་ལ་རམ་འདེགས་བྱེད་མཁན་ France གྱི་འགྲེམ་སྟོན་ཁང་ལ་བོད་མི་ཚོས་ཁ་གཏད་གཅོག་ཐབས་བྱེད་བཞིན་པ། appeared first on vot.

View Details

སྤྱི་འཐུས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཉིན་རྒྱབ་ཀྱི་གྲོས་ཚོགས་ཕྱིར་བཤོལ་གནང་སོང་།

The post སྤྱི་འཐུས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཉིན་རྒྱབ་ཀྱི་གྲོས་ཚོགས་ཕྱིར་བཤོལ་གནང་སོང་། appeared first on vot.

View Details

རང་ཉིད་བོད་ལ་ཡོད་པའི་འཆར་སྣང་གི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གནང་བཞིན་པ།

The post རང་ཉིད་བོད་ལ་ཡོད་པའི་འཆར་སྣང་གི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གནང་བཞིན་པ། appeared first on vot.

View Details

སྤྱི་ཟུར་ཆུང་བདག་ཟླ་བ་ཀོ་རིན་ལགས་ཡུན་རིང་སྙུན་གཞི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

The post སྤྱི་ཟུར་ཆུང་བདག་ཟླ་བ་ཀོ་རིན་ལགས་ཡུན་རིང་སྙུན་གཞི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག appeared first on vot.

View Details

སྦེང་ལོར་མཐོ་སློབ་ནས་བོད་རིག་པའི་འབུམ་རམས་པའི་བསླབ་པ་མཐར་སོན་རྣམས་ལ་ཕྱག་འཁྱེར་གནང་བ།

The post སྦེང་ལོར་མཐོ་སློབ་ནས་བོད་རིག་པའི་འབུམ་རམས་པའི་བསླབ་པ་མཐར་སོན་རྣམས་ལ་ཕྱག་འཁྱེར་གནང་བ། appeared first on vot.

View Details

བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཆེན་སྲུང་བརྩི།

The post བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཆེན་སྲུང་བརྩི། appeared first on vot.

View Details

བོད་མིའི་སྒྲིག་འཛུགས་སྲ་བརྟན་ཆེད་མི་མང་གི་ལས་འགུལ་ཞེས་པའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་།

The post བོད་མིའི་སྒྲིག་འཛུགས་སྲ་བརྟན་ཆེད་མི་མང་གི་ལས་འགུལ་ཞེས་པའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། appeared first on vot.

View Details

དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་བསྒྲིལ།

The post དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་བསྒྲིལ། appeared first on vot.

View Details

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ Climate Cup འགྲན་བསྡུར་ནས་ཕྱིར་ཐོན་བྱེད་དགོས་བྱུང་འདུག

The post བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ Climate Cup འགྲན་བསྡུར་ནས་ཕྱིར་ཐོན་བྱེད་དགོས་བྱུང་འདུག appeared first on vot.

View Details

ཁེ་ན་ཌ་རྒྱལ་ཡོངས་སུ་བོད་རང་དབང་རྐང་འཁོར་སྐོར་བསྐྱོད་ལས་འགུལ་ཐེངས་གསུམ་པ་མཇུག་སྒྲིལ།

The post ཁེ་ན་ཌ་རྒྱལ་ཡོངས་སུ་བོད་རང་དབང་རྐང་འཁོར་སྐོར་བསྐྱོད་ལས་འགུལ་ཐེངས་གསུམ་པ་མཇུག་སྒྲིལ། appeared first on vot.

View Details

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་མཇུག་བསྒྲིལ་འདུག

The post བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ པ་མཇུག་བསྒྲིལ་འདུག appeared first on vot.

View Details

ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དང་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་ཐོན་མཛད་སྒོར་རིགས་གཅིག་རྐང་འཛིན་ལ་དོ་སྣང་གནང་གལ་ཡིན་པ་གསུངས་སོང་།

The post ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དང་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་ཐོན་མཛད་སྒོར་རིགས་གཅིག་རྐང་འཛིན་ལ་དོ་སྣང་གནང་གལ་ཡིན་པ་གསུངས་སོང་། appeared first on vot.

View Details

ཕྱི་ལོ་ ༢༠༢༤ ལོའི་དབྱར་སྐྱིད་འགྲན་བསྡུར་ཁྲོད་སླར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་པ།

The post ཕྱི་ལོ་ ༢༠༢༤ ལོའི་དབྱར་སྐྱིད་འགྲན་བསྡུར་ཁྲོད་སླར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་པ། appeared first on vot.

View Details

སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱུང་འདུག།

The post སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱུང་འདུག appeared first on vot.

View Details

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་བ།

The post བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་བ། appeared first on vot.

View Details

ས་མཚམས་སུ་གཞོན་ནུའི་ལྷན་ཚོགས་ཚོགས་ཐུབ་པ་དེས་བོད་ནང་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཁྲོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

The post ས་མཚམས་སུ་གཞོན་ནུའི་ལྷན་ཚོགས་ཚོགས་ཐུབ་པ་དེས་བོད་ནང་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཁྲོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག appeared first on vot.

View Details

ཨོ་གླིང་གི་གྲགས་ཅན་ Opera House ནང་རྒྱ་ནག་གི་རོལ་དབྱངས་སྤྲོ་སྟོན་འཚོགས་རྒྱུ་མེད་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ།

The post ཨོ་གླིང་གི་གྲགས་ཅན་ Opera House ནང་རྒྱ་ནག་གི་རོལ་དབྱངས་སྤྲོ་སྟོན་འཚོགས་རྒྱུ་མེད་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ། appeared first on vot.

View Details

སིཌ་ཎི་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ཨོ་སྒོར་ ༩༤༠༠ ལྷག་གི་ཞལ་འདེབས་ཕུལ་བ།

The post སིཌ་ཎི་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ཨོ་སྒོར་ ༩༤༠༠ ལྷག་གི་ཞལ་འདེབས་ཕུལ་བ། appeared first on vot.

View Details

བོད་མིའི་ཚེ་སྲོག་འཕྲོག་མཁན་ལག་དམར་རྒྱ་ནག་བཅིངས་གྲོལ་དམག་མིར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་།

The post བོད་མིའི་ཚེ་སྲོག་འཕྲོག་མཁན་ལག་དམར་རྒྱ་ནག་བཅིངས་གྲོལ་དམག་མིར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། appeared first on vot.

View Details

བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ།

The post བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ། appeared first on vot.

View Details

བོད་མིའི་སྒྲིག་འཛུགས་ནས་ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་སྟོན་སྲུང་བརྩི།

The post བོད་མིའི་སྒྲིག་འཛུགས་ནས་ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་སྟོན་སྲུང་བརྩི། appeared first on vot.

View Details

སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་ལ་དྭགས་ས་ཁུལ་གྱི་སྲིད་སྐྱོང་དང་སྤྱི་ཁྱབ་ཉེན་རྟོག་པར་མཇལ་མོལ་གནང་འདུག

The post སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་ལ་དྭགས་ས་ཁུལ་གྱི་སྲིད་སྐྱོང་དང་སྤྱི་ཁྱབ་ཉེན་རྟོག་པར་མཇལ་མོལ་གནང་འདུག appeared first on vot.

View Details

ཨོ་གླིང་ནང་རྒྱ་རིགས་ཤེས་ཡོན་པ་དང་ལྷན་བོད་དོན་བགྲོ་གླེང་ཚོགས་འདུ།

The post ཨོ་གླིང་ནང་རྒྱ་རིགས་ཤེས་ཡོན་པ་དང་ལྷན་བོད་དོན་བགྲོ་གླེང་ཚོགས་འདུ། appeared first on vot.

View Details

ཁེ་ན་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་འཚོགས་བཞིན་པ།

The post ཁེ་ན་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་ནང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་འཚོགས་བཞིན་པ། appeared first on vot.

View Details

Twitter མཉེན་ཆས་ལ་ཁ་གཡར་ཏེ་ Belgium མི་སེར་ཡིན་པའི་བོད་མི་ཞིག་པེ་ཅིང་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

The post Twitter མཉེན་ཆས་ལ་ཁ་གཡར་ཏེ་ Belgium མི་སེར་ཡིན་པའི་བོད་མི་ཞིག་པེ་ཅིང་གནམ་ཐང་ནས་ཕྱིར་ལོག་བཏང་འདུག appeared first on vot.

View Details

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་དེ་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་པའི་དྲན་སྐུལ།

The post སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་དེ་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་པའི་དྲན་སྐུལ། appeared first on vot.

View Details

སྲིད་སྐྱོང་མཆོག་གིས་ལ་བྱང་ཉོ་མའི་མང་ཚོགས་དང་མཇལ་འཕྲད།

The post སྲིད་སྐྱོང་མཆོག་གིས་ལ་བྱང་ཉོ་མའི་མང་ཚོགས་དང་མཇལ་འཕྲད། appeared first on vot.

View Details

བལ་ཡུལ་དུ་༸སྐུའི་འཁྲུངས་སྐར་གཟབ་རྒྱས་ཐོག་སྲུང་བརྩི་ཞུས་ཐུབ་འདུག

The post བལ་ཡུལ་དུ་༸སྐུའི་འཁྲུངས་སྐར་གཟབ་རྒྱས་ཐོག་སྲུང་བརྩི་ཞུས་ཐུབ་འདུག appeared first on vot.

View Details

སྲིད་སྐྱོང་མཆོག་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ།

The post སྲིད་སྐྱོང་མཆོག་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པ། appeared first on vot.

View Details

ཁེ་ན་ཌའི་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་དཔེ་སྟོན་ལས་གཞི།

The post ཁེ་ན་ཌ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་དཔེ་སྟོན་ལས་གཞི། appeared first on vot.

View Details

༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་།

The post ༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་། appeared first on vot.

View Details

བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

The post བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ། appeared first on vot.

View Details

ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག།

The post ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག། appeared first on vot.

View Details

ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།

The post ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ། appeared first on vot.

View Details

རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།

The post རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད། appeared first on vot.

View Details

བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བརྒྱུད་འཛམ་གླིང་རོལ་དབྱངས་ཉིན་མོ་སྲུང་བརྩི།

The post བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བརྒྱུད་འཛམ་གླིང་རོལ་དབྱངས་ཉིན་མོ་སྲུང་བརྩི། appeared first on vot.

View Details

བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་དང་པོ་ཚོགས་པ།

The post བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་དང་པོ་ཚོགས་པ། appeared first on vot.

View Details

༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།

The post ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་། appeared first on vot.

View Details

གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།

The post གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ། appeared first on vot.

View Details

ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག

The post ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག appeared first on vot.

View Details

ཨོ་གླིང་བོད་མི་གཙོས་ཞི་རྒོལ་བའི་ཐོག་དྲག་རྒོལ་བྱས་པར་སེམས་འཚབ་བཏོན་གནང་འདུག

The post ཨོ་གླིང་བོད་མི་གཙོས་ཞི་རྒོལ་བའི་ཐོག་དྲག་རྒོལ་བྱས་པར་སེམས་འཚབ་བཏོན་གནང་འདུག appeared first on vot.

View Details

ལ་དྭགས་ནས་རྡ་ས་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་མཇུག་སྒྲིལ།

The post ལ་དྭགས་ནས་རྡ་ས་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་མཇུག་སྒྲིལ། appeared first on vot.

View Details

ཨ་ཕའི་རྐང་སྤོལ་རྩེད་འགྲན།

The post ཨ་ཕའི་རྐང་སྤོལ་རྩེད་འགྲན། appeared first on vot.

View Details

བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་ཞབས་ཟུར་པ་རྣམས་ལ་ཆེ་བསྟོད་སྣེ་ལེན་ཞུས་པ།

The post བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་ཞབས་ཟུར་པ་རྣམས་ལ་ཆེ་བསྟོད་སྣེ་ལེན་ཞུས་པ། appeared first on vot.

View Details

སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་།

The post སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་། appeared first on vot.

View Details

༸སྐུའི་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

The post ༸སྐུའི་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་སོང་། appeared first on vot.

View Details

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་ཐུབ་པར་བོད་མིས་རྗེས་དྲན་ཞུས།

The post ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་ཐུབ་པར་བོད་མིས་རྗེས་དྲན་ཞུས། appeared first on vot.

View Details

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་ཉིན་མོ་སྲུང་བརྩི།

The post བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བའི་ཉིན་མོ་སྲུང་བརྩི། appeared first on vot.

View Details

༸གོང་ས་མཆོག་ལ་སང་ཉིན་༸སྐུའི་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

The post ༸གོང་ས་མཆོག་ལ་སང་ཉིན་༸སྐུའི་གོ་སྟོན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། appeared first on vot.

View Details

པཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་ཐུན་མོང་ནས་བོད་ཀྱི་དཔེ་མཛོད་ཁང་ལ་ཆེ་བསྟོད་ལེགས་སྐྱེས་ཕུལ་བ།

The post པཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་ཐུན་མོང་ནས་བོད་ཀྱི་དཔེ་མཛོད་ཁང་ལ་ཆེ་བསྟོད་ལེགས་སྐྱེས་ཕུལ་བ། appeared first on vot.

View Details

བཀའ་ཟུར་བཀྲིས་དབང་འདུས་མཆོག་གི་རང་རྣམ་དབུ་འབྱེད།

The post བཀའ་ཟུར་བཀྲིས་དབང་འདུས་མཆོག་གི་རང་རྣམ་དབུ་འབྱེད། appeared first on vot.

View Details

ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ལ་བོད་དོན་དམ་ཡིག་འཇོག་རྒྱུའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་འདུག

The post ཡོ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་ལ་བོད་དོན་དམ་ཡིག་འཇོག་རྒྱུའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ། appeared first on vot.

View Details

ལོ་གྲངས་ ༤༠ ཡན་གྱི་བོད་པའི་ཨ་ཕ་ཚོའི་དབར་ཕྱི་ཚེས་ ༡༦ ཉིན་ནས་རྐང་སྤོལ་འགྲན་སྡུར་གནང་རྒྱུ་རེད་འདུག

The post ལོ་གྲངས་ ༤༠ ཡན་གྱི་བོད་པའི་ཨ་ཕ་ཚོའི་དབར་ཕྱི་ཚེས་ ༡༦ ཉིན་ནས་རྐང་སྤོལ་འགྲན་སྡུར་གནང་རྒྱུ། appeared first on vot.

View Details

བཙན་བྱོལ་བོད་མི་འདུས་སྡོད་གང་སར་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

The post བཙན་བྱོལ་བོད་མི་འདུས་སྡོད་གང་སར་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ། appeared first on vot.

View Details

བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐོང་མཆན་མ་གནང་པས་ CONIFA རྩེད་འགྲན་ནང་མཉམ་བཞུགས་གནང་ཐུབ་མི་འདུག

The post བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐོང་མཆན་མ་གནང་པས་ CONIFA རྩེད་འགྲན་ནང་མཉམ་བཞུགས་གནང་ཐུབ་མི་འདུག appeared first on vot.

View Details

ང་ཚོའི་ས་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་བརྒྱུད་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།

The post ང་ཚོའི་ས་དང་ང་ཚོའི་མ་འོངས་ཞེས་པའི་བརྗོད་གཞིའི་བརྒྱུད་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི། appeared first on vot.

View Details

ཆོས་བརྒྱུད་ཁག་ནས་སྐུ་ཚབ་གཉིས་རེ་བསྐོ་བཞག་གིས་མ་དགོན་དང་བཤད་གྲྭར་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འགོད་འབུལ་ཞུས་འདུག

The post ཆོས་བརྒྱུད་ཁག་ནས་སྐུ་ཚབ་གཉིས་རེ་བསྐོ་བཞག་གིས་མ་དགོན་དང་བཤད་གྲྭར་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འགོད་འབུལ་ཞུས་འདུག appeared first on vot.

View Details

དྷ་ས་ཁུལ་གྱི་བོད་མི་བརྒྱ་ཁྲག་ཁ་ཤས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ནང་ཆ་ཤས་བླངས་པ།

The post དྷ་ས་ཁུལ་གྱི་བོད་མི་བརྒྱ་ཁྲག་ཁ་ཤས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ནང་ཆ་ཤས་བླངས་པ། appeared first on vot.

View Details

ཨོ་གླིང་གྲོས་ཚོགས་འཐུས་མི་ཟུར་པས་བོད་དོན་སོགས་ཀྱི་ཆེད་དུ་ཉིན་གྲངས་ ༡༧ རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག

The post ཨོ་གླིང་གྲོས་ཚོགས་འཐུས་མི་ཟུར་པས་བོད་དོན་སོགས་ཀྱི་ཆེད་དུ་ཉིན་གྲངས་ ༡༧ རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག appeared first on vot.

View Details

མཐོང་མཆན་གྱིས་རྐྱེན་པའི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ CONIFA འགྲན་བསྡུར་ནང་མཉམ་ཞུགས་གནང་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་གྱུར་འདུག

The post མཐོང་མཆན་གྱིས་རྐྱེན་པས་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ CONIFA འགྲན་བསྡུར་ནང་མཉམ་ཞུགས་གནང་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་གྱུར་འདུག appeared first on vot.

View Details

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ ༢༠༢༤ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཐོབ་སོང་།

The post མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ ༢༠༢༤ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཐོབ་སོང་། appeared first on vot.

View Details

མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གོ་ལ་ཐ་ལའི་རུ་ཁག་གཉིས་དབར་རྐང་སྤོལ་འགྲན་རྩེད་གནང་རྒྱུ།

The post མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་གོ་ལ་ཐ་ལའི་རུ་ཁག་གཉིས་དབར་རྐང་སྤོལ་འགྲན་རྩོད་གནང་རྒྱུ། appeared first on vot.

View Details

ད་ལྟའི་གཞིས་སྤོས་ཀྱི་ལས་གཞི་ཁྲོད་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་པ་བཞེས་དགོས།

The post ད་ལྟའི་གཞིས་སྤོས་ཀྱི་ལས་གཞི་ཁྲོད་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་པ་བཞེས་དགོས། appeared first on vot.

View Details

རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་འོག་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་སོང་།

The post རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་འོག་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི། appeared first on vot.

View Details

རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།

The post རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད། appeared first on vot.

View Details

མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།

The post མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས། appeared first on vot.

View Details

༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།

The post ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ། appeared first on vot.

View Details

དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ།

The post དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད། appeared first on vot.

View Details

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།

The post རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི། appeared first on vot.

View Details

བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

The post བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ། appeared first on vot.

View Details

༸རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བཞེས་པའི་ཕྱག་རྟགས་ཡིན།

The post རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བཞེས་པའི་ཕྱག་རྟགས་ཡིན། appeared first on vot.

View Details

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེ་པོ་ལོ་རྕེད་འགྲན་ཐེངས་ ༢༩ པ་དབུ་འཛུགས།

The post རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེ་པོ་ལོ་རྕེད་འགྲན་ཐེངས་ ༢༩ པ་དབུ་འཛུགས། appeared first on vot.

View Details

ཞི་ཅིན་ཕིང་ France ནང་སླེབ་འཆར་དང་བསྟུན་བོད་མིས་བོད་དོན་འཕྲེད་དར་འཕྱར་ནས་ངོ་རྒོལ།

The post ཞི་ཅིན་ཕིང་ France ནང་སླེབ་འཆར་དང་བསྟུན་བོད་མིས་བོད་དོན་འཕྲེད་དར་འཕྱར་ནས་ངོ་རྒོལ། appeared first on vot.

View Details

རྒྱལ་སྤྱི་དང་བཙན་བྱོལ་བོད་མིའི་གསར་འགོད་པ་རྣམས་རང་དབང་ངང་བོད་ནང་བསྐྱོད་བཅུག་དགོས་པའི་དགོས་འདུན་ཆེད་བཏོན་གྱིས་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།

The post འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི། appeared first on vot.

View Details

བོད་མི་སྡོད་ཁང་མེད་མཁན་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།

The post བོད་མི་སྡོད་ཁང་མེད་མཁན་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས། appeared first on vot.

View Details

བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ་གནང་འདུག

The post བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ། appeared first on vot.

View Details

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས།

The post བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས། appeared first on vot.

View Details

འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།

The post འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་། appeared first on vot.

View Details

༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།

The post ༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི། appeared first on vot.

View Details

དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ ༤༡ པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་གྱ་སྟོན་གྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

The post དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་བཀྲིན་རྗེས་དྲན་གྱི་གྱ་སྟོན་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། appeared first on vot.

View Details

སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ མཇུག་སྒྲིལ།

The post སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ མཇུག་སྒྲིལ། appeared first on vot.

View Details

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།

The post བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ། appeared first on vot.

View Details

རྩམ་པ་ཟ་མ་ཎི་གྲངས་བྱེད་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་གནང་སོང་།

The post རྩམ་པ་ཟ་མ་ཎི་གྲངས་བྱེད་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་གནང་སོང་། appeared first on vot.

View Details

སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་བསྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད།

The post སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་བསྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད། appeared first on vot.

View Details

ཆབ་སྲིད་བཙོན་ཟུར་ཞིག་གིས་རྒྱ་མིའི་བཙོན་འཇུག་མནར་གཅོད་སྐོར་ཕྱིར་བསྒྲགས།

The post ཆབ་སྲིད་བཙོན་ཟུར་ཞིག་གིས་རྒྱ་མིའི་བཙོན་འཇུག་མནར་གཅོད་སྐོར་ཕྱིར་བསྒྲགས། appeared first on vot.

View Details

༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།

The post ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས། appeared first on vot.

View Details

བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པ།

The post བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པ། appeared first on vot.

View Details

ལ་དྭགས་སུ་གནམ་གཤིས་ཕོར་བའི་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཉམ་ཞུགས།

The post ལ་དྭགས་སུ་གནམ་གཤིས་ཕོར་པའི་རྩེད་འགྲན་ནང་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཉམ་ཞུགས། first appeared on vot.

View Details

སྦིར་གཞིས་ཆགས་ཀྱི་གཞུང་ལམ་ཞིག་ལ་དྭང་ཞབས་དམ་པ་སྐལ་བཟང་རྡོ་རྗེའི་མཚན་བཏགས་པ།

The post སྦིར་གཞིས་ཆགས་ཀྱི་གཞུང་ལམ་ཞིག་ལ་དྭང་ཞབས་དམ་པ་སྐལ་བཟང་རྡོ་རྗེའི་མཚན་བཏགས་པ།    first appeared on vot.

View Details

༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཁོང་གི་འཁྲུངས་སྐར་ཉིན་རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་མི་བྱེད་པའི་ཐུགས་རེ་ཡོད་ཅེས་གསུངས་སོང་།

The post ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཁོང་གི་འཁྲུངས་སྐར་ཉིན་རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་མི་བྱེད་པའི་ཐུགས་རེ་ཡོད་ཅེས་གསུངས་སོང་། first appeared on vot.

View Details

རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དང་བོད་དབར་འབྲེལ་བ་གང་ཡང་མེད་ཅེས་གསུངས་པ།

The post རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དང་བོད་དབར་འབྲེལ་བ་གང་ཡང་མེད་ཅེས་གསུངས་པ། first appeared on vot.

View Details

ཀམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ཀྱི་དགེ་འདུན་པ་དང་གཞིས་མི་ ༩༠ ལྷག་ལ་དམིགས་བསལ་མཇལ་ཁ་སྩལ་འདུག

The post ཀམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ཀྱི་དགེ་འདུན་པ་དང་གཞིས་མི་ ༩༠ ལྷག་ལ་དམིགས་བསལ་མཇལ་ཁ་སྩལ་འདུག first appeared on vot.

View Details

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་ནང་གི་གནས་སྟངས་ཐོག་ཟུར་ཚོགས།

The post རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་ནང་གི་གནས་སྟངས་ཐོག་ཟུར་ཚོགས། first appeared on vot.

View Details

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་དང་ཞུ་གཏུག་ལས་འགུལ་སྤེལ་འདུག

The post རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་དང་ཞུ་གཏུག་ལས་འགུལ་སྤེལ་འདུག first appeared on vot.

View Details

བོད་ཀྱི་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པའི་མཉམ་ཞུགས་པ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལེ་ཚན།

The post བོད་ཀྱི་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་ ༢༠ པའི་མཉམ་ཞུགས་པ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལེ་ཚན། first appeared on vot.

View Details

སྲིད་ཟུར་མཆོག་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཐོག་ལྷན་ཞུགས།

The post སྲིད་ཟུར་མཆོག་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཐོག་ལྷན་ཞུགས། first appeared on vot.

View Details

བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གཞུང་མང་ལ་གཅེས་ནོར་ཞིག་རེད་ཅེས་གསུངས་སོང་།

The post བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གཞུང་མང་ལ་གཅེས་ནོར་ཞིག་རེད་ཅེས་གསུངས་སོང་། first appeared on vot.

View Details

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ པའི་རྒྱལ་ཁ་རྡ་ས་རུ་ཁག་ལ་ཐོབ་སོང་།

The post ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ པའི་རྒྱལ་ཁ་རྡ་ས་རུ་ཁག་ལ་ཐོབ་སོང་། first appeared on vot.

View Details

བུ་ཆུང་ཚེ་རིང་ལགས་སུ་ Truman–Reagan རང་དབང་གི་གཟེངས་རྟགས་འབུལ་བཞེས།

The post བུ་ཆུང་ཚེ་རིང་ལགས་སུ་ Truman–Reagan རང་དབང་གི་གཟེངས་རྟགས་འབུལ་བཞེས། first appeared on vot.

View Details

༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

The post ༸སྐྱབས་རྗེ་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག first appeared on vot.

View Details

༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་བཞི་ཆའི་མཐའ་མའི་འགྲན་བསྡུར་འགོ་འཛུགས།

The post ༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་བཞི་ཆའི་མཐའ་མའི་འགྲན་བསྡུར་འགོ་འཛུགས། first appeared on vot.

View Details

བུ་ཆུང་ཚེ་རིང་ལགས་སུ་ Truman -Reagan རང་དབང་གཟེངས་རྟགས་འབུལ་གཏན་ཁེལ་བ།

The post བུ་ཆུང་ཚེ་རིང་ལགས་སུ་ Truman -Reagan རང་དབང་གཟེངས་རྟགས་འབུལ་གཏན་ཁེལ་བ། first appeared on vot.

View Details

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ དབུ་འཛུགས།

The post ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ དབུ་འཛུགས། first appeared on vot.

View Details

མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད།

The post མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད། first appeared on vot.

View Details

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།

The post བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་མཇུག་སྒྲིལ། first appeared on vot.

View Details

རྩིས་ལོ་ ༢༠༢༣་༢༤ ལོའི་ཕྱོགས་བསྡོམས་མ་དངུལ་ས་ཡ་ ༣༠༣༤ ལྷག་ཙམ་གཏན་འབེབས་གནང་སྟེ་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ།

The post རྩིས་ལོ་ ༢༠༢༣་༢༤ ལོའི་ཕྱོགས་བསྡོམས་མ་དངུལ་ས་ཡ་ ༣༠༣༤ ལྷག་ཙམ་གཏན་འབེབས་གནང་སྟེ་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ། first appeared on vot.

View Details

རྒྱ་ནག་ལ་འགན་འཁུར་ཡོད་པ་ཞིག་བཟོ་དགོས་ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས།

The post རྒྱལ་ཚོགས་ནང་རྒྱ་ནག་འདི་ཉིད་འགན་འཁུར་ཡོད་པ་བཟོ་དགོས་པའི་ཐད་ཟུར་ཚོགས། first appeared on vot.

View Details

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསུམ་བརྒྱད་ཀྱི་གཞུང་འབྲེལ་མཆོད་འབུལ་ཐོག་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མི་རྣམས་ལ་བཀའ་དྲིན་རྗེས་ཞུས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱག་མོ་སྐྱོན་པའི་སྐབས་རྟགས་དང་མཚན་མ་ཧ་ཅང་ཡག་པོ་བྱུང་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་བོད་དང་རྒྱ་ནག་ཏུ་ཆིབས་བསྒྱུར་མཛད་རྒྱུར་ཐུགས་རེ་མཛད་བཞིན་འདུག་སྟབས་བོད་མི་ཀུན་གྱིས་ཐུགས་འགན་ཆེས་བཞེས་ཀྱིས་ཧུར་ཐག་གནང་ཚེ་དེར་དོན་འབྲས་ངེས་ཅན་ཞིག་སོན་ཐུབ་པའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཁ་སང་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༨ ཉིན་མོ་འདི་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོར་བོད་མིའི་ཐོག་དྲག་གནོན་གྱི་ཁྲིམས་གཞི་བསྡམས་ནས་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་གྲངས་ལས་འདས་པ་ཞིག་ཚེ་སྲོག་ཤོར་བ་དང་། ཉེས་མེད་ཁྲི་ཚོ་མང་པོ་འཛིན་བཟུང་གིས་མི་སྤྱོད་ལས་འདས་བའི་དྲག་གནོན་བྱས་ནས་ལོ་ ༣༤ འཁོར་བའི་ཉིན་མོ་ཡིན་པ་ལྟར། བོད་མི་སྒྲིག་འཛུགས་ཀྱིས་དུས་ཚིགས་འདི་དང་བསྟུན་བོད་ནང་གི་རྒྱལ་གཅེས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་དང། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམ་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།

ཁ་སང་ཕྱི་ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ སྟེང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་སྨོན་ལམ་དེའི་ཐོག་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་གཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུ་ལས་བྱེད་བཅས་ཚང་འཛོམས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུམ་བརྒྱད་ཀྱི་དུས་ཚིགས་ངོ་སྤྲོད་དང་། དུས་ད་ལྟའང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་དང་འབྲེལ་ནས་བོད་མི་རྣམས་ལ་གནོད་འཚེ་དུ་མ་ཕོག་ཡོད་པར་འགྲེལ་བརྗོད་དང་འབྲེལ། བོད་མི་ཚེ་ལས་འདས་པ་ཡོངས་ལ་བསྔོ་སྨོན་དང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག རྒྱ་གཞུང་གི་ངོས་ནས་ཡ་ལན་ཚད་ལྡན་ཞིག་བྱུང་ཚེ་ང་ཚོས་ད་ལྟའང་རྒྱ་ནག་ལ་འབྲེལ་བ་གནང་རྒྱུ་དང་བོད་རྒྱ་དཀའ་རྙོག་སེལ་ཐུབ་པའི་རེ་བ་བྱེད་ཡོད་ཅེས་སོགས་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་སྔོན་ཚེས་བཅུ་གཟབ་གསོལ། མཇལ་ཁའི་སྐབས་སུའང་སྩལ་བའི་བཀའ་སློབ་ལམ་སྟོན་ཇི་ཕེབས་ལུང་འདྲེན་གྱིས། ༸གོང་ས་མཆོག་གིས་རྣམ་ཀུན་ནས་ལོ་གསར་ཚེས་གསུམ་ཉིན་ཟན་རིལ་བསྒྲིལ་གནང་མཛད་ཀྱི་ཡོད་པ་དེ་ན་ནིང་ནས་མཚམས་བཞག་སྟེ་ཕྱག་མོ་སྐྱོན་བཞིན་པ་ལྟར། འདི་ལོ་ཕྱག་མོ་སྐྱོན་པའི་སྐབས་སུ་རྟགས་དང་མཚན་མ་ཧ་ཅང་ཡག་པོ་བྱུང་སྟེ་མགོན་པོ་༸གང་ཉིད་མཆོག་མགྱོག་མྱུར་བོད་དང་རྒྱ་ནག་ཏུ་ཆིབས་བསྒྱུར་མཛད་ཐུབ་པར་ཐུགས་རེ་ཆེན་པོ་མཛད་བཞིན་ཡོད་པར་མ་ཟད། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱིའི་ནང་དུའང་འགྱུར་ལྡོག་ཆེས་ཆེར་འགྲོ་བཞིན་ཡོད་སྟབས། འདིར་ཕྱག་ལས་གནང་མཁན་ཀུན་གྱིས་ཐུགས་འགན་ཆེས་བཞེས་ཀྱིས་ཧུར་ཐག་གནང་ཚེ་དེར་དོན་འབྲས་ངེས་ཅན་ཞིག་སོན་ཐུབ་པའི་རེ་བ་ཡོད་ལ། རེ་བ་དེ་མ་བརླག་པར་མུ་མཐུད་གནས་དགོས་གལ་ཆེ་བས་ཚང་མས་རྒྱ་ཆེ་སར་དགོངས་བཞེད་ཀྱིས་ཐུགས་སྨོན་གནང་རོགས་ཞེས་གསུངས་ཡོད།

གཞི་རྩའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་མོ་དེ་ནི། ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་དྲག་པོའི་དབང་སྒྱུར་སྲིད་བྱུས་ལ་མ་བཟོད་པར་ཞི་བའི་རྔམ་སྟོན་གནང་བར་བརྟེན་རྒྱ་གཞུང་གིས་རྒྱལ་ས་ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ལ་དྲག་པོའི་བཀའ་རྒྱ་བསྡམས་ཏེ་བོད་མི་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པའི་དབང་གིས་བོད་མི་མང་པོ་རྐྱེན་འདས་སུ་གྱུར་བའི་ཉིན་མོ་ཞིག་ཡིན་པ་རེད། འབྲེལ་ཡོད་པར་གྱི་བདག་དབང་བོད་མིའི་སྒྲིག་འཛུགས།

The post ༸གོང་ས་མཆོག་གིས་བོད་དང་རྒྱ་ནག་ཏུ་ཆིབས་བསྒྱུར་མཛད་རྒྱུར་ཐུགས་རེ་ཆེན་པོ་མཛད་བཞིན་འདུག་ཅེས་གསུངས་པ། first appeared on vot.

View Details

དེ་རིང་ཕྱི་ཟླ་ ༣ པའི་ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་སྔ་དྲོ་ཚོུད་ ༡༡ ཐོག་ Embrace Equity ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་བེུད་ཉིན་མོའི་བརྗོད་གཞི་གཙོ་བོ་སྤྱི་སྙོམས་དང་ལེན་ཀྱི་ལས་གཞི་སྤེལ་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་གཞིས་བཞུགས་བོད་མིས་གཙོས་པའི་སྐྱེས་མ་རྣམས་ཀྱི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་གནས་སྟངས་ལ་དགོངས་བཞེང་གནང་དགོས་གལ་ཡིན་པ་བརྡ་ལེན་གནང་སོང་།

དེ་རིང་གི་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་གཞུང་སྒེར་ཚོགས་པ་ཁག་གིས་མང་ཚོགས་ཁྲོད་ཉིན་མོ་འདི་དང་འབྲེལ་བའི་གོ་རྟོགས་ཀྱི་གནང་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པའི་ཁྲོད། རྒྱལ་ཚོགས་ཀྱི་གཏན་འབེབས་གནང་བའི་བརྗོད་གཞི་ Embrace Equity ཞེས་སྤྱི་སྙོམས་དང་ལེན་གྱི་ལས་འགུལ་སྤེལ་བའི་ཐོག་ནས་མི་མང་རྣམས་ལ་འདྲི་གླེང་ལས་རིམ་དང་། བུད་མེད་དང་འབྲེལ་བའི་གཞས་སྣ་ཁག་ཅིག་འཁྲབ་སྟོན་བརྒྱུད་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད།

འདི་ག་རླུང་འཕྲིན་ཁང་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། ལོ་ལྟར་རྒྱལ་ཚོགས་ནས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོའི་ཐོག་བརྗོད་གཞི་འདྲ་མིན་གཏན་འབེབས་གནང་བ་ལྟར་ལས་འགུལ་སྤེལ་གྱི་ཡོད་པ་འབྲེལ་བརྗོད་དང་འབྲེལ། བཙན་བྱོལ་བོད་མི་ཚོགས་སྒེར་རྣམས་ནས་གཞིས་བཞུགས་བུད་མེད་རྣམས་ཀྱི་རང་དབང་མེད་པའི་གནས་སྟངས་ལ་གཞིགས་ཏེ་ས་གནས་སོ་སོར་དེ་འབྲེལ་ལས་འགུལ་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་དང་འབྲེལ་ནས་གཞིས་བཞུགས་བོད་མིས་གཙོས་པའི་སྐྱེས་མ་རྣམས་ཀྱི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་གནས་སྟངས་ལ་དགོངས་བཞེང་གནང་དགོས་གལ་ཡིན་པ་བརྡ་ལེན་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་གི་ཉིན་མོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་ཟླ་བ་གཅིག་གི་རིང་བུད་མེད་སིལ་སྤོལ་རྩེད་འགྲན་གཙོས་པའི་ལས་གཞི་ཁག་ཅིག་སྤེལ་འཆར་ཡོད་སྐོར་གསུངས་པ་དང་འབྲེལ། རྩ་བའི་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་བབ་ལེགས་པོ་ཡོད་ཀྱང་། སྐབས་འགར་བུད་མེད་ཐོག་དཀའ་ངལ་འབྱུང་གི་ཡོད་པ་དེ་དག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་རམས་འདེགས་གནང་བཞིན་ཡོད་པ་དང་། ལྷག་པར་དུ་མ་འོངས་པར་སྤྱི་ཚོགས་ནང་བུད་མེད་ཀྱི་འགོ་ཁྲིད་མང་དུ་འགྲོ་རྒྱུར་མཚོན་པའི་བུད་མེད་རྣམས་ནས་སྤྱི་ཚོགས་སྤྱི་ལ་སྨན་པ་དང་། དེ་བཞིན་སྒེར་གྱི་མངོན་འདོད་འགྲུབ་ཐབས་སུ་གོ་སྐབས་དེ་ལྟར་བསྐྲུན་དགོས་པའི་དགོངས་ཚུལ། དེ་བཞིན་དེ་འབྲེལ་གྲངས་ཐོ་ཁ་གསལ་བྱུང་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་སྦྱོང་བརྡར་བསྐྲུན་ཐབས་གནང་རྒྱུ་ཡིན་པ་སོགས་གསུངས་སོང་།

གཞི་རྩའི་ཕྱི་ལོ་ ༡༩༧༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་གཏན་འབེབས་གནང་ཡོད་པ་དང་། ཉིན་དེར་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་ལས་གཞི་སྤེལ་གྱི་ཡོད་པ་མ་ཟད། བུད་མེད་རྣམས་ནས་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་དང་ཆབ་སྲིད་སོགས་ཀྱི་ནང་གྲུབ་དོན་གང་ལེགས་སོན་པའི་ཉིན་མོ་ཞིག་ཀྱང་སྲུང་བརྩི་གནང་སྲོལ་ཡོད་པ་ཞིག་ཆགས་ཀྱི་འདུག

The post རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་བེུད་ཀྱི་འདྲ་མཉམ་ཐོབ་ཐང་མེད་པར་དགོངས་བཞེས་གནང་དགོས་པའི་བརྡ་ལེན་བརྒྱུད་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི། first appeared on vot.

View Details

རྒྱ་གར་ལྷོ་ཕྱོགས་རྒྱལ་ས་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་འཚོགས་བཞིན་འདུག

ཚོགས་ཆེན་དེ་བཞིན་ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༢ པ་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༣ པའི་ཚེས་ ༥ བར་ཉིན་གྲངས་དྲུག་རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་ཐོག་དགོན་སྡེ་ཁག་འདྲ་མིན་ནས་གྲྭ་བཙུན་ཁག་གཅིག་དང་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་ཁྱོན་ ༡༠༠ ལྷག་གྱིས་མཉམ་ཞུགས་གནང་འདུག

ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོར་སྦེང་ལོར་གཙུག་ལག་སློབ་གླིང་གི་ཉེ་བའི་རིགས་བདག་འབུམ་རམས་པ་ Dr Jayakara SM མཆོག་དང་སྐུ་ཞབས་ Shri N. Mahesh Babu ལགས། མཐོ་སློབ་གྱི་སློབ་སྤྱི་ཟླ་བ་ཚེ་རིང་ལགས། མཐོ་སློབ་འཛིན་སྐྱོང་དོ་དམ་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས། དེ་བཞིན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་བཅས་ཆེད་ཕེབས་གནང་འདུག

སྐབས་བཅུ་དྲུག་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་བོད་པའི་གཞོན་སྐྱེས་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་ཡོང་ཐབས་དང་། མྱུར་ཚད་ལྡན་པའི་སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་བརྒྱུད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་མང་ཙམ་སྤེལ་ཐབས། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་སློབ་གསོ་ཁ་ཕྱོགས་ཀྱི་ཁྱད་པར་སོགས་ཁྱོན་བརྗོད་གཞི་ཁག་མི་འདྲ་བ་ ༢༠ ཐོག་གཏམ་བཤད་དང་། ཚོགས་བཙར་བ་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་གནང་བའི་སྒོ་ནས་གོ་བསྡུར་སྦྱང་བཤད་གནང་བཞིན་འདུག

གཞི་རྩའི་བོད་ཀྱི་མཐོ་རིམ་སློབ་མའི་ཕན་ཚུན་བར་ཤེས་ཡོན་བརྗེ་ལེན་དང་ཕན་ཚུན་ངོ་ཤེས་ཡོང་རྒྱུར་དམིགས་ཏེ་ཚོགས་ཆེན་དེ་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་ཚོགས་ཡོད་པ་རེད། པར་དབང་མཐོ་རིམ་སློབ་མའི་ཚོགས་ཆེན།

The post སྐབས་བཅུ་དྲུག་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འཚོགས་བཞིན་པ། first appeared on vot.

View Details

བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱི་ངོས་ནས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཏུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་ལས་འགུལ་བ་མི་གྲངས་༡༥ G20 ཞེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་ཚོའི་ལྷན་ཚོགས་དང་བསྟུན་རྒྱ་ནག་གི་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཁག་དང་ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་བཅས་རྩ་མེད་བཟོ་ཐབས་སུ་བོད་ཕྲུག་ཚོ་ཕ་མ་སྤུན་མཆེད་དང་ཁ་བྲལ་བཏང་སྟེ་གཏན་འཇགས་བཅའ་སྡོད་སློབ་གྲྭར་བཙན་དབང་སྒོ་ནས་འཇུག་བཞིན་པའི་སྲིད་བྱུས་ཁག་ལ་ངོ་རྒོལ་བྱས་ཡོད་པ་རེད།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་ངོ་རྒོལ་གྱི་ལས་འགུལ་དེ་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Qin Gang ཆིན་ཀཱང་རྒྱ་གར་རྒྱལ་ས་ལྡི་ལིར་ G20 ཞེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་གྱི་ལྷན་ཚོགས་སུ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པ་དོན་གྲུབ་ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་སུ་འདྲ་ཞིག་སླེབ་རུང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་འཛིན་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དེ་བཙན་བྱོལ་བོད་མི་ཚོའི་ལས་འགན་ཡིན་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱི་ངོས་ནས་ G20 ལྷན་ཚོགས་དེའི་བརྒྱུད་སྟོབས་ཆེན་རྒྱལ་ཁབ་གཞན་གྱི་དཔོན་རིགས་རྣམས་ལ་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་རྒྱུ་མེད་པ་དང། ལྷག་པར་དུ་ད་རེས་ཀྱི་ཚོགས་འདུ་དེའི་བརྒྱུད་རྒྱ་ནག་གི་དཔོན་རིགས་ཚོར་བོད་གཙོ་བོར་འགྱུར་བའི་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་གཞན་ཚོའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་ངེས་པར་དུ་གླེང་སློང་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག

རྩ་བའི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱི་ལས་འགུལ་བ་མི་གྲངས་ ༡༥ ཡོད་པ་དེ་དག་གིས་དེ་རིང་ཚོ་ཁག་གཉིས་སུ་ཆ་བགོས་གནང་སྟེ། ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་རྒྱ་དམར་གཞུང་ཚབ་ཁུལ་ཏུ་རྒོལ་མཆོང་གི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་དེའི་ཁོངས་སུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་། ལྡི་ལི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས། དེ་བཞིན་རོ་ཧི་ནི་ས་གནས་དང་བོད་སྒར་བསམ་ཡས་གླིང་གི་གཞོན་ནུའི་ཚོགས་མི་རྣམས་ནས་མཉམ་ཞུགས་གནང་འདུག ལས་འགུལ་བ་རྣམ་པས་རྒྱ་དམར་གཞུང་ཚབ་མདུན་དུ་སྐད་འབོད་བྱས་མཚམས་སུ་ས་གནས་སྐོར་སྲུང་བས་ལས་འགུལ་བ་ཡོངས་རྗོགས་འཛིན་བཟུང་གིས་ Dwarka ཁུལ་གྱི་ Jafarpur Kalam ཞེས་པའི་སྐོར་སྲུང་ལས་ཁུངས་སུ་དོ་དམ་བྱས་ཡོད་པ་རེད།

གཞི་རྩའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་དེ་དག་གི་ངོས་ནས་ད་དུང། ཁ་སང་ཕྱི་དྲོ་རྒྱལ་ས་ལྡི་ལིའི་གནམ་ཐང་གི་ལམ་ངོས་ལྡིང་ཟམ་གཞུང་ལམ་ཞིག་ཏུ་ཆིན་ཀཱང་ཕྱིར་ལོག་བྱ་དགོས་ G20 ཞེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུ་ནས་གཞིས་བཞུགས་བོད་ཕྲུག་ཚོ་སྐྱོབ་ཪོགས་ཞེས་པའི་འཕྲེད་དར་བཅངས་ཡོད་པ་རེད།

The post Qin Gang ལ་ངོ་རྒོལ་བྱེད་མཁན་བོད་མི་ལས་འགུལ་བ་ ༡༥ ལྡི་ལི་ས་གནས་སྐོར་སྲུང་བས་འཛིན་བཟུང་། first appeared on vot.

View Details

རྒྱ་གར་མ་ཧ་རཤ་ཏྲ་མངའ་སྡེའི་བྱང་ཤར་ཕྱོགས་སུ་ཆགས་པའི་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་འདུགཁ་སང་ཕྱི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་སྤེལ་བའི་སྤེལ་བའི་གནས་ཚུལ་ནང་། ཟླ་བ་འདིའི་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་སྐུ་མགྲོན་གཙོ་བོ་ས་གནས་གོན་ཊི་ཡ་དང་སྦན་ད་ར་གྲོས་ཚོགས་འཐུས་མི་སྐུ་ཞབས་ M.G Chandrikapure ལགས་དང་། ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དངོས་གྲུབ་འོད་ཟེར་ལགས། དེ་བཞིན་ས་གནས་ཀྱི་འགོ་ཁྲིད་དང་མི་མང་། སློབ་ཕྲུག་བཅས་ནས་མཉམ་ཞུགས་གནང་ཏེ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩི་ཟབ་རྒྱས་ཞུས་འདུག
ལྔ་བཅུའི་དུས་སྟོན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་འདུག་པ་མ་ཟད། ནོར་རྒྱས་གླིང་གཞིས་ཆགས་ངོས་ནས་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་སྤྱིའི་བདེ་དོན་སླད་བྱམས་བརྩེ་དང་ཞི་བདེ་གོང་མཐོར་གཏོང་རྒྱུ་དང་སྒོས་སུ་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་ཐུགས་ཁུར་ཆེ་བཞེས་ཀྱིས་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་སླད་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་ཕུལ་ཡོད་འདུག
གཞི་རྩའི་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནི་ཕྱི་ལོ་ ༡༩༧༢ ལོར་དབུ་བརྙེས་པ་ཞིག་དང་། གཞིས་ཆགས་ལ་གྲོང་སྡེ་གཉིས་ཡོད་པ་རེད་འདུག
གཤམ་ལ་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཀྱི་གཞིས་འགོ་དོན་གྲུབ་བཟང་པོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཀའ་འདྲི་དང་ལེན་སྐབས་དུས་སྟོན་གྱི་ངོ་སྤྲོད་དང་སྦྲགས་ཏེ། གཞིས་ཆགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་ད་ལྟའི་ཆར་གཞིས་ཆགས་ནང་གཞིས་མི་གནས་བཞུགས་གནང་མཁན་ཇི་ཙམ་ཡོད་མེད་དང་། དེ་བཞིན་གཞིས་ཆགས་ནང་དཀའ་ངལ་གཙོ་གྲས་གཅིག་ནི་ཚ་བ་ཆེ་བའི་རྐྱེན་གྱིས་མི་གནས་ཐུབ་རྒྱུར་དཀའ་ངལ་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལྷག་པར་སྤྱི་ཡོངས་ནས་གཞིས་ཆགས་ནང་གནས་བཞུགས་གནང་མཁན་དང་བོད་ཕྲུག་སྐྱེ་འཕེལ་གྱི་གྲངས་ཐོ་ཇེ་ཉུང་དུ་འགྲོ་བཞིན་པར་གཞིས་ཆགས་སྲ་བརྟན་གནས་རྒྱུར་སྐུ་ངལ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག པར་དབང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས།

https://vot.org/wp-content/uploads/2023/03/Tsam-01.03.2023.mp3The post སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བ། first appeared on vot.

View Details

ཁ་སང་ཕྱི་ཚེས་ ༢༧ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས ༥༢ པ་དེ་ཚོགས་འགོ་བཙུགས་ཡོད་པ་དང་བསྟུན། ས་གནས་བོད་མི་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

སུད་སི་དང་ལིག་ཏེན་སི་ཊན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་གོ་སྒྲིག་གནང་བའི་ངོ་རྒོལ་ལས་འགུལ་ཐོག ས་གནས་བོད་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་བསྣམས་ཏེ་འདུ་འཛོམས་གནང་ཡོད་པ་དང་། སྐབས་དེར་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཐེངས་འདིའི་ལས་འགུལ་དེ་ནི་འཛམ་བུ་གླིང་ལ་བོད་ཀྱི་གནད་དོན་འདི་བཞིན་ད་དུང་ཡང་སེལ་མེད་པའི་དྲན་སྐུལ་གནང་རྒྱུ་དང་། ལྷག་པར་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་པས་ལྷན་ཚོགས་ཐོག་བོད་ནང་གི་གནད་དོན་གླེང་རྒྱུ་ནི་གལ་ཆེན་ཆགས་ཡོད་པ་མ་ཟད། རྒྱལ་ཚོགས་ནས་དེ་གའི་ཆེད་མཁས་མི་སྣར་རྒྱབ་སྐྱོར་གྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་འགན་ཁུར་ཡོད་པ་བཟོས་དགོས་ཅེས་གསུངས་འདུག

ད་དུང་ཁོང་གིས་རྒྱ་གཞུང་གིས་བོད་མི་རྣམས་ལ་སྔར་ལྷག་དམ་དྲག་དང་ལྟ་སྲུང་ཆེད་བོད་མི་ས་ཡ་གཅིག་ལྷག་གི་ DNA དང་། Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་ཡོད་སྐོར་སོགས་གསུངས་ཏེ། རྒྱལ་ཚོགས་ནས་རྒྱ་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་དང་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཅེས་ནན་བརྗོད་གནང་དགོས་སྐོར་གསུངས་འདུག

སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་གཞན་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བའི་གནད་དོན་ཐེར་འདོན་གྱིས། རྒྱ་ནག་གཞུང་ནས་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་དགོས་སྐོར་གཏམ་བཤད་གནང་འདུག མ་ཟད་སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་ Marguarite Contat ལགས་ཀྱིས། བོད་ནང་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་རིག་གཞུང་དང་ངོ་བོ་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐོང་གི་གནད་དོན་སྐོར་སུད་སིའི་གྲོས་ཚོགས་སུ་ཞུ་གཏུག་གནང་རྒྱུ་ཡིན་ཞེས་གསུངས་འདུག

གཞི་རྩའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༢ པ་དེ་བཞིན་ཁ་སང་ནས་འགོ་བཙུགས་ཀྱིས་ཕྱི་ཟླ་ ༤ པའི་ཚེས་ ༤ བར་ཚོགས་ཀྱི་ཡོད་པ་རེད།

ཁ་ས་ལྷན་ཚོགས་ཀྱི་ཉིན་དང་པོར་དབྱིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ James Cleverly ལགས་ཀྱིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེའི་འོག་རང་དབང་ཅན་གྱི་གསར་ཁང་རྣམས་སྒོ་རྒྱག་པ་དང་། ཧོང་ཀོང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ལ་འགོག་རྐྱེན་བཟོས་ཡོད་པར་ཧོང་ཀོང་སྲིད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེར་གནང་བའི་ཐོག ཧོང་ཀོང་དང་རྒྱ་ནག་སྲིད་གཞུང་ལ་དེ་སྔ་ Sino-British Joint Declaration ཞེས་དབྱིན་ཇིའི་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་བཞག་པའི་གྲོས་མཐུན་དེར་བརྩི་འཇོག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་བཏོན་པའི་སྙན་ཐོ་ནང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་དགོས་པའི་དོན་ཚན་བཀོད་ཁག་རྣམས་ལག་བསྟར་དགོས་པ་གསུངས་འདུག

ཆབས་ཅིག་ཁོང་གིས་འདས་ལོར་སྐབས་དེའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་ཤིན་ཅང་ནང་གི་སྙན་ཐོ་བཏོན་པ་ལུང་འདྲེན་གྱིས་སྙན་ཐོ་དེས་ལྷན་ཚོགས་ནས་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གོ་བསྡུར་གནང་བ་སོགས་ལ་ཕན་ངེས་ཡིན་ཀྱང་རྒྱ་ནག་གིས་གནད་དོན་དེར་ཁས་ལེན་མ་བྱས་པའི་ཐོག་ནས་གོ་བསྡུར་གནང་བར་འགོག་རྐྱེན་བཟོས་ཀྱི་ཡོད་པས། རྒྱ་ནག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་མཉམ་ལས་གནང་ཏེ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་གིས་འགན་ཁུར་དགོས་པའི་ཞུ་སྐུལ་གནང་འདུག པར་དབང་བོད་མིའི་སྒྲིག་འཛུགས།

The post རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པར་ངོ་རྒོལ། first appeared on vot.

View Details

ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་གནས་སྡོད་གནང་བཞིན་པ་ས་གནས་བོད་མི་རྣམས་ལ་འདི་ལོ་གནམ་ལོ་གསར་བཞད་རན་མཚམས་ནས་དབུ་འཛུགས་ཀྱིས་མངའ་སྡེ་གཞུང་གི་ཟ་འབྲུ་ཐོབ་ཐང་གི་ལག་འཁྱེར་ཐོབ་པ་དང་དུས་མཉམ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནང་ཚུད་འདུག

དེ་ཡང་ཨོ་རི་ས་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་མཁན་པོ་པདྨ་བསྟན་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ད་རེས་ཨོ་རི་ས་བོད་མི་རྣམས་ལ་མངའ་སྡེའི་དམིགས་བསལ་ཁེ་ཕན་ཐོབ་ཐང་ཐོབ་ཡོད་པ་དེ་ནི་རྐང་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་མངའ་སྡེ་དེའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་སྐུ་ཞབས་ Sudarshan Pal Thakur མཆོག་གིས་སྣེ་ཁྲིད་འོག་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་མངའ་སྡེའི་རྒྱལ་ས་ Bhubaneswar ནས་ཨོ་རི་ས་བོད་མིའི་གཞིས་ཆགས་སུ་ཆེད་བསྐྱོད་གནང་སྟེ་ས་གནས་རྒྱ་གར་ཡུལ་མིའི་གནས་སྟངས་རྒྱུས་ལོན་གནང་ཆེད་དང་འབྲེལ་ཡུལ་མི་དང་བོད་མི་གཉིས་ཟུང་འབྲེལ་ཐོག་གཞིས་ཆགས་དེ་ཉིད་ཡར་རྒྱས་གཏོང་ཕྱོགས་དང་དེ་བཞིན་ས་གནས་བོད་མིའི་དཀའ་ངལ་ཇི་ཡིན་སོགས་ཀྱི་སྐོར་ལ་ད་ཡོད་དང་སྐབས་དེའི་ས་གནས་འགོ་འཛིན་རྣམ་གཉིས་གཙོས་བོད་མིའི་སྐུ་ཚབ་ཁག་ཅིག་དང་ལྷན་དུ་བཀའ་བསྡུར་ཐེངས་གཉིས་ཙམ་གནང་སྐབས་བོད་མིའི་ཕྱོགས་ནས་ཞིབ་འཇུག་ཚོགས་ཆུང་དེ་ཉིད་ལ་ཨོ་རི་སའི་བོད་མི་རྣམས་མངའ་སྡེ་གཞུང་གི་ Biju Swasthya Kalyan Yojana ཞེས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནང་ཚུད་ཐབས་ཡོང་བ་དང་དེ་བཞིན་བོད་མིར་ཟ་འབྲུ་ཐོབ་ཐང་གི་ལག་འཁྱེར་ཐོབ་ཐབས་སུ་རོགས་རམ་གནང་དགོས་པའི་དགོས་འདུན་བཏོན་ཡོད་པའི་མཇུག་འབྲས་སུ་ཉེ་ཆར་ཟླ་བ་འདིའི་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་གཞིས་ཆགས་དེའི་གྲོང་སྡེ་བཞི་ལ་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ལྟར་ཐོབ་ཐང་དེ་གཉིས་ཐོབ་ཡོད་པ་དང་རིང་མིན་གྲོང་ལྔ་པ་ལའང་དེ་ལྟར་ཐོབ་ངེས་ཡིན་པ་རེད་འདུག

ད་ལན་ཨོ་རི་སའི་བོད་མི་རྣམས་ལ་མངའ་སྡེ་གཞུང་གི་དམིགས་བསལ་ཁེ་ཕན་ཐོབ་ཡོད་པ་དེའི་འོག་ཟླ་རེར་རིན་མེད་ཐོག་འབྲས་ཀི་ལོ་ལྔ་རེ་དང་དེ་བཞིན་ས་སྣུམ་སོགས་ཁག་ཅིག་ཐོབ་འགོ་འཛུགས་ཡོད་པ་དང་ལྷག་དོན་ཟ་འབྲུ་ཐོབ་ཐང་གི་ལག་འཁྱེར་ཡོད་རིགས་བོད་མི་སུ་ཞིག་ནད་པ་ཛ་དྲག་ཆགས་ཚེ་དེར་མངའ་སྡེའི་གཞུང་གིས་བཀའ་འཁྲོལ་འོག་ནས་ལོ་རེར་མང་ན་འབུམ་ལྔའི་འགྲོ་གྲོན་བཏང་གནང་གི་འདུག

རྩ་བའི་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་དབུ་བརྙེས་ནས་སྐབས་དེར་བོད་མི་ ༢༥༠༠ ལྷག་ས་གནས་དེར་སྐྱབས་བཅོལ་ལ་ཕེབས་ཡོད་ཅིང་། རིམ་པའི་ས་གནས་བོད་མི་རྣམས་ལ་མངའ་སྡེ་གཞུང་གིས་བཀའ་ཁྲོལ་འོག་ཞིང་ལས་ཀྱི་ས་ཆ་ཨེ་ཀར་གཅིག་རེ་ཐོབ་པ་ནས་བཟུང་བོད་མི་རྣམས་ཀྱིས་ས་ཁུལ་དེར་ཨ་ཤོམ་གྱི་སྟོན་ཐོག་བཏབ་འགོ་བཙུགས་ནས་ད་ཆ་ཞིང་ལས་དང་ཚོང་ལས་གཉིས་འཚོ་བའི་རྟེན་གཞི་གཙོ་བོར་གྱུར་ཡོད་པ་མ་ཟད། གཞིས་ཆགས་དེའི་ནང་བོད་མི་ཐོ་འགོད་ཡོད་པ་ ༣༠༠༠ དང་ད་ལྟའི་ཆར་དངོས་སུ་ཡོད་བཞིན་པ་ ༡༨༠༠ ཆགས་ཀྱི་ཡོད་པ་རེད།

The post ཨོ་རི་སའི་བོད་མིར་ཟ་འབྲུ་ལག་འཁྱེར་ཐོབ་པ་དང་བསྟུན་མངའ་སྡེ་གཞུང་གི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནང་ཚུད་འདུག first appeared on vot.

View Details

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྐུ་ཉིད་རྒྱ་གར་དུ་ཕྱིར་ཕེབས་རྒྱུའི་ཐུགས་རེ་ཡོད་ཀྱང་འདས་པའི་ལོ་ངོ་བཅོ་བརྒྱད་ཙམ་རྒྱ་གར་དུ་སྐུ་བཞུགས་གནང་སྐབས་གནས་ཚུལ་འདྲ་མིན་དང་སྐུ་ངལ་རིམ་པར་འཕྲད་པའི་ཐུགས་ཀྱི་མྱོང་བ་ལ་གཞིགས་ནས་ཐུགས་བསམ་ནན་པོ་དང་ཐུགས་ཐག་ནན་པོ་སྒོ་ནས་ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་རྒྱ་གར་དུ་ཞལ་འཛོམས་བྱུང་རྒྱུའི་ཐུགས་རེ་ཡོད་པ་བཀའ་གནང་འདུགའབོ་དཀར་བཤད་གྲྭར་འདི་ལོའི་བཀའ་བརྒྱུད་དགུན་ཆོས་ཐེངས་ཉེར་གསུམ་པ་དང་བཀའ་བརྒྱུད་སྨོན་ལམ་འཕར་མ། དེ་བཞིན་སྒྲོལ་མ་ལྷ་ལྔའི་ཆོ་ག་བཅས་ཀྱི་ཚོགས་མགོན་དུ་དྲྭ་ཐོག་བརྒྱུད་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་གསུང་ཆོས་བཀའ་དྲིན་སྩལ་བའི་སྐབས་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བཞིན་མི་མང་འདུ་འཛོམས་བྱུང་སྟབས་བདེ་མིན་ལ་བརྟེན་ནས་ཕྱིར་འཐེན་བྱ་རྒྱུ་རིན་པོ་ཆེའི་དགོངས་གཞི་ལྟར་སྨོན་ལམ་ཆེན་མོ་དངོས་སུ་བསྐོང་ཚོགས་གནང་ཐུབ་མེད་རུང་ལོ་རྗེས་མར་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཆེན་མོ་བསྐོང་ཚོགས་ཐུབ་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་སྐུ་སྒེར་ལྟ་བུ་མཚོན་ན་རྒྱ་གར་དུ་ཕྱིར་ཕེབས་རྒྱུའི་ཐུགས་རེ་ཡོད་ཀྱང་ཐུགས་བསམ་དང་ཐུགས་ཐག་ནན་པོའི་སྒོ་ནས་རྒྱ་གར་ལ་ཕྱིར་ཕེབས་རྒྱུའི་དགོངས་བཞེས་མཛད་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གཞུང་དང་གྲོས་མོལ་སྒོ་ནས་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་གནང་འདུགདཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ད་དུང་ནམ་ཞིག་རྒྱ་གར་ལ་ཕེབས་གཏན་ཁེལ་སྐབས་བལ་ཡུལ་དང་འབྲུག་ལའང་ཕེབས་རྒྱུའི་དགོངས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། དེ་སྔ་རིན་པོ་ཆེ་མཆོག་བལ་ཡུལ་བརྒྱུད་དེ་བཙན་བྱོལ་ལ་ཕེབས་སྐབས་བལ་ཡུལ་ནང་ཚོུད་འགའ་ཤས་ལས་སྐུ་བཞུགས་མཛད་རྒྱུ་བྱུང་མེད་སྟབས། མ་འོངས་པར་བལ་ཡུལ་ནང་ཕེབས་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་པ་མ་ཟད། འབྲུག་ཡུལ་ལྟ་བུ་མཚོན་ན་འབྲུག་རྒྱལ་གོང་མ་རྣམས་དང་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པ་བཅས་ཀརྨ་པ་རིམ་བྱོན་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་སྟབས། འབྲུག་ཡུལ་དུའང་ཕེབས་ཐུབ་པའི་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་གནང་བ་དང་སྦྲགས། ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་ཞལ་འཛོམས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་འདུགགཞི་རྩའི་འབོ་དཀར་བཤད་གྲྭར་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༢༦ ནས་ཕྱི་ཟླ་ ༡ ཚེས་ ༢༥ བར་བཀའ་བརྒྱུད་དགུན་ཆོས་ཐེངས་ཉེར་གསུམ་པ་བསྐོང་ཚོགས་གནང་ཡོད་པ་དང་ཚོགས་མགོན་དུ་དྲྭ་ཐོག་བརྒྱུད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུས་བཞུགས་ཀྱིས་སེམས་ཙམ་པའི་གཞུང་སུམ་ཅུ་པའི་གསུང་ཆོས་བཀྲིན་སྩལ་ཡོད་པ་མ་ཟད། ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༡ བར་བཀའ་བརྒྱུད་སྨོན་ལམ་འཕར་མ་བསྐོང་ཚོགས་གནང་སྟེ་སྐབས་དེར་རིན་པོ་ཆེ་མཆོག་གིས་ཇོ་བོ་རྗེའི་རྣམ་ཐར་དང་འབྲེལ་ནས་གསུང་ཆོས་བཀའ་དྲིན་སྩལ་ཡོད་པ་རེད། དེ་བཞིན་ཟླ་བ་འདིའི་ཚེས་ ༥ ཉིན་སྒྲོལ་མ་ལྷ་ལྔའི་གསུང་ཆོས་བཅས་བཀྲིན་སྩལ་ཡོད་པ་རེད།

https://vot.org/wp-content/uploads/2023/02/gyurmey09.mp3The post ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་རྒྱ་གར་དུ་ཞལ་འཛོམས་བྱུང་རྒྱུའི་ཐུགས་རེ་ཡོད་པ་བཀའ་གནང་བ། first appeared on vot.

View Details

དེ་རིང་ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་སྟབས་བསྟུན་བོད་ཀྱི་འབྲས་ནད་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་མདུན་ཐང་དུ་འབྲས་ནད་གོ་རྟོགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བསྡུ་རུབ་དང་རིན་མེད་ H-pylori ཞེས་ཕོ་བར་ནད་འབུ་ཡོད་མེད་གཙོས་ཁྲག་ཤེད་སོགས་འབྲས་ནད་དང་འབྲེལ་བའི་བརྟག་དཔྱད་གནང་སྟེ། འབྲས་ནད་ཀྱི་སྔོན་འགོག་དང་སྨན་བཅོས་ཀྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་སོང་།དེ་རིང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དེ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་འཛམ་གླིང་ནང་འབྲས་ནད་རྐྱེན་གྱིས་མི་མང་པོའི་ཚེ་སྲོག་ལ་ངལ་བ་འཕྲད་བཞིན་ཡོད་པ་དང་། རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུའང་དེ་འབྲེལ་ནད་གཞི་རྐྱེན་པས་དཀའ་ངལ་ཅན་གྱི་གནད་དོན་ཡང་འབྱུང་བཞིན་ཡོད་པར་གསུངས་པ་དང་ཆབས་ཅིག བོད་མི་ཚོས་དུས་ཐོག་ཏུ་སྨན་བཅོས་དང་སྔོན་འགོག་གནང་དགོས་གལ་ཡིན་པ་སོགས་གསུངས་འདུགབོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་ཆེད་དམིགས་ཀྱིས་འབྲས་ནད་ཀྱི་ནད་གཞིའི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་ལས་འཆར་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། འབྲས་ནད་སྔོན་འགོག་གནང་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཡིན་པ་སོགས་གསུངས་སོང་།གཞི་རྩའི་དེ་རིང་བོད་ཀྱི་འབྲས་ནད་ཚོགས་པའི་ལས་འཆར་དེ་ནི་སུད་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འབྲས་ནད་སྲུང་སྐྱོབ་མཐུན་ཚོགས་ཀྱི་འགོ་ཁྲིད་འོག་ནས་གནང་བ་ཞིག་ཡིན་པ་དང་། བོད་ཀྱི་འབྲས་ནད་ཚོགས་པ་ནི་ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་ཐེབས་རྩ་ཁང་གི་རོགས་དངུལ་གྱི་ཐོག་ནས་ཐོག་མར་གསར་འཛུགས་གནང་ཡོད། ༢༠༡༩ ལོར་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱིས་ངོས་འཛིན་ཐོབ་སྟེ་དེབ་སྐྱེལ་བྱས་ཡོད་ཅིང་། དུས་རྒྱུན་ནས་བོད་མིའི་འབྲས་ནད་ཡོད་མཁན་རྣམས་ལ་རྒྱལ་ས་ལྡི་ལིར་བྱམས་བརྩེ་ཁང་པ་ཟེར་བ་ཞིག་ཆེད་འཛུགས་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པ་མ་ཟད། བོད་མིའི་གཞིས་ཆགས་ཁག་སོ་སོར་འབྲས་ནད་བརྟག་དཔྱད་དང་སྔོན་འགོག་གི་ལས་གཞི་སྤེལ་མུས་ཡིན་པའི་ཁེ་མེད་ཚོགས་པ་ཞིག་ཆགས་ཡོད་པ་རེད།

https://vot.org/wp-content/uploads/2023/02/World-Cancer-Day-4th-Fec-2023.mp3The post འབྲས་ནད་གོ་རྟོགས་སྤེལ་བའི་ཐོག་ནས་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་བརྩི། first appeared on vot.

View Details

བོད་ཟླ་ ༡༢ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་འདི་ལོའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་འཚོགས་བཞིན་པ་དང་བསྟུན། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་འབྲས་སུ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་རིན་པོ་ཆེ་མཆོག་གིས་ལོ་གསུམ་གྱི་རིང་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་རྒྱུའི་བཀའ་བཞེས་མཛད་འདུགལོ་ངོ་གསུམ་རིང་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་གིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཟིན་པའི་རྗེས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཐེངས་ ༣༤ པའི་ཐོག་ཕྱི་ལོ་ ༢༠༢༤ ནས་ ༢༠༢༦ བར་ལོ་ངོ་གསུམ་གྱི་རིང་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གཏན་འཁེལ་ཡོད་པ་སྔ་འགྱུར་རྙིང་མའི་སྤྱི་འཐུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཞལ་པར་བརྒྱུད་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད།

གཞི་རྩའི་དེ་སྔ་བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ཕེབས་ཕྱོགས་ཀྱི་ལམ་སྲོལ་དམིགས་བསལ་ཞིག་མེད་ཀྱང་། བྱེས་སུ་འབྱོར་རྗེས་རྙིང་མའི་མ་དགོན་དྲུག་ནས་རེ་མོས་ཐོག་དབུ་འཛིན་ཁྲི་རབས་གནང་གི་ཡོད་པ་རེད། དེའང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཆེས་ཐོག་མ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་གནང་བ་དང་དེ་རྗེས་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སོགས་ནས་ཁྲི་རབས་ཀྱི་མཚན་གནས་རིམ་པ་བཞེས་ཡོད་པ་དང་། ཕྱིས་སུ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས་ཚུད་དང་། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེད་ཕྱག་ལས་གནང་རྒྱུའི་ཐོག་ཐག་གཅོད་གསར་པ་ཞིག་བྱ་ཐུབ་ཚེ་དགེ་མཚན་ཆེ་བར་དགོངས་ཚུལ་གསུངས་པར་བརྟེན། གོ་བསྡུར་རིམ་པ་བྱས་མཐར་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དགོངས་ཚུལ་དེ་བཞིན་སྤྱི་མོས་ཐག་གཅོད་གནང་ཡོད་པ་ལྟར། འདས་པའི་ལོ་ངོ་གསུམ་རིང་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་གིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་རེད།

https://vot.org/wp-content/uploads/2023/01/gyur30.mp3The post ༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ལོ་གསུམ་གྱི་རིང་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གཏན་ཁེལ་བ། first appeared on vot.

View Details

༸བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ཨ་རི་མི་ནི་སོ་ཊར་རྟེན་གཞི་བྱས་པའི་ Gustavus Adolphus མཐོ་སློབ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་ Gustavus Adolphus མཐོ་སློབ་གི་དགེ་ལས་སློབ་ཕྲུག་ཁག་གཅིག་ལ་ཟླ་བ་འདིའི་ཕྱི་ཚེས་ ༨ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གསུམ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་རིག་གཞུང་དང་། ནང་པའི་ལྟ་གྲུབ། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་བོད་མིའི་གནས་བབ་སྐོར་ལ་སློབ་སྦྱོང་གི་ལས་གཞི་ཞིག་སྐྱོང་བཞིན་ཡོད་པ་རེད་འདུགས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ Gustavus Adolphus མཐོ་སློབ་བར་དེ་འབྲེལ་ལས་གཞིར་གཉེར་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་དེའི་ནང་ Gustavus Adolphus མཐོ་སློབ་གྱི་ཨ་རིའི་མི་སེར་སློབ་ཕྲུག་གྲངས་ ༡༢ དང་དགེ་ལས་གྲངས་ ༢ བཅས་ཁྱོན་མི་གྲངས་ ༡༤ མཉམ་ཞུགས་གནང་འདུག རྩ་བའི་ལས་གཞི་དེའི་ཁྲོད་ནས་དེ་འབྲེལ་མཐོ་སློབ་ཀྱི་སློབ་མ་ཁག་ལ་དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་ཐུག་འཕྲད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས། འགྲོ་ཕན་སྨན་རྩིས་ཁང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། རིགས་ལམ་སློབ་གཉེར་ཁང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་སོགས་དབུས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་རྒྱུས་ལོན་ཆེད་ལྟ་སྐོར་སོགས་ཀྱང་གོ་སྒྲིག་གནང་འདུགདེ་བཞིན་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་སློབ་མ་རྣམས་དང་ཨ་རི་མི་ནི་སོ་ཊའི་ Gustavus Adolphus མཐོ་སློབ་ཀྱི་སློབ་མའི་བར་ཤེས་ཡོན་བརྗེ་ལེན་གཙོས་རྒྱུན་སྤྱོད་ཨིན་སྐད་སྦྱོང་བརྡར་སོགས་གནང་བཞིན་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་ནས་ལས་གཞི་དེའི་ནང་ཕྱག་ལས་གནང་མུས་ཡིན་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལྟ་གྲུབ་དགེ་རྒན་དགེ་བཤེས་བསྟན་འཛིན་དམ་ཆོས་ལགས་དང་། Gustavus Adolphus མཐོ་སློབ་ཀྱི་སློབ་མ་ཁག་གཅིག་ལ་བཅར་འདྲི་ཞུས་པ་གཤམ་འོག་གི་སྒྲ་སྒམ་བརྒྱུད་གསན་ཐུབ།

https://vot.org/wp-content/uploads/2023/01/Sara-and-Gustavus-Adolphus-College-Minessota-USA-17th-Jan-2023.wavDownload

The post ཨ་རི་མི་ནི་སོ་ཊའི་མཐོ་སློབ་ཀྱི་དགེ་སློབ་ཁག་གཅིག་ནས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སོགས་ལ་སློབ་སྦྱོང་གནང་བཞིན་པ། first appeared on vot.

The post ཨ་རི་མི་ནི་སོ་ཊའི་མཐོ་སློབ་ཀྱི་དགེ་སློབ་ཁག་གཅིག་ནས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སོགས་ལ་སློབ་སྦྱོང་གནང་བཞིན་པ། appeared first on vot.

View Details

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཁག་གི་དེང་རབས་ཀྱི་སློབ་ཚན་དེ་དག་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག་ཅེས་བཀའ་སློབ་སྔ་ཕྱི་རིམ་པ་ཕེབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་ཐོག་ནས་སློབ་ཚན་གཞན་རྣམས་སློབ་ཁྲིད་བྱ་རྒྱུར་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་དེ་འབྲེལ་སློབ་ཚན་དེ་དག་རིགས་ལམ་བརྒྱུད་ནས་འཁྲིད་ཐབས་ཀྱི་ཀློག་དེབ་རིགས་བཟོ་ཐུབ་ཚེ། མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཙམ་མིན་པར་རིམ་པས་ཧི་མ་ལ་ཡ་རི་བརྒྱུད་དང་རྒྱ་གར། དེ་བཞིན་འཛམ་གླིང་སྤྱི་ལ་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་སྟངས་རིགས་པ་གསར་པ་ཞིག་དང་། ལམ་སྟོན་གསར་པ་ཞིག་ཆགས་པའི་ཐུགས་རེ་ཡོད་ཅེས་བཀའ་སློབ་ཕེབས་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་འབྲེལ་ཡོད་ལྷན་ཁང་ནས་རིགས་ལམ་ཟབ་སྦྱོང་གཙོས་དེའི་བརྒྱུད་དེང་དུས་སློབ་ཚན་འཁྲིད་ཐབས་ཀྱི་ཟབ་སྦྱོང་སོགས་རིམ་པ་གནང་དང་གནང་མུས་ཡིན་པ་རེད།

ཐེངས་འདིར་འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་ཝཱཎ་གཙུག་ལག་སློབ་ཁང་དུ་རིགས་ལམ་བརྒྱུད་དེང་དུས་ཀྱི་སློབ་ཚན་ཁྲིད་ཐབས་ཀྱི་དགེ་རྒན་ཟབ་སྦྱོང་གནང་མུས་ཡིན་པ་དང་བསྟུན། ལས་གཞི་དེའི་ནང་ཕྱག་ལས་གནང་མཁན་ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་ཚན་ཞིག་རྒྱང་སྲིང་ཞུས་ཡོད།

https://vot.org/wp-content/uploads/2023/01/Riglam-Feature-11st-Jan-2023.mp3Download

The post རིགས་ལམ་བརྒྱུད་དེང་དུས་སློབ་ཚན་འཁྲིད་ཐབས་ཀྱི་དགེ་རྒན་ཟབ་སྦྱོང་ལས་གཞིའི་སྐོར། first appeared on vot.

The post རིགས་ལམ་བརྒྱུད་དེང་དུས་སློབ་ཚན་འཁྲིད་ཐབས་ཀྱི་དགེ་རྒན་ཟབ་སྦྱོང་ལས་གཞིའི་སྐོར། appeared first on vot.

View Details

སྤྱིར་འཛམ་གླིང་འདིའི་ནང་རྒྱལ་ཁབ་དང་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་དེའི་ནང་ཤེས་ཡོན་གོང་འཕེལ་བྱ་རྒྱུའི་ཐབས་ལམ་སྣ་ཚོགས་ཤིག་ཡོད། ཐབས་ལམ་དེ་དག་གི་ཁྲོད་དཔེ་ཀློག་གི་གོམས་གཤིས་ནི་ཤེས་ཡོན་གོང་འཕེལ་གྱི་རྨང་གཞི་ཞིག་ཡིན་པ་སྨོས་ཅི་དགོས། རྒྱུ་མཚན་དེའི་ཕྱིར་ན་སྤྱི་ཚོགས་གང་སར་དཔེ་ཀློག་གི་ལས་གཞི་སྣ་མང་སྤེལ་དང་སྤེལ་མུས་ཡིན་པའི་ཁྲོད། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་ཀྱང་ལོ་འཁོར་མོའི་ནང་དཔེ་ཀློག་གི་ལས་གཞི་གོ་སྒྲིག་གནང་མུས་ཡིན་པ་མ་ཟད། ད་ལྟའི་ཆར་རང་རེ་བཙན་བྱོལ་ནང་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་དང་སྟབས་བསྟུན། གཞི་རིམ་སློབ་མའི་སློབ་ཕྲུག་ཁག་ལ་ཆེད་དུ་དམིགས་ནས་ཟླ་བ་གཅིག་གི་རིང་དམིགས་བསལ་དཔེ་ཀློག་གི་ལས་གཞི་ཞིག་གོ་སྒྲིག་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་ཐོག་མར་གསར་བཙུགས་གནང་མཁན་གྲས་སུ་ཡོད་པའི་ཤེས་ཡོན་ཆེད་ལས་པ་སྐལ་བཟང་དབང་འདུས་ལགས་དང་ལྷན་དུ་དཔེ་ཀློག་གི་ལས་གཞི་དེ་དང་འབྲེལ་ནས་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་ཚན་ཞིག་རྒྱང་སྲིང་ཞུས་ཡོད།

https://vot.org/wp-content/uploads/2023/01/Manjushri-Winter-Reading-Program.mp3Download

The post འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་དགུན་དུས་དཔེ་ཀློག་ལས་གཞིའི་སྐོར། first appeared on vot.

The post འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་དགུན་དུས་དཔེ་ཀློག་ལས་གཞིའི་སྐོར། appeared first on vot.

View Details

དེང་སྐབས་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་ཡིན་པ་དང་སྟབས་བསྟུན། བོད་པའི་གཞིས་ཆགས་གཙོས་པའི་བོད་མིའི་གནས་སྡོད་ས་ཁུལ་ཁག་གི་ནང་གཞི་རིམ་སློབ་ཕྲུག་རྣམས་ལ་ཆེད་དུ་དམིགས་ནས་ཟུར་ཁྲིད་སོགས་ཤེས་ཡོན་གོང་འཕེལ་གྱི་ལས་གཞི་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཡིན་པའི་ཁྲོད། འདི་ག་རླུང་འཕྲིན་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་སོ་སོའི་གོ་སྒྲིག་འོག་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་ལྔ་པའི་བར་གྱི་བྱིས་པ་དེ་དག་ལ་དགུན་དུས་ཟུར་ཁྲིད་ཀྱི་ལས་གཞི་སྐྱོང་བཞིན་ཡོད་པར་བརྟེན། ཡོངས་གླིང་སློབ་གྲྭའི་དྲུང་ཡིག་བྱང་ཆུབ་དཔལ་མོ་ལགས་དང་། དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་སྨན་རྩིས་ཁང་ཁུལ་གྱི་འཐུས་མི་སྨན་པ་ཨོ་ཤོ་བསོད་ནམས་སྒྲོལ་དཀར་ལགས་རྣམ་པ་གཉིས་དང་ལྷན་དུ་དེ་འབྲེལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་རིམ་ཞིག་རྒྱང་སྲིང་ཞུས་ཡོད།

https://vot.org/wp-content/uploads/2023/01/Winter-Feature-111.mp3Download

The post སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་དང་སྟབས་བསྟུན་ཟུར་ཁྲིད་གནང་བཞིན་པ། first appeared on vot.

The post སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་དང་སྟབས་བསྟུན་ཟུར་ཁྲིད་གནང་བཞིན་པ། appeared first on vot.

View Details

དཔལ་དུས་འཁོར་དབང་ཆེན་ལྟ་བུའི་ཆོས་འབྲེལ་གྱི་མི་ཚོགས་ཆེ་བའི་སྐབས་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས་གཉིས་ནས་ཆོས་ཞུ་བར་སྨན་པའི་ཞབས་ཞུའི་ལས་དོན་སྣ་ཚོགས་ཤིག་གྲུབ་ཀྱི་ཡོད་པ་ལྟར། ད་རེས་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཁུལ་དེར་ཛ་དྲག་མཐུན་འགྱུར་དང་ཁོར་ཡུག་གཙང་བཟོ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་རྒྱ་གང་ཆེར་སྤེལ་ཡོད་པ་རེད།ད་རེས་གནས་མཆོག་རྡོ་རྗེ་གདན་གྱི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་དེར་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་བོད་མི་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད། ཁུལ་དེ་དག་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དད་ལྡན་ཆོས་ཞུ་བ་དང་། གཞན་ཡང་འཛམ་གླིང་ཡུལ་གྲུ་ཁག་ ༦༠ ལྷག་ནས་ད་རེས་ཀྱི་ཆོས་འབྲེལ་དེར་ཆོས་ཞུ་བ་མི་གྲངས་བདུན་ཁྲི་ལྷ་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༢ ནས་ཞབས་ཞུའི་ལས་དོན་འགོ་འཛུགས་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་དེ་ཚེས་ ༡༦ ནས་ཞབས་ཞུ་འགོ་འཛུགས་ཀྱིས་ད་ཆ་ཆོས་ཞུ་བ་རིམ་པས་རང་གནས་སུ་ཕྱིར་ལོག་གནང་བཞིན་པ་དང་བསྟུན། དེ་རིང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེ་ཡང་རེ་ཞིག་མཇུག་སྒྲིལ་གནང་གི་ཡོད་པ་རེད།

https://vot.org/wp-content/uploads/2023/01/NGO-and-Social-Service-Bodh-Gaya.mp3Download

The post ཆོས་ཞུ་བ་རྣམས་རང་གནས་སུ་ཕྱིར་ལོག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དང་བླངས་ཞབས་ཞུ་རེ་ཞིག་མཇུག་སྒྲིལ། first appeared on vot.

The post ཆོས་ཞུ་བ་རྣམས་རང་གནས་སུ་ཕྱིར་ལོག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དང་བླངས་ཞབས་ཞུ་རེ་ཞིག་མཇུག་སྒྲིལ། appeared first on vot.

View Details

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ཡོལ་ཙམ་ལ་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་ཆོས་སྡེ་སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་དུ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་གང་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་དང་བསྟུན་སློབ་དཔོན་མའི་ཕྱག་འཁྱེར་ལ་ངེས་གསང་ལེགས་བཤད་མཛོད་འཆང་དང་། ལོ་རིམ་དྲུག་པ་དང་བཞི་པ་གཉིས་ལ་ཕར་ཕྱིན་རབ་འབྱམས། མཐའ་བྲལ་སྨྲ་བའི་དབང་ཕྱུག་བཅས་ཀྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་སོང་། དེ་རིང་སྔ་དྲོ་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་དབུ་འཛུགས་དང་འབྲེལ་ཏེ་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་ཕྱི་ལོ་ ༢༠༡༠ ནས་ ༢༠༢༢ བར་ཐོན་པའི་བཙུན་མ་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་དང་དེ་བཞིན་སློབ་དཔོན་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་རྣམས་ཀྱིས་མཁན་ཆེན་པདྨ་ཤེས་རབ་མཆོག་གི་དྲུང་ནས་དམ་བཅའ་ཕུལ་སོང་།རྩ་བའི་ཐེངས་འདིར་སློབ་དཔོན་མའི་ཕྱག་འཁྱེར་བཞེས་མཁན་ཁྱོན་བཙུན་མ་ ༡༦ བྱུང་ཡོད་པ་རེད། གཞི་རྩའི་དེ་རིང་གི་མཛད་སྒོ་ཐོག་མཁན་ཆེན་པདྨ་ཤེས་རབ་མཆོག་དང་བོད་ཀྱི་བཙུན་མའི་ལས་འཆར་གྱི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ལྷན་ཞུགས་གནང་ཡོད།གཞི་རྩའི་ཤུག་གསེབ་བཙུན་དགོན་ནི་བོད་ནང་ཕྱི་ལོ་ ༡༡༨༡ ལོར་ཕྱག་བཏབ་པ་དང་ད་ཆ་བཙན་བྱོལ་ནང་གི་ཤུག་གསེབ་བཙུན་དགོན་དུ་བཙུན་མ་ ༡༠༠ མན་ཙམ་ཡོད་པ་རེད།

The post སློབ་དཔོན་མ་དང་དབུ་ཕར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པ། first appeared on vot.

The post སློབ་དཔོན་མ་དང་དབུ་ཕར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པ། appeared first on vot.

View Details

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ པའི་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་ ༡༨༩༥ ནས་ ༡༩༥༩ བར་ལོ་རྒྱུས་ལྡན་པའི་བོད་ཀྱི་དམག་དཔུང་གི་འདྲ་པར་འགྲེམས་སྟོན་དབུ་འཛུགས་གནང་སོང་།དེ་ཡང་བོད་ཀྱི་དཔེ་མཛོད་ཁང་དང་། འབུམ་རམས་པ་ Alice Travers ཨེ་ལི་སེ་ཊ་ར་ཝེ་སི་ལགས་གཉིས་ཀྱི་གོ་སྒྲིག་འོག་དེ་གའི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ལྟེ་གནས་ཁང་གི་ཐོག་བརྩེགས་གསུམ་པར་འགྲེམས་སྟོན་དབུ་འཛུགས་གནང་ཡོད་པ་དང་། འགྲེམས་སྟོན་འདི་ཉིད་དངོས་སུ་དབུ་འཛུགས་མ་གནང་གོང་དུ། དེ་གའི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དེ་འབྲེལ་དབུ་འབྱེད་མཛད་སྒོའི་སྐབས། སྐུ་མགྲོན་གཙོ་བོ་དིང་རི་བོད་དམག་ཟུར་པ་སྐུ་ཞབས་ངག་དབང་ལགས་དང་། སྐུ་སྲུང་དམག་ཟུར་བཀྲ་ཤིས་ཚེ་རིང་ལགས་དང་ཐུབ་བསྟན་ལགས། གཞན་ཡང་སྐུ་མགྲོན་ཁག་ཅིག་དང་ཟུར་ཉན་པ་རྣམས་ལྷན་བཞུགས་གནང་ཡོད།སྐབས་དེར་སྐུ་མགྲོན་གཙོ་བོ་དིང་རི་བོད་དམག་ཟུར་པ་ངག་དབང་ལགས་ཀྱིས་རང་ཉིད་ཀྱི་སྐྱེས་ཡུལ་ངོ་སྤྲོད་དང་འབྲེལ་ནས། དེ་སྔ་རང་ཉིད་དམག་མི་ཡིན་པའི་རྐྱེན་གྱི་རྒྱའི་བཙོན་ཁང་ནང་ལོ་ ༢༡ བཞུགས་མྱོང་བ་ངོ་སྤྲོད་དང་འབྲེལ། བོད་ཀྱི་ལོ་རྒྱུས་ནང་བོད་དམག་དང་བོད་དངུལ་ཀྱི་ཐད་ལ་རོབ་ཙམ་གླེང་སློང་གནང་བའི་བརྒྱུད་བོད་འདི་ཉིད་རང་བཙན་གཙང་མ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།འདི་ག་རླུང་འཕྲིན་ཁང་ནས་འགྲེམས་སྟོན་དེའི་བཀོད་སྒྲིག་པ་འབུམ་རམས་པ་ Alice Travers ལགས་ལ་འགྲེམས་སྟོན་དེའི་གལ་གནད་ཐད་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། བོད་དམག་ནི་བོད་ཀྱི་དཔལ་ཡོན་ནང་ནས་གླེང་སློང་ཆེས་ཉུང་བ་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ་དེའི་ལོ་རྒྱུས་ཐོག་ཉམས་ཞིབ་བྱ་དགོས་རྒྱུ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་དང་། བོད་དམག་ཐོག་ཉམས་ཞིབ་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་དམག་གི་ལོ་རྒྱུས་དེ་དག་སྲུང་སྐྱོབ་བྱ་རྒྱུ་ཙམ་མ་ཟད། སྐབས་འགར་བརྗེད་ཚར་བའི་ལོ་རྒྱུས་ཀྱི་བདེན་དཔང་དེ་དག་ཉར་འཚག་ཐུབ་རྒྱུའི་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།ཁོང་གིས་ད་དུང་འགྲེམས་སྟོན་དེའི་བརྒྱུད་ནས་བོད་དམག་དམག་ཆས་དེ་དག་གི་འགྱུར་བའི་ཁྲོད་ནས་སྐབས་དེ་དང་དེའི་དུས་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་གྲོས་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་བྱུང་།རྩ་བའི་འབུམ་རམས་པ་ Alice Travers ལགས་ཀྱིས་ལྷ་སའི་སྐུ་དྲག་གི་སྐོར་ལ་ཉམས་ཞིབ་གནང་ཡོད་པ་དང་འབྲེལ། སྐུ་དྲག་རྣམས་དམག་དཔོན་དང་སྡེ་དཔོན་སོགས་ཀྱི་གོ་གནས་ཡོད་པའི་རྐྱེན་གྱིས་བོད་དམག་ཐོག་ཞིབ་འཇུག་ཀྱིས་དེ་འབྲེལ་དཔེ་དེབ་མི་ཉུང་བ་ཞིག་འདོན་སྤེལ་གནང་ཡོད་པ་རེད་འདུགཕྱོགས་མཚུངས། དེ་རིང་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ལྟེ་གནས་ཁང་དུ་བོད་མིའི་སྒྲིག་འཛུག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་བདུན་པ་དེ་བཞིན་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་དབུ་འཛུགས་ཀྱིས་ཟླ་ ༡༡ ཚེས་ ༥ བར་ཚོགས་ཀྱི་ཡོད་པ་རེད་འདུག

The post བོད་དམག་ཐོག་ཉམས་ཞིབ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་བྱུང་། first appeared on vot.

The post བོད་དམག་ཐོག་ཉམས་ཞིབ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་བྱུང་། appeared first on vot.

View Details

དེ་རིང་ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་བསྟུན་དྷརྨ་སཱ་ལཱའི་བོད་མི་རྣམས་ཀྱིས་མེག་གྷན་ནས་དྷ་ཤོད་ཀཱ་ཅ་རི་བར་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་ལ་ངོ་རྒོལ་གནང་བ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གནས་སྟངས་སོགས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་འཁུར་དགོས་པའི་ཞུ་འབོད་གནང་སོང་།དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་དེ་རིང་ཞོགས་པ་ཕྱག་ཚོད་ ༡༠་༣༠ ཐོག་བཞུགས་སྒར་རྡ་རམ་ས་ལའི་ས་གནས་བོད་མི་སེར་སྐྱ་བརྒྱ་ཕྲག་འགའ་ཤས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཆགས་པའི་རླངས་འཁོར་བབས་ཚུགས་སུ་འདུ་འཛོམས་ཀྱིས་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། ལས་འགུལ་ཁྲོད་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་འཕྱར་ཏེ། དམར་ཤོག་ཚོགས་ཆེན་ལ་ངོ་རྒོལ་དང་ཆབས་ཅིག བོད་ནང་གི་བོད་མིའི་ཐོག་གསང་མྱུལ་དང་བོད་མིའི་རིགས་རྫས་མཁོ་སྒྲུབ་མཚམས་འཇོག་དགོས་པ་སོགས་ཀྱི་ཞུ་འབོད་གནང་ཡོད། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་འགོ་འཛུགས་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེ་མང་ཚོགས་ཁྲོད་སྒྲོག་སྦྱང་ཞུས་པར་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་ད་བར་མི་ལོ་ ༦༠ ལྷག་རིང་བོད་ནང་གི་བོད་མི་ཚོར་བཙན་གནོན་དམ་དྲག་ལོ་རེ་ནས་ཇེ་སྔུག་དང་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་མངོན་གསལ་དང་སྦྲགས། བོད་མི་རྣམས་ལ་ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག དེ་བཞིན་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཁོར་ཡུག་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རྩ་གཏོར་གཏོང་མུས་ཡིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་གསུངས་འདུག ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གིས་མི་གཅིག་དབང་འཛིན་རིང་ལུགས་འོག་བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཐུན་མིན་གྱི་ཁྱད་ཆོས་རྣམས་རྩ་གཏོར་གཏོང་ཐབས་ཀྱི་སྲིད་བྱུས་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་པའི་ཁྲོད། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་དེ་འཚོགས་ལ་ཉེ་བའི་སྐབས་དེར་རྒྱ་གཞུང་གིས་བོད་མིའི་རིགས་རྫས་ DNA ཞེས་བཙན་དབང་གིས་མཁོ་སྒྲུབ་བྱས་ཏེ་ལྟ་སྲུང་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པ་ཡོད་པ་དང་འབྲེལ། ད་ལྟའི་ཆར་བོད་ནང་རྒྱ་དམར་གྱི་ནད་དུག་གཙང་སེལ་ཞེས་པའི་སྲིད་བྱུས་ལག་བསྟར་འོག་བོད་མི་རྣམས་ལ་སྡུག་རྩུབ་དང་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད། དེ་བཞིན་ཁྲིམས་འགལ་ཉེས་འཛུགས་ཀྱིས་རྡུང་རྡེག་ཚབས་ཆེན་གཏོང་བཞིན་ཡོད་པར་ངོ་རྒོལ་སྐྱོན་བརྗོད་ནན་པོ་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གནས་སྟངས་སོགས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་འཁུར་དགོས་པའི་ཞུ་འབོད་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས་དེ་རིང་གི་ལས་འགུལ་བརྒྱུད་ནས་གཞིས་བཞུགས་བོད་མི་རྣམས་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་། རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིག་འཛིན་ཚོས་སྒྲོན་ལགས་ཀྱིས་རང་ཉིད་ལས་འགུལ་བ་ཞིག་ཡིན་པའི་ཆ་ནས་རྒྱ་དམར་གཞུང་ལ་ད་ལྟའི་ཆར་བོད་ནང་གི་ཛ་དྲག་དཀའ་ངལ་དེར་ངོ་རྒོལ་ཡོད་པ་དང་འབྲེལ། ལྷག་པར་དུ་དེ་རིང་གི་ཉིན་མོ་དང་བསྟུན་ནས་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་ཡོངས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་གནང་དགོས། འཛམ་གླིང་སྤྱི་ལ་བོད་ནང་གི་གནས་སྟངས་དེ་ཁྱབ་བསྒྲགས་དང་འགྲེལ་བརྗོད་གནང་གལ་ཡིན་པ་གསུངས་ཡོད། དེ་བཞིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་ལྷ་མོ་ལགས་ཀྱིས་ཀྱང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངེས་པར་དུ་གཟིགས་ཞིབ་དགོས་པའི་འབོད་སྐུལ་གནང་སོང་།

The post བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྔམ་སྟོན་ཁྲོམ་སྐོར་བརྒྱུད་དམར་ཤོག་ཚོགས་ཆེན་ལ་ངོ་རྒོལ། first appeared on vot.

The post བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྔམ་སྟོན་ཁྲོམ་སྐོར་བརྒྱུད་དམར་ཤོག་ཚོགས་ཆེན་ལ་ངོ་རྒོལ། appeared first on vot.

View Details

རྨོ་མོ་ཚེ་བརྟན་ལགས་ནི་རང་ལོ་ ༨༢ ལ་སོན་པ་ཞིག་ཡིན་པ་དང་སྤྱན་གཉིས་ཀ་ལོང་བ་ཡིན་པ་རེད་འདུག དེ་རིང་རྨོ་རྨོ་ཚེ་བརྟན་ལགས་དང་ལྷན་རང་ལོ་ ༨༠ ཡན་གྱི་བོད་མི་རྒན་གྲས་༣༠ ལྷག་ཙམ་གྱིས་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད།ཁོང་རྣམ་པ་ཡོངས་རྫོགས་ནི་རྒྱ་གར་བྱང་ཕྱོགས་ Uttrakhand མངའ་སྡེའི་ནང་ཆགས་པའི་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ནས་ཆེད་དུ་བཞུགས་སྒར་ལ་༸གོང་ས་མཆོག་གི་ཞལ་མཇལ་ཆེད་བཅར་བ་ཞིག་ཡིན་པ་དང་། ལས་གཞི་དེིའི་རྒྱབ་ཏུ་ཕྱག་ལས་གནང་མཁན་གཙོ་བོ་ནི་དོན་གྲུབ་གླིང་གཞིས་ཆགས་ཀྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཡེ་ཤེས་ལགས་དང་ཁོང་གི་ཕྱག་རོགས་ཁག་ཅིག་རེད་འདུགགཞིས་ཆགས་ཀྱི་བོད་མི་རྒན་རབས་དེ་དག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བསྐྲུན་པའི་ལས་གཞི་དེར་གཞིས་ཆགས་དེའི་ཕྱི་ནང་གི་བོད་མི་ཁག་ཅིག་གིས་དང་བླངས་སྒོ་ནས་མཐུན་འགྱུར་སྦྱར་བ་ཞིག་རེད་འདུག སྤྱིར་དོན་གྲུབ་གླིང་ནས་ཡིན་པའི་བོད་མི་རྒན་བགྲེས་དེ་དག་ཁ་སང་བཞུགས་སྒར་དུ་འབྱོར་ཡོད་པ་དང་། དེ་རིང་ས་གནས་ཀྱི་དགོན་སྡེ་ཁག་ལ་ཆོས་མཇལ་གྲུབ་མཚམས་དོན་གྲུབ་གླིང་ལ་ཕྱིར་ལོག་གནང་གི་ཡོད་པ་རེད་འདུགབོད་གངས་ཅན་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་། མགོན་པོ་༸གང་ཉིད་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་མིའི་རྣམ་སྤྲུལ་རོལ་པ། གངས་ཅན་པ་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་བཞིན། རང་ལོ་ ༨༤ ལ་སོན་པའི་སྤོ་པོ་བསོད་ནམ་ཚེ་རིང་ལགས་དང་། ༨༢ ལ་སོན་པའི་རྨོ་མོ་ཚེ་བརྟན་ལགས་ལྟ་བུ་དགུང་ལོ་ཧ་ཅང་བགྲེས་པའི་བོད་མི་དེ་དག་གིས་དེ་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བ་དེ་ནི། རང་ཉིད་ཀྱི་མི་ཚེ་ནང་གི་རེ་བ་ཆེ་ཤོས་སྒྲུབ་པ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། ད་ནི་ཤི་ནའང་འགྱོད་པ་མེད་ཅེས་འགྲེལ་བརྗོད་གནང་གི་འདུག

The post དགུང་ལོ་ ༨༠ ཡན་གྱི་རྒན་བགྲེས་ ༣༠ ལྷག་ཙམ་༸གོང་ས་མཆོག་གི་མཇལ་ཁ་ཆེད་དོན་གྲུབ་གླིང་ནས་རྡ་སར་ཕེབས་པ། first appeared on vot.

The post དགུང་ལོ་ ༨༠ ཡན་གྱི་རྒན་བགྲེས་ ༣༠ ལྷག་ཙམ་༸གོང་ས་མཆོག་གི་མཇལ་ཁ་ཆེད་དོན་གྲུབ་གླིང་ནས་རྡ་སར་ཕེབས་པ། appeared first on vot.

View Details

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་མོ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༢ ཧྲིལ་པོ་འཁོར་བའི་ཉིན་མོ་ཞིག་ཡིན་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་བཞུགས་སྒར་དུ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་པ་མ་ཟད། ཚོགས་པའི་ངོས་ནས་དེ་རིང་གི་དུས་ཚིགས་དང་བསྟུན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག འཕྲོད་བསྟེན་ཚན་པ་ཁག་བཅས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དང་། བོད་མི་ཚོའི་དཀའ་སྡུག་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གི་གནས་སྟངས་སོགས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་ཁུར་དགོས་པའི་འབོད་སྐུལ་ཤུགས་ཆེར་ཞུ་འདུགདེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ཐོག་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་དང་། ལྷག་པར་རྒྱ་ནག་གི་བཙོན་ཁང་ཁག་ཏུ་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས བློས་བཏང་བཅས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་གཞོན་ལྷན་སྒྲིག་འཛུགས་ནས་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་དང་གདོང་ལེན་སྔར་ལྷག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་བསྐྱར་ནན་གནང་འདུགལྷག་པར་དུ་ད་ལྟའི་ཆར་བོད་ནང་རྒྱ་དམར་གྱི་ནད་དུག་གཙང་སེལ་ཞེས་པའི་སྲིད་བྱུས་ལག་བསྟར་འོག་བོད་མི་རྣམས་ལ་སྡུག་རྩུབ་དང་གང་བྱུང་འཛིན་བཟུང་བཙན་ཁྲིད། དེ་བཞིན་ཁྲིམས་འགལ་ཉེས་འཛུགས་ཀྱིས་རྡུང་རྡེག་ཚབས་ཆེན་གཏོང་བཞིན་ཡོད་པ་དེར་ངོ་རྒོལ་སྐྱོན་བརྗོད་ནན་པོ་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གི་གནས་སྟངས་སོགས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་ཁུར་དགོས་པའི་ཞུ་འབོད་གནང་འདུགཚོགས་པའི་ངོས་ནས་ད་དུང་བོད་རིགས་ནང་ཁུལ་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱི་མིག་དཔེ་བཟང་པོ་ཞིགས་ཡོང་རྒྱུ་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པ་མ་ཟད། རྙོག་གླེང་ཆུང་ཙག་གི་རིགས་ལ་ཕན་ཚུན་གུ་ཡངས་དང་བསམ་ཤེས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དགོངས་བཞེས་དང་བོད་སྤྱི་པའི་རྩ་དོན་ཐོག་ནུས་ཤུགས་སྔར་ལྷག་འདོན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་འདུགརྩ་བའི་དེ་རིང་དུས་དྲན་སྲུང་བརྩི་དང་བསྟུན། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་གྱི་མཐའ་མའི་རྩེད་འགྲན་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་གནང་ཡོད།འདི་ག་རླུང་འཕྲིན་ཁང་ནས་དུས་དྲན་འདི་དང་སྟབས་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས། ཁོང་གིས་རྩེད་འགྲན་འདི་ཉིད་ཆབ་སྲིད་ཀྱི་བརྡ་ལེན་ཡོད་པའི་རྩེད་འགྲན་ཞིག་ཡིན་པ་དང་སྦྲགས། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་གཞིས་བྱས་གཉིས་ཀྱི་བོད་མི་ཚོས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་བརྡ་ལེན་གནང་སོང་།

The post བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གནས་སྟངས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་འཁུར་དགོས་པའི་འབོད་སྐུལ། first appeared on vot.

The post བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གནས་སྟངས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་འཁུར་དགོས་པའི་འབོད་སྐུལ། appeared first on vot.

View Details

ཨོས་ཊོ་ལིཡའི་ནང་ལ་ལོ་ལྟར་བོད་རིགས་ས་གནས་ཁག་བརྒྱད་ཀྱི་གཞོན་སྐྱེས་ནང་ཁུལ། ཆིག་སྒྲིལ་ན་གཞོན་ལུས་རྩལ་འགྲན་རྩོད་ཞེས་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་གནང་བཞིན་ཡོད་པའི་ཁྲོད་ཁུལ་དེའི་བོད་པའི་གཞོན་སྐྱེས་ནང་ཁུལ་ལ་ཆིག་སྒྲིལ་དང་འཆམ་མཐུན། ཕན་ཚུན་ངོ་ཤེས་ཐུབ་རྒྱུ་ཙམ་མ་ཟད། འབྱུང་འགྱུར་གྱི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༢༨ པ་དེའི་ནང་དུའང་མཉམ་ཞུགས་ཐུབ་རྒྱུ་ཆེད་ཁ་སང་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་ནང་དུ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་སྤོལ་རུ་ཁག་གསར་བཙུགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ཐོག་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པའི་སྐབས་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ཅིག་དགོས་པའི་གྲོས་ཆོད་ཕེབས་དོན་བཞིན་གསར་བཙུགས་ཀྱིས་ Australia Sport Foundation དང་ལྷན་དུ་མཉམ་རུབ་ཐོག་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་འགོ་བཙུགས་བྱས་ཡོད་པ་མ་ཟད། ལྷག་པར་དུ་རྩེད་མོའི་བརྒྱུད་ལམ་དེའི་ཐོག་ནས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན་པ་གསུངས་བྱུང་།རྩ་བའི་ཁུལ་དེར་ལོ་ལྟར་གོ་སྒྲིག་ཞུས་བཞིན་ཡོད་པའི་ཆིག་སྒྲིལ་རྩེད་འགྲན་དེ་ནི་ཁུལ་དེའི་གཞོན་སྐྱེས་རྣམས་ཀྱིས་རོགས་སྐྱོར་འོག་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་ཉིན་དབུ་བརྙེས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་གཞོན་སྐྱེས་ནང་ཁུལ་ཆིག་སྒྲིལ་ཡོང་རྒྱུ་སོགས་ཡིན་པ་དང་ཆབས་ཅིག གཞོན་སྐྱེས་རྩེད་འགྲན་པ་ཕལ་ཆེ་བའི་ཕ་མ་རྣམས་ཆབ་སྲིད་བཙོན་པ་ཡིན་པ་དང་དེའི་རྐྱེན་པས་བུ་ཕྲུག་རྣམས་ཀྱི་སེམས་ཁམས་ཀྱི་དཀའ་ངལ་འབྱུང་གི་ཡོད་པར་རྩེད་མོའི་བརྒྱུད་ལམ་ནས་གཞོན་སྐྱེས་རྣམས་ཀྱི་སེམས་ཁམས་དཀའ་ངལ་དེ་དག་ལས་གྲོལ་ཆེད་དང་། དེ་བཞིན་ཆིག་སྒྲིལ་རྩེད་འགྲན་གོ་སྒྲིག་གི་དཔལ་འབྱོར་མཐུན་འགྱུར་རོགས་རམ་ནི་ཁུལ་དེའི་འཕྲོད་བསྟེན་ཚོགས་པ་སོགས་དང་འབྲེལ་གཏུག་གིས་མཐུན་རྐྱེན་མཁོ་སྤྲོད་གནང་གི་ཡོད་འདུགསྤྱིར་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་དེའི་ཁྱབ་ཁོང་ས་གནས་བོད་རིགས་ཚོགས་པ། དེ་བཞིན་ ATC བོད་དོན་ལས་འགུལ་ཁང་བཅས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་རིམ་པ་སྤེལ་དང་སྤེལ་མུས་ཡིན་པའི་ཁྲོད་ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་ཨོ་གླིང་གི་གྲོས་ཚོགས་འཐུས་མི་ ༣༠ ལྷག་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། ལོ་རྗེས་མར་ཁུལ་དེར་རིག་གཞུང་སྣ་འཛོམས་ཀྱི་རྩེད་འགྲན་ཞིག་གོ་སྒྲིག་གནང་འཆར་ཡོད་པ་དང་། སྡིངས་ཆ་དེ་དག་གི་བརྒྱུད་ནས་བོད་པའི་གཞོན་སྐྱེས་རྣམས་ནས་རྒྱལ་སྤྱིའི་རྩེད་འགྲན་གྲགས་ཅན་ནང་རིམ་པས་མཉམ་ཞུགས་ཐུབ་ཐབས་དང་། བོད་པའི་གཞོན་སྐྱེས་རྩེད་འགྲན་པ་རྩེ་ཕུད་དེ་དག་གི་སྒྲུང་ཕྱོགས་བསྡུས་ཀྱིས་དངོས་འབྱུང་གློག་བརྙན་བཟོ་བའི་བརྒྱུད་བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་གཞི་སྤེལ་འཆར་ཡོད་འདུག

The post ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་སྤོལ་རུ་ཁག་གསར་བཙུགས་བརྒྱུད་བོད་དོན་དྲིལ་བསྒྲགས། first appeared on vot.

The post ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་སྤོལ་རུ་ཁག་གསར་བཙུགས་བརྒྱུད་བོད་དོན་དྲིལ་བསྒྲགས། appeared first on vot.

View Details

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་བོད་པའི་སློབ་ཕྲུག་ཤེས་ཡོན་སྐོར་སྐྱོད་ཀྱི་ལས་གཞིའི་འོག་བཞུགས་སྒར་དུ་ཟླ་བ་སྔོན་མའི་ཚེས་ ༣༠ ནས་དབུ་འཛུགས་ཀྱིས་ཉིན་བཅུའི་རིང་རྒྱ་གར་བྱང་ཤར་མེའོ་ཆོས་འཕེལ་གླིང་བོད་མིའི་གཞི་ཆགས་ནས་དགེ་ལས་སློབ་ཕྲུག་ཁག་གཅིག་ཤེས་ཡོན་ལྟ་སྐོར་གནང་བཞིན་པ་དང་བསྟུན། དེ་རིང་ཉིན་བདུན་པར་བོད་ཀྱི་འགྲེམས་སྟོན་ཁང་དང་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། དེ་བཞིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་ལ་སྐོར་སྐྱོད་གནང་སོང་།སྐབས་དེར་གསར་འགོད་པས་དགེ་རྒན་དང་སློབ་ཕྲུག་ཁག་གཅིག་ལ་དམིགས་བསལ་བཅར་འདྲི་ཞུས་པར་སློབ་ཕྲུག་ཚོས་དྷ་སར་བཅར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐེངས་དང་པོ་ཐོབ་ཡོད་པར་མ་ཟད། ཕྱིར་ཁྱིམ་ལ་ལོག་ནས་ཉེ་ལམ་མགོན་པོ་༸གང་ཉིད་མཆོག་གིས་ཁྱེད་རང་ཚོས་རང་ཉིད་ཀྱི་ངོ་ཤེས་པ་ཚོར་༸སྐུ་མདུན་གྱིས་སེམས་བཟང་པོ་དང་ཀུན་ལ་ཕན་སེམས། དེ་བཞིན་མ་ཎི་བགྲོངས་ཤིག་ཅེས་བཀའ་སྩལ་བ་དེ་ནང་མིར་ཞུ་རྒྱུ་དང་། ཁག་གཅིག་གིས་བོད་ཀྱི་འགྲེམས་སྟོན་ཁང་ནས་ཤེས་ཡོན་གསར་པ་ཤེས་རྟོགས་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་གི་གསར་འགྱུར་རླུང་འཕྲིན་ལས་རིམ་ཇི་ལྟར་ཉན་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་སོང་བ་དང་། དགེ་ཆེའི་ལས་ཚབ་ཀརྨ་ཚེ་བརྟན་ལགས་ཀྱིས་སློབ་ཕྲུག་རྣམས་ཐེངས་དང་པོ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་གཙོས་བོད་མིའི་སྒྲིག་འཛུགས་ལ་ཆེད་བཅར་ཞུས་པ་མ་ཟད་གནམ་གྲུའི་ནང་ཐེངས་དང་པོ་སྐྱོད་རྒྱུའི་གོ་སྐབས་ཐོབ་པ་སོགས་ཤེས་བྱའི་རྣམ་གྲངས་གསར་པ་འབའ་ཞིག་ཤེས་རྟོགས་ཐོབ་པའི་དགེ་མཚན་ཆེན་པོ་བྱུང་ཡོད་པ་གསུངས་སོང་། དེ་བཞིན་སྐབས་དེར་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ལས་བྱེད་ཕུར་བུ་ལྷ་མོ་ལགས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ངོས་ནས་གོ་སྒྲིག་ཞུས་པའི་ཐེངས་འདིའི་ཤེས་ཡོན་ལྟ་སྐོར་འདི་སྤེལ་བ་ཐོག་མ་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་ས་ཁུག་ལུང་ཁུག་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་ཚོར་ཤེས་ཡོན་སྐོར་སྐྱོད་ཐུབ་སླད་མུ་མཐུད་ལས་གཞི་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིར་མེའོ་སཾ་བྷོ་ཊའི་སློབ་གྲྭ་འདམ་དོན་ནི་བོད་མིའི་སྒྲིགས་འཛུགས་ཀྱིས་གཙོས་པའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུགས་ལག་ཁང་། བོད་མིའི་རིག་གཞུང་གི་བསྟི་གནས། དེ་བཞིན་སློབ་གྲྭ་དང་ཚོགས་སྡེ་ཁག་ཆེ་གྲས་ཚོའི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་གོ་རྟོགས་ཐུབ་ཕྱིར་དམིགས་པ་ཞིག་ཡིན་སྐོར་གསུངས་སོང་།མེའོ་ཆོས་འཕེལ་གླིང་བོད་མིའི་གཞི་ཆགས་ནས་སློབ་ཕྲུག་བཅུ་བཞི་དང་དགེ་རྒན་གཉིས་བཅས་དེ་རིང་སྔ་དྲོ་འདི་ག་རླུང་འཕྲིན་ཁང་ལ་ཤེས་ཡོན་ལྟ་སྐོར་གནང་བར་ཕེབས་སྐབས་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་གསར་འགྱུར་ལས་ཁང་གི་ངོ་སྤྲོད་དང་འབྲེལ་ནས་བཙན་བྱོལ་ནང་གི་གསར་ཁང་གཅིག་གིས་ཉིན་རེའི་ལས་དོན་བྱེད་ཕྱོགས་དང་འགན་འཁྲི། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གསར་འགྱུར་ལས་ཁང་ཆེད་འཛུགས་གནང་བའི་དགོས་དམིགས་སོགས་ཞིབ་རྒྱས་ངོ་སྤྲོད་གནང་སོང་།ལྷག་དོན་ཁོང་གིས་རླུང་འཕྲིན་ཁང་གི་ངོས་ནས་ལས་དོན་གང་དང་གང་གཉེར་ཡང་དེའི་དམིགས་ས་གཙོ་བོ་ནི། གཞིས་བཞུགས་བོད་མི་རྒྱ་ཆེ་མང་ཚོགས་རྣམས་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་གདོང་ལེན་ཆེས་ཆེར་གནང་དགོས་པ་ཆགས་ཀྱི་ཡོད་པ་མ་ཟད། བོད་མིའི་འཐབ་རྩོད་དེ་རྣམ་པ་འདྲ་མིན་གྱི་སྒོ་ནས་གནང་དགོས་སྟབས། གསར་འགྱུར་ལས་ཁང་གིས་འཐབ་རྩོད་གནང་སྟངས་དེ་འཐབ་རྩོད་ཀྱི་བརྒྱུད་ལམ་གཞན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།རྩ་བའི་ཉིན་གྲངས་བཅུའི་ཤེས་ཡོན་སྐོར་སྐྱོད་ཁྲོད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གཙོས་བོད་མི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་ནོར་གླིང་རིག་གཞུང་ལྟེ་གནས་ཁང་། བོད་ཕྲུག་ཁྱིམ་སྡེ་སོགས་ལ་ཤེས་ཡོན་ལྟ་སྐོར་གནང་ཡོད་པ་རེད།

The post མེའོ་སཾ་བྷོ་ཊའི་དགེ་སློབ་ཁག་གཅིག་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་བཞིན་པ། first appeared on vot.

The post མེའོ་སཾ་བྷོ་ཊའི་དགེ་སློབ་ཁག་གཅིག་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་བཞིན་པ། appeared first on vot.

View Details

འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་ཡོ་རོབ་རྒྱལ་ཁབ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཀྱི་ངོས་ནས་སྣེ་ཁྲིད་གནང་སྟེ། བོད་དོན་འཐབ་རྩོད་ལས་འགུལ་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གཙོས་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་མཁན་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༥༣ པ་དེ་ཟླ་ ༤ ཚེས་ ༡༥ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཚོགས་ཡོད་ཅིང་། ཉིན་གཅིག་གི་ཚོགས་ཆེན་ཐོག་གཙོ་བོ་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས་གནང་ཡོད་པ་ལྟར། སྐབས་སྔོན་མའི་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཞོན་དགྲ་ལྷ་དབང་ལྡན་ལགས་ཚོགས་གཙོར་བདམས་ཐོན་བྱུང་འདུགསྤྱིར་ཡོ་རོབ་བོད་རིགས་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དེ་རྣམ་ཀུན་ཡིན་ན་ཉིན་གྲངས་གསུམ་རིང་ཚོགས་ནས་མཐུན་ཚོགས་ཀྱི་ངོས་ནས་ཚོགས་མི་ཚོར་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཟབ་སྦྱོང་དང་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་གོམ་སྟབས་གསར་པའི་ཁྲོད་འཐབ་རྩོད་ཀྱི་ནུས་ཇེ་ཆེར་གཏོང་ཐབས། བོད་མི་རིགས་ཀྱི་སྐད་ཡིག་དང་ངོ་བོ། དེ་བཞིན་རིགས་གཞུང་སྲུང་སྐྱོབ་དང་མི་ཉམས་རྒྱུན་གནས་ཐུབ་ཕྱིར་ཚོགས་མི་ཕན་ཚུན་དབར་གྲོས་བསྡུར་སོགས་ཀྱི་ལས་རིམ་སྣ་མང་གོ་སྒྲིག་གནང་གི་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་ཤས་ནས་བཟུང་གོ་ལ་ཁྱོན་ལ་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་རྐྱེན་གྱིས་ཚོགས་ཆེན་ཐེངས་ ༥༡ དང་ ༥༢ གཉིས་དྲ་ཐོག་ནས་ཚོགས་ཡོད་པ་རེད། ད་ལན་གྱི་ཚོགས་ཆེན་ཐེངས་ ༥༣ དེ་གཙོ་བོ་སུད་སི་ཁྱབ་ཁོངས་ཀྱི་ཚོགས་ཆུང་ཁག་གི་ཚོགས་མི་ལྷན་འཛོམས་གནང་བའི་ཐོག་ནས་ཉིན་གཅིག་མ་གཏོགས་ཚོགས་ཐུབ་མེད་པ་རེད། རྩ་བའི་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དེ་ཐོག་མར་ཕྱི་ལོ་ ༡༩༧༠ ལོར་ཡོ་རོབ་སུད་སི་ནང་དུ་ཆེད་འཛུགས་གནང་བ་ཞིག་ཡིན་ཅིང། ཚོགས་པའི་ཁྱབ་ཁོངས་སུ་སུད་སི་ནང་ཚོགས་ཆུང་ཁག་དགུ་གཙོ་གྱུར་ཡོ་རོབ་རྒྱལ་ཁབ་ཨོ་སི་ཀྲི་རིཡ། འཇར་མི་ནི། དེ་བཞིན་ནེ་ཐར་ལན་ཌི། ཁྱོན་ཡན་ལག་ཚོགས་ཆུང་བཅིུས་དང། ཚོགས་མི་ ༢༥༠ ལྷག་ཡོད་པའི་ཡོ་རོབ་ཁུལ་དུ་བོད་དོན་འཐབ་རྩོད་ལས་འགུལ་སྤེལ་མཁན་བོད་མིའི་གཞུང་འབྲེལ་མིན་པའི་བོད་རིགས་གཞོན་སྐྱེས་ཀྱི་ཚོགས་ཆུང་རྙིང་གྲས་དང་ཆེ་གྲས་ཤིག་ཡིན་པ་རེད།

The post ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༥༣ ཚོགས་པ། first appeared on vot.

The post ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༥༣ ཚོགས་པ། appeared first on vot.

View Details

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་དབུ་གཞུགས་ཐོག་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་སོང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་ནང་ལ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚོང་ལས་ཁག་ཅིག་གཉེར་བ་དང་། བར་སྐབས་ཚོང་གི་སྡེ་ཚན་དེ་དག་དཔལ་འབྱོར་གྱི་ཁེ་ཕན་བཟོ་ཐུབ་མིན་སོགས་ཀྱི་གནས་སྟངས་རྐྱེན་པས་བོད་མིའི་སྒྲིག་འཛུགས་རང་ནས་ཚོང་ལས་གཉེར་རྒྱུ་མཚམས་འཇོག་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ངོ་སྤྲོད་དང་སྦྲགས། ཕྱིས་སུ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབ་དང་བསྟུན་སྒེར་གྱི་ཚོང་པ་རྣམས་ནས་བོད་ཀྱི་ཚོང་ལས་བདེ་ཚོགས་དང་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་ཞེས་ཟུར་དུ་གསར་འཛུགས་ཀྱིས་ལས་དོན་ཁག་ཅིག་གཉེར་དང་གཉེར་བཞིན་པར་དགའ་བསུ་དང་། ལྷག་པར་དུ་ཚོགས་པ་དེ་དག་བཙུགས་ནས་ད་ཆ་ལོ་ངོ་ ༡༥ འགྲོ་བཞིན་ཡོད་སྟབས་ཐེངས་འདིའི་ཚོགས་འདུ་ཐོག་ཚོགས་པའི་འགྲོ་ལུགས་འགྲོ་སྟངས་ངེས་གཏན་འཕེལ་བ་ཞིག་བཟོ་ཐབས་དང་བཙན་བྱོལ་བོད་མིའི་སུད་ཚོང་གི་གནས་བབ་གང་འདྲ་ཆགས་ཡོད་པ་སོགས་ཀྱི་ཐོག་ཉམས་ཞིབ་ཚད་ལྡན་ཞིག་གནང་གལ་ཡིན་པ་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་ཚོང་པ་ཚོའི་དཀའ་ངལ་སེལ་ཐབས་སླད་ལས་བྱེད་གཉིས་ཆེད་དུ་བསྐོ་གཞག་གནང་རྒྱུ་དང་། དགོས་ངེས་ཅན་གྱི་སུད་ཚོང་བ་ཚོར་མུ་མཐུད་ནས་བུན་གཏོང་གནང་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་དང་། སུད་ཚོང་བ་རྣམས་ནས་ཀྱང་ཚོང་ལས་གནང་སྐབས་སུ་ས་གནས་སོ་སོའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་གཞི་སྤེལ་ཐུབ་རྒྱུ་དང་། ཚོང་ལས་ཁྲལ་འབབ་དང་། གོད་ཆག་རིགས་ཕོག་སྐབས་གནང་ལུགས་གནང་སྟངས་གང་ཡོད་སོགས་ཤེས་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་མི་རྣམས་རང་ཁ་རང་གསོ་ཆགས་རྒྱུའི་ཐོག་དགོངས་པ་བཞེས་རྒྱུ་དང་ཚོང་པ་ཚོས་ཀྱང་ཡིད་ཆེས་འཕེལ་བའི་ཐོག་ནས་ཚོང་ལས་གཉེར་རྒྱུ། དེ་བཞིན་དགུན་ཚོང་གི་དུས་སྐབས་སུ་ཚོང་ལས་གནང་བ་ཙམ་མིན་པར་མ་རྩ་ཡོད་པ་དེ་དག་གཞིས་ཆགས་ནང་ཚོང་ལས་ཆེ་ཆུང་ལ་ལྟོས་མེད་མ་འཛུགས་གནང་གལ། ལྷག་པར་དུ་ཚོང་པ་ཚོས་སོ་སོའི་ཡོང་འབབ་ནས་བོད་མིའི་སྒྲིག་ལ་གང་ཐུབ་ཞལ་འདེབས་ཕུལ་རྒྱུའི་གོ་སྐབས་བསྐྲུན་གལ་ཡིན་པ་སོགས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༢༠༠༦ ལོར་གསར་འཛུགས་གནང་བའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་མིའི་ཁོངས་སུ་རྒྱ་གར་གྱི་མངའ་སྡེ་བཅུ་དགུ་ནང་དགུན་ཚོང་གཉེར་བཞིན་པའི་བོད་མི་ ༣༧༠༠ ལྷག་ཡོད་པ་དང་། དེ་རིང་ཚོགས་པའི་སྐབས་ལྔ་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་ཀྱི་མཛད་སྒོ་ཐོག་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་དང་རྩིས་པ་བསྟན་འཛིན་དབང་རྒྱལ་ལགས་རྣམ་གཉིས་ནས་འདས་པའི་ཟླ་བ་བརྒྱད་ལྷག་གི་ལས་བསྡོམས་དང་། རྩིས་ཁྲ་སྒྲོག་སྦྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ལ་ཕྱག་རྟགས་འབུལ་བཞེས་གནང་ཡོད།

The post རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་དབུ་འཛུགས། first appeared on vot.

The post རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་དབུ་འཛུགས། appeared first on vot.

View Details

༸གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་ལྟའི་མཁྲེགས་འཛིན་ཅན་གྱི་རྒྱ་ནག་སྲིད་གཞུང་དང་ལྷན་དུ་བོད་དོན་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་ཐབས་བྱུས་ཁོ་ན་ལས་མེད་ཅེས་པ་དེར་ངོས་ལེན་གནང་གི་མེད་སྐོར་འགྲེལ་བརྗོད་དང་འབྲེལ། མ་འོངས་པར་རྒྱ་ནག་ནང་འགྱུར་བ་ཞིག་ཐེབས་ཚེ་བོད་མིའི་ངོས་ནས་སྐབས་དེ་དང་དེ་ལ་གཞིགས་པའི་སྲིད་བྱུས་དང་གྲ་སྒྲིག་གང་ཡང་མེད་སྟབས་ཉམས་ཞིབ་གཏིང་ཟབ་དང་གྲ་སྒྲིག་ཞིག་གནང་དགོས་གལ་གཟིགས་ཀྱི་ཡོད་པར་གསུངས་འདུག ཁ་སང་དང་ཁ་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་ལ་ཐུགས་སྣང་ཆེ་བའི་བོད་མི་ཁག་ཅིག་འདུ་འཛོམས་ཀྱིས་བོད་ཀྱི་མདུནལམ་འཚོལ་ཞིབ་ཅེས་པའི་་བཞུགས་མོལ་ལྷན་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་དང་། ༸སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་དམིགས་བལས་སྐུ་ཚབ་ཟུར་པ་སྐལ་རྒྱལ་མཚན་ལགས་རྣམ་གཉིས་གཙོས་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་དང་ཆབ་སྲིད་བཙོན་ཟུར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་སོགས་ཆེད་འབོད་གནང་སྟེ་༸གོང་ས་མཆོག་གི་རླབས་ཆེན་མཛད་རྗེས། བོད་ཀྱི་མང་གཙོ་དང་འཚེ་མེད་ཞི་བའི་འཐབ་རྩོད་ཇི་ལྟར་རྒྱུན་འཛིན་གནང་ཐབས། རྒྱལ་སྤྱིའི་ནང་ནུས་པ་ལྡན་པའི་བོད་དོན་ལས་འགུལ་སྤེལ་ཐབས་དང་གཞིས་བཞུགས་བོད་མི་ཚོས་བོད་དང་བོད་མིའི་མདུན་ལམ་ལ་ལྟ་ཚུལ། དེ་བཞིན་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དང་མ་འོངས་བོད་ནང་མང་གཙོའི་བསམ་བློ་དར་སྤེལ་གཏོང་ཐབས་སོགས་ཁྱོན་བརྗོད་གཞི་གཙོ་བོ་བཞིའི་ཐོག་གསུང་བཤད་དང་བཞུགས་མོལ་བགྲོ་གླེང་གནང་འདུག བོད་མིའི་འགན་ཁུར་དང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་དང་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་ལྟའི་གནས་སྐབས་མཁྲེགས་འཛིན་ཅན་གྱི་རྒྱ་ནག་སྲིད་གཞུང་དང་ལྷན་མིང་དོན་མཚུངས་པའི་ཞི་འགྲིག་ཞིག་ཡོང་རྒྱུའི་རེ་བ་གང་ཡང་གཟིགས་ཀྱི་མེད་པ་དང་། སྤྱིར་ང་ཚོའི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་དེ་དབུ་མའི་ལམ་ཆགས་ཡོད་ཀྱང་། དེའང་ཐོག་མར་གཙོ་བོ་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་དེ་མུ་མཐུད་ནས་འཛིན་པར་གཞིར་བཞག་ཐོག་ནས་གནང་བ་ཞིག་ཡིན་པ་དང་། ད་ལྟའི་རྒྱ་ནག་གི་གཅིག་བསྡུས་ཀྱི་སྲིད་གཞུང་དེར་འཕོ་འགྱུར་ཆེན་པོ་ཞིག་འགྲོ་ངེས་ཡིན་སྟབས། ཁོང་གི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་ཐབས་བྱུས་ཁོ་ན་ལས་མེད་པར་ངོས་འཛིན་གནང་གི་མེད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག མ་འོངས་རྒྱ་ནག་ནང་འགྱུར་བ་ཞིག་ཐེབས་ཚེ་བོད་མིའི་ངོས་ནས་སྐབས་དེ་དང་དེ་ལ་གཞིགས་པའི་སྲིད་བྱུས་དང་གྲ་སྒྲིག་གང་ཡང་མེད་སྟབས་ཉམས་ཞིབ་གཏིང་ཟབ་དང་གྲ་སྒྲིག་ཞིག་གནང་དགོས་གལ་གཟིགས་ཀྱི་ཡོད་པར་གསུངས་ཡོད། ལྷག་དོན་ཁོང་གིས་ཕྱིའི་རྒྱལ་ཁབ་ཁག་གི་རོགས་རམ་ལ་བརྟེན་མ་དགོས་པར་བཙན་བྱོལ་བོད་མི་ཚོའི་ངོས་ནས་བོད་ཀྱི་གནད་དོན་ལ་ཐད་ཀར་བསྒྱུར་བཅོས་གནང་རྒྱུར་ནུས་པ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། བར་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ནས་དེའི་ནང་དབང་ཆ་དང་གོ་གནས། ཐོབ་ཐང་དང་སྒྲིག་གཞི་སོགས་ལ་ངལ་བ་ཕྲན་བུ་འཕྲད་དེ་སྒྲིག་འཛུགས་དེས་བོད་མིའི་རང་དབང་འཐབ་རྩོད་ཐོག་འགན་བཞེས་རྒྱུའི་ངོ་བོ་ལ་ཆེས་ཉམས་རྒུད་ཕྱིན་པའི་གཟིགས་ཚུལ་བྱུང་ཡོད་སྟབས། ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་ཐོག་བགྲོ་གླེང་གནང་སྟེ་བོད་མིའི་རང་དབང་བསྐྱར་གསོ་གནང་རྒྱུའི་དུས་ལ་བབ་ཡོད་པར་གསུངས་འདུག བོད་ཀྱི་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་ཁོངས་སུ་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་ནང་ནུས་པ་ལྡན་པའི་བོད་དོན་ལས་འགུལ་སྤེལ་ཐབས་སྐོར་དང་འབྲེལ་ནས། ད་ཆ་རྒྱ་གཞུང་གིས་༸གོང་ས་མཆོག་གི་ཞལ་མཇལ་དང་གསུང་ཐོས་མ་མྱོང་མཁན་བོད་མིའི་མི་རབས་གསར་པའི་ཁྲོད་ལ་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱས་ཏེ་༸གོང་ས་མཆོག་དང་བོད་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ཐབས་བྱེད་བཞིན་པ་དེ་དག་ལ་བོད་མིས་གདོང་ལེན་ཇི་ལྟར་གནང་དགོས་པའི་ཐད་དམིགས་བསལ་འགན་བཞེས་དགོས་གལ་སྐོར་དང་། ལྷག་དོན་ཕྱི་ལོ་ ༢༠༡༡ ལོར་མགོན་པོ་༸གང་ཉིད་མཆོག་གིས་མང་གཙོའི་ལམ་སྲོལ་གསོལ་སྩལ་མཛད་པ་ནས་བཟུང་སྟེ་འོས་འདེམས་ཀྱི་ལམ་ནས་བོད་མིའི་དབུ་ཁྲིད་ཕེབས་ཡོད་ཀྱང་། འདས་པའི་ལོ་ཡུན་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་སྐྱོན་ཆ་གང་ཙམ་ཡོང་བཞིན་པ་དེ་ནི་གཙོ་བོ་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་ལས་ལྡོག་ཏེ། སྤྱི་ཚོགས་གྲོས་ཚོགས་སམ་ནང་ཁུལ་རྩོད་གླེང་གནང་བ་ལུང་འདྲེན་གནང་ནས། དེ་དག་ལ་ལེགས་བཅོས་གང་གནང་དགོས་མིན་ཐོག་བསམ་གཞིག་གནང་གནད་ཡིན་པར་གསུངས་པ་དང་ཆབས་ཅིག མང་གཙོ་དེ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ཡིན་ནམ། ཡང་ན་འཐབ་རྩོད་དེ་ང་ཚོའི་དམིགས་ཡུལ་ཡིན་ནམ་ཞེས་པའི་ཐད་བོད་མིའི་སྤྱི་ཚོགས་ནང་བགྲོ་གླེང་དགོས་པའི་རེ་སྐུལ་གནང་ཡོད། དེ་བཞིན་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་སོ་ནམ་ཞིང་ལས་གཉེར་མཁན་གཞིས་སྒར་གྱི་སྒྲོམ་གཞི་སྐོར་དང་འབྲེལ་ནས་གཙོ་བོ་བོད་མིའི་གཞིས་ཆགས་ནི་འཐབ་རྩོད་ཀྱི་སྒྲོམ་གཞི་གལ་ཆེན་ཞིག་ཡིན་པས་དེ་དག་སྲ་བརྟན་ཡོང་བར་ཐབས་བྱུས་ཀྱི་ཐོག་ནས་བསྒྱུར་བཅོས་གནང་དགོས་སྐོར་གསུངས་པ་དང་། ད་ཆ་ཕྱི་རྒྱལ་ཁག་ཏུ་ཡུལ་སོ་སོའི་མི་སེར་གྱི་ངོ་བོ་ཐོབ་པའི་བོད་མིའི་མི་འབོར་འཕེལ་རྒྱས་ཇེ་མང་དུ་འགྲོ་བཞིན་པའི་མཚམས་སུ་སྐྱབས་བཅོལ་ངོ་བོར་བརྟེན་པའི་བོད་མིའི་ཐབས་བྱུས་ཀྱི་འགྲོ་ལུགས་ལའང་འགྱུར་བ་ཞིག་གནང་དགོས་པའི་གཞེན་སྐུལ་གནང་འདུག

The post བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་ཐབས་བྱུས་ཁོ་ན་ལས་མེད་པར་ངོས་འཛིན་གནང་གི་མེད་སྐོར་གསུངས་འདུག first appeared on vot.

The post བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་ཐབས་བྱུས་ཁོ་ན་ལས་མེད་པར་ངོས་འཛིན་གནང་གི་མེད་སྐོར་གསུངས་འདུག appeared first on vot.

View Details

ལོ་ལྟར་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་ཡུན་སྔ་རྗེས་དང་བསྟུན་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ ཟུང་འབྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་གླེང་བརྗོད་ཐད་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཞེས་པ་ཞིག་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་ ༢༠༢༢ ཇི་ནི་ཝའི་ལྷན་ཚོགས་ཐེངས་ ༡༤ པ་དེ་རིང་ཕྱི་ཚེས་ ༦ ཉིན་ཇི་ནི་ཝར་བསྐོང་ཚོགས་གནང་ཡོད་པ་དང། སྐབས་དེའི་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་བའི་ལྷན་ཚོགས་ཀྱི་སྡིངས་ཆའི་སྟེང་བོད་མིའི་སྐུ་ཚབ་ཐོག་ནས་གཏམ་བཤད་གནང་མཁན་བཙན་བྱོལ་ནང་གི་བོད་མི་སྙན་ངག་པ་དང་བོད་དོན་འཐབ་རྩོད་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རང་ཉིད་ཀྱི་གཏམ་བཤད་མ་གནང་གོང་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་འབྲོག་གླུ་བླངས་ཤིང་ལྷན་ཚོགས་ཐོག་ཚོགས་བཅར་བའི་ཁྲོད་བོད་མི་རིགས་ཀྱི་ངོ་བོ་དང་བོད་རྒྱལ་ཁབ་མཚོན་པར་གནང་སོང་།དེ་བཞིན་ཁོང་གིས་དེ་སྔ་ཁོང་རྒྱ་ནག་གི་བཙོན་ཁང་ནང་མྱངས་བའི་དཀའ་སྡུག་གི་བརྒྱུད་རིམ་འགྲེལ་བརྗོད་གནང་སྟེ། རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་དུས་ད་ལྟ་ད་བར་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་མི་ས་ཡ་བརྒལ་བ་དམར་གསོད་བཏང་བ་སོགས་འདས་མ་ད་གསུམ་གྱི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གཏམ་བཤད་གནང་བ་དང་ཆབས་ཅིག རྒྱ་ནག་དམར་པོ་གཞུང་གི་ངོས་ནས་རྒྱ་མི་རིགས་ཙམ་མ་ཟད་རྒྱ་ནག་གི་མངའ་འོག་བོད་གཙོས་པའི་ས་གནས་ཁག་གི་མང་ཚོགས་ཐོག་འཛིན་པའི་དྲག་གནོན་དང་དམ་དྲག་གྱི་སྲིད་བྱུས་དེ་རྒྱུན་གནས་ཐུབ་ཐབས་མེད་སྐོར་གསུངས་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་ཚོས་དཔལ་འབྱོར་གྱི་ཁེ་ཕན་རྣམས་རྒྱ་ནག་བཙན་འཛུལ་འོག་ཡོད་པའི་མང་ཚོགས་ཀྱི་སྡུག་བསྔལ་ལས་བྱུང་གི་ཡོད་པ་ཤེས་པའི་ཐོག་ནས་རྒྱ་ནག་དང་ལྷན་ངེས་པར་དུ་ཚོང་འབྲེལ་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་དེ་དག་ལ་བོད་གཙོས་དེའི་མངའ་འོག་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་རྒྱུའི་འགན་ཡོད་ཅེས་གསུངསས་ཡོད། སྤྱིར་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་ UN watch ཞེས་རྒྱལ་ཚོགས་ལ་ལྟ་སྲུང་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༠ ལྷག་མཉམ་རུབ་ཀྱིས་བཙུགས་པའི་ལྷན་ཚོགས་ཤིག་ཡིན་ཞིང་། ལྷན་ཚོགས་ཐོག་འཛམ་གླིང་སྲིད་སྐྱོང་སྒེར་སྤྱོད་གཞུང་གི་འོག་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་ཟུར་དང་གསར་འགོད་པ་། འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་སོགས་མགྲོན་འབོད་གནང་སྟེ་རྒྱལ་ཁབ་སོ་སོ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གླེང་སློང་གནང་སའི་སྡིངས་ཆ་གྲགས་ཅན་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༠ ལོ་ནས་སུད་སི་བོད་ཀྱི་བེུད་ལྷན་ཚོགས་ལྷན་ནས་ལྷན་ཚོགས་འདིའི་ཚོགས་མིའི་མི་ཁོངས་སུ་འཛུལ་ཞུགས་གནང་སྟེ་ཐོག་མར་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙོན་འཇུག་གིས་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་བེུད་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་བོད་མིའི་སྐུ་ཚབ་གནང་སྟེ་བོད་དོན་ཉན་ཞིབ་ཐོག་མ་གནང་ཐུབ་པ་བྱུང་འདུག་པ་མ་ཟད། འདས་པའི་ལོ་ངོ་བཅུ་ལྷག་ནང་ལྷན་ཚོགས་ཐོག་སུད་སི་བོད་ཀྱི་བེུད་ལྷན་ཚོགས་བརྒྱུད་ལྷན་ཚོགས་སྟེང་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་སོགས་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་བོད་དོན་གཏམ་བཤད་དང་ཉན་ཞིབ་སོགས་ཀྱང་གནང་ཐུབ་པ་བྱུང་ཡོད་པ་རེད།ད་བར་གྱི་ལྷན་ཚོགས་དེའི་ཚོགས་དུས་ནམ་ཡིན་ལ་སུད་སི་བོད་ཀྱི་བེུད་ལྷན་ཚོགས་ནས་གོ་སྐབས་ཆེ་བཞེས་ཀྱིས་ལྷན་ཚོགས་བརྒྱུད་དེ་བོད་མིའི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་སོགས་མགྲོན་འབོད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་སོགས་རྒྱལ་སྤྱིའི་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བཞིན་ཡོད་པ་ལྟར། སུད་སི་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་ནས་ཚོགས་པའི་ངོས་ནས་ཐེངས་འདིའི་ལྷན་ཚོགས་ཐེངས་ ༡༤ ཐོག་བསྟན་འཛིན་བརྩོན་འགྲུས་ལགས་མགྲོན་འབོད་གནང་སྟེ་བོད་དོན་གཏམ་བཤད་སྤེལ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་དང་མཐུར་འགྱུར་ཞུ་རྒྱུ་བྱུང་བར་དགའ་སྤོབས་བྱུང་ཞེས་སོང་།ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་ངོས་ནས་འཛམ་གླིང་ནང་དཔའ་ངར་ཞུམ་མེད་ཀྱིས་སྲིད་དབང་སྒེར་སྤྱོད་རིང་ལུགས་ལ་གདོང་ལེན་གྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མཁན་གང་ཟག་ལ་སྙིང་སྟོབས་གཟེངས་རྟགས་སམ་ Courage Award ཞེས་པ་ཞིག་འབུལ་སྲོལ་ཡོད་པ་ལྟར། འདི་ལོ་ ༢༠༢༢ ལོའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མངོན་གསལ་གནང་མཁན་ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་སུ་དེ་རིང་ལྷན་ཚོགས་ཐོག་དངོས་སུ་འབུལ་བཞེས་གནང་ཡོད་པ་རེད། དེ་སྔ་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་གནང་ཡོད་པ་རེད།

The post ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་སྤེལ་བ། first appeared on vot.

The post ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་སྤེལ་བ། appeared first on vot.

View Details

ཁ་སང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་སྲིད་སྐྱོང་ཚོགས་ཁང་གི་ནང་དུ། སྲིད་ཞུ་ལས་བྱེད་ཚང་འཛོམས་ཀྱི་ཐོག་ནས་བཀའ་ཤག་སྐབས་ ༡༦ པའི་དགོངས་གཞི་དང་ལས་དོན། དེ་བཞིན་དམིགས་ཚད་བཅས་ཀྱི་སྐོར་ལ་ཆུ་ཚོད་གཉིས་ཙམ་གྱི་རིང་གཏམ་བཤད་གནང་སྟེ། གཙོ་བོ་སྲི་ཞུ་ལས་བྱེད་རྣམས་ཀྱིས་སྤྱི་སེམས་དང་ལྷག་བསམ་རྒྱ་སྐྱེད་ཀྱིས་བོད་སྤྱི་བའི་ལས་དོན་ཐོག་འབད་འབུངས་གང་ཐུབ་གནང་དགོས་བའི་ཞེན་སྐུལ་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་གྱར་དགོས་བའི་རྒྱུ་རྐྱེན་གཙོ་བོ་དེ་ནི་རྒྱ་ནག་གི་བཙན་འཛུལ་ལ་བརྟེན་ནས་ཡོང་བ་ཞིག་ཡིན་སྟབས། བོད་མི་རྣམས་ཀྱི་ལས་འགན་གཙོ་བོ་དེ་བཅའ་ཁྲིམས་ཀྱི་ནང་དུ་གསལ་བ་ལྟར་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བ་ཡིན་དུས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་ལྟར་སྤྱི་དོན་གཙིག་འཛིན་གྱིས་ལས་དོན་ལ་ཤར་སྐྱོད་གནང་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པར་གསུངས་འདུག སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་རྒྱ་ནག་ནང་གི་གནད་དོན་ལ་གཞིར་བཞག་གིས་བོད་དོན་བདེན་མཐའ་གསལ་ཐབས་ལ་རེ་བ་ཆེན་པོ་ཡོད་པ་ཞིག་གནས་སྐབས་སུ་མཐོང་གི་མེད་ཀྱང་། ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་ནས་རྒྱུ་རྐྱེན་ཕྲ་མོ་ཙམ་གྱིས་ཀྱང་གནད་དོན་ཆེན་པོ་དེ་འདྲ་འགྲུབ་སྲིད་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་ཡ་ལན་ལ་ལྟོས་མེད་གོ་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེར་བརྩི་བཞིན་ཡོད་པ་དང་། ནམ་ཞིག་བོད་ཀྱི་བདེན་མཐའ་གསལ་བའི་དུས་ཞིག་མ་ཤར་བར་དུ་ང་ཚོའི་ངོས་ནས་ད་ཡོལ་གྱི་བོད་ནང་གི་དངོས་ཡོད་གནས་སྟངས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཇི་བཞིན་དུ་དྲིལ་བསྒྲགས་ཡང་དག་པ་ཞིག་བྱེད་རྒྱུ་དེ་ལས་འགན་ཆེ་ཤོས་དེ་ཡིན་པར་མངོན་གསལ་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འབོར་ཉམས་ཞིབ་དང་འབྲེལ། སྒྲིག་གཞིའི་ནང་ལོ་གཉིས་རེའི་ནང་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཐེངས་རེ་འཚོགས་དགོས་པ་འཁོད་ཡོད་ནའང་ཕྱི་ལོ་ ༢༠༡༤ ནས་ད་བར་ལས་འབོར་ཚོགས་ཆུང་མ་བཙུགས་ནས་ལོ་ ༧ ལྷག་འགྲོ་ཡི་ཡོད་ཅིང་། དེའི་ཐད་གྲོས་ཚོགས་ངོས་ནས་ཀྱང་འདྲི་རྩད་བྱས་མེད་ལ། ད་ལྟའི་བཀའ་ཤག་ངོས་ནས་འདྲི་རྩད་བྱེད་མཁན་ཡོད་མེད་ལ་མ་ལྟོས་པར་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་ལོ་གཉིས་རེའི་མཚམས་སུ་ལས་འབོར་ཉམས་ཞིབ་འཚོག་རྒྱུ་གཏན་འཁེལ་གནང་ཡོད་སྐོར་གསུངས་འདུག མ་ཟད་ད་ལྟ་བར་དུ་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ནས་ཡོང་ཡོད་པ་ཞིག་ཡིན་ཡང་། ད་ཆ་མགོན་པོ་གང་ཉིད་དགུང་ནའི་བབ་དང་བསྟུན་ནས་ཕྱིའི་རྒྱལ་ཁབ་ལ་ཆིབས་སྒྱུར་གནང་རྒྱུའི་མཛད་འཆར་ཁག་ཡོང་ཐབས་མེད་དུས། ད་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ཀྱི་གཙོ་བྱས་པའི་བོད་མི་གང་ན་སུ་ཡོད་མི་རེ་ངོ་རེ་ནས་དམིགས་བསལ་གྱིས་འགན་ཁུར་དང་དུ་བླངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་རྒྱ་ནག་གི་འཁྱོགས་བརྗོད་ལ་གདོང་ལེན་གྱིས་བོད་དོན་འཐབ་རྩོད་ལ་ནུས་ཤུགས་འཕར་མ་ཞིག་འདོན་དགོས་བའི་དུས་ལ་བབ་ཡོད་པར་གསུངས་འདུག སྲིད་སྐྱོང་མཆོག་གིས་ཁ་སའི་གཏམ་བཤད་དེའི་སྐབས་ད་དུང་སྲི་ཞུའི་ལས་བྱེད་པ་ཡོངས་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་ལ་ལྟ་ཀློག་དང་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་ཞིབ་ཚགས་བྱེད་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་ལ་སློབ་སྦྱོང་དགོས་པའི་ལམ་སྟོན་ནན་པོ་གནང་བ་མ་ཟད། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་གནད་དོན་ཁག་ཅིག་ངོ་སྤྲོད་བྱས་པའི་ནང་དུ། དེ་སྔ་ལས་བྱེད་ཀྱི་ས་མིག ༧༠༥ ཡོད་པ་དང་། ད་ལྟའི་ཆར་ས་མིག་ ༦༦༦ གཏན་འབེབས་བྱས་ཏེ་ངོ་ཡོད་ལས་བྱེད་ ༥༦༨ ཡས་མས་ཡོད་པ་དང་། རྒས་ཡོལ་ཐོན་སྐབས་བོད་མིའི་སྒྲིག་འཛུགས་ལ་ལབ་གླེང་སྣ་ཚོགས་མ་ཡོང་བའི་ཆེད་དུ་ཞབས་ཕྱིའི་རང་ལོ་ ༦༠ དེ་ ༦༢ ལ་སྤར་ཏེ། བཀའ་ཤག་འདིའི་ལས་ཡུན་རིང་རྒས་ཡོལ་འཕར་འགྱངས་དང་བསྐྱར་བསྐོས་གནང་འཆར་མེད་པ་དང་། ཟུར་ཕོགས་དང་ཕྱོགས་སྐྱོད་ཀྱི་སྒྲིག་གཞི་ལའང་འགྱུར་བ་བཏང་ཡོད་པ་དང་འབྲེལ་ནས། བཞུགས་སྒར་ཁུལ་གྱི་ས་ཁང་གི་རྙོག་དྲའི་རིགས་ལ་ཆེད་དམིགས་ཀྱིས་ལས་བྱེད་ཅིག་བསྐོ་བཞག་གིས་ཞིབ་འཇུག་གནང་སྟེ་དཀལ་ངལ་སེལ་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་ཀྱི་ཐད་ནས་ལམ་སྟོན་གནང་འདུག པར་དབང་། བོད་མིའི་སྒྲིག་འཛུགས།

The post རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་སྤྲད་ན་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་ཐོག་ནས་འབྲེལ་བ་བྱེད་རྒྱུ་ཐག་བཅད་ཡོད། first appeared on vot.

The post རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་སྤྲད་ན་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་ཐོག་ནས་འབྲེལ་བ་བྱེད་རྒྱུ་ཐག་བཅད་ཡོད། appeared first on vot.

View Details

དེ་རིང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྒྲིལ་དང་བསྟུན་མ་འོངས་པའི་ལས་འགུལ་དང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཕྱོགས་ཐོག་གྲོས་གཞི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་སོང་། དེ་རིང་ཉིན་དགུང་ཚོུད་ ༡༢ ཐོག་མེག་གྷན་ཤིང་མཁར་མགྲོན་ཁང་དུ་ཚོགས་པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་པ་དང་སྐབས་དེར་ཚོགས་གཙོ་མཆོག་གིས་གཙོ་བོ་ལས་དོན་ཐོག་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་ཚུན་དབར་ཞི་འགྲིག་ཡོང་རྒྱུའི་སྲིད་བྱུས་ཤིག་ཡིན་སྟབས། སྲིད་བྱུས་དེ་ལམ་དུ་འགྲོ་བར་མང་ཚོགས་དང་འགན་ཁུར་མཁན་ཚོས་ཇི་ལྟར་གནང་དགོས་པ་དང་། ལྷག་དོན་རྒྱ་ནག་གཞུང་ནས་དེའི་ཐོག་འགན་ཁུར་ཇི་ལྟར་ཞུ་དགོས་པ་དང་འགན་ཁུར་གང་འདྲ་ཡོང་མིན་སོགས་ཀྱི་ཐད་ཐུགས་སྣང་ཆེ་བཞེས་གནང་གལ་ཡིན་པ་ལས་ང་ཚོ་ནང་ཁུལ་ལ་དབུ་མ་དང་རང་བཙན་ཞེས་རྩོད་ཚེ་དམིགས་ཡུལ་དངོས་དེ་བསྒྲུབ་པར་འགོག་རྐྱེན་བཟོ་ངེས་ཡིན་སྐོར་གསུངས་ཡོད། དེ་བཞིན་ང་ཚོས་བོད་ཀྱི་ཐུན་མིན་ཆོས་རིག་མ་བརླག་པར་གཙོ་འདོན་གནང་གལ་དང་། ནམ་ཞིག་ཐུན་མིན་ཆོས་རིག་དེ་བརླག་ཚེ་ང་ཚོས་སྲིད་བྱུས་ཇི་ཙམ་གཏན་འབེབས་དང་ལག་བསྟར་གནང་ཡང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དེ་ཙམ་མེད་པས་བོད་ཀྱི་རིག་གཞུང་དང་སྐད་ཡིག་བཅས་པར་ཆེ་མཐོང་ཞུ་གནད་ཡིན་པ་གསུངས་སོང་། གཞི་རྩའི་ཚོགས་ཆེན་ཐོག་མ་འོངས་པར་དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་དང་ཤེས་ཡོན་བསྟི་གནས་ཁག་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ། ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་སོགས་དང་འབྲེལ་བའི་གྲོས་གཞི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཡོད།

The post རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྒྲིལ། first appeared on vot.

The post རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྒྲིལ། appeared first on vot.

View Details

དེ་རིང་ཕྱི་དྲོ་ཕྱག་ཚོད་བཞི་བའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། སྲིད་སྐྱོང་དང་བཀའ་བློན་ལྷན་རྒྱས། གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་ཀྱི་དབུས་བའི་སྲི་ཞུ་ལས་བྱེད་ཡོངས་སུ་ལྷན་འཛོམས་ཀྱིས། ཁ་ཉིན་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་ཁོང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།སྐབས་དེར་དགེ་འདུན་པ་རྣམས་ཀྱི་དབུས་བའི་སྲི་ཞུ་ལས་བྱེད་ཡོངས་ཀྱིས་ཞལ་འདོན་བསྔོ་སྨོན་གསུང་འདོན་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་གཅེས་བ་བཀྲ་ཕུན་དམ་པ་དེ་ཉིད་ཀྱི་ལོ་རྒྱུས་སྒྲོག་སྦྱོང་གནང་བ་དང་སྦྲགས། ད་ལྟའི་ཆར་རྒྱ་ནག་གི་དྲག་གནོན་གྱི་རྐྱེན་གྱིས་ཁོང་གི་སྐུ་ཕུང་ནང་མིར་རག་སོན་བྱུང་མིན་གྱི་ཐད་ནས་གནས་ཚུལ་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད་པར་འགྲེལ་བརྗོད་ཀྱིས། དམ་པ་ཁོང་དང་ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཡོད་པར་གསུངས་སོང་། རྩ་བའི་བཀྲ་ཕུན་ལགས་ནི་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕུར་རྩ་ཚང་ནས་ཡིན་པ་དང་། དུས་རྟག་ཏུ་བོད་དོན་ལ་སེམས་ཁུར་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་ཁོང་གིས་ ༢༠༢༡ ལོར་བརྒྱད་ཅུའི་གྱ་སྟོན་སྐབས་སུ་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས། བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས་ན་ཆུང་གཞོན་ནུ་ཚོའི་སེམས་ཤུགས་མ་ཆགས་ཞེས་གཏམ་བཤད་སྤེལ་མྱོང་ཡོད་པ་རེད་འདུག གཞི་རྩའི་འདས་པའི་ཉིན་ཤས་ནང་བོད་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་ཁུལ་རིམ་པའི་ཉེན་རྟོག་ལས་ཁུངས་མདུན་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། དེའི་གོང་སྟེ་ཕྱི་ཟླ་ ༢ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏྭ་ལའི་མདུན་དུ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བགཏང་སྟེ་ཁོང་རྗེས་སུ་སྨན་ཁང་ནང་འདས་གྲོངས་སུ་འགྱུར་བའི་གནས་ཚུལ་ཐོན་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་ཆེས་དམ་དྲག་གི་གནས་སྟངས་འོག སྐྱེ་རྒུ་མདོ་གྲོང་ཁྱེར་ནང་རང་ལུས་མེར་བསྲེགས་བཏང་མཁན་སུ་ཡིན་གྱི་ཞིབ་ཕྲའི་གནས་ཚུལ་དང་། དེ་བཞིན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་དང་འབྲེལ་བའི་སྔ་རྗེས་གནས་ཚུལ་ཁ་གསལ་ཞིག་ཐོན་ཁག་པོར་གྱུར་ཡོད་པ་རེད། དེའི་ཁྲོད་དེ་རིང་ Nextshark ཞེས་པའི་གསར་ལམ་དུ་ཐོན་པའི་གནས་ཚུལ་ཞིག་གི་ནང་། ཕྱི་ཕྱོགས་ཀྱི་གསར་ཁང་མང་པོས་ཟླ་ ༢ པའི་ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་མཁན་གྲགས་ཅན་ན་གཞོན་གཞས་བ་ཚེ་དབང་ནོར་བུ་ལགས་ཀྱི་སྐོར་ནས་གླེང་སློང་དང་འདྲི་རྩད་མང་པོ་བྱུང་བའི་མཚམས་འདིར། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཚེ་དབང་ནོར་བུ་ལགས་ད་ལྟ་གྲོངས་མེད་པར་སྨན་བཅོས་བྱེད་བཞིན་པར་བརྗོད་པ་ཞིག་ལུང་འདྲེན་བྱས་འདུག དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་གནས་ཚུལ་སྤེལ་བ་དེའི་ནང་དུ། རང་ལུས་མེར་བསྲེགས་གཏང་མཁན་གང་ཟག་དེར་དེ་སྔོན་ནས་སེམས་ཁམས་དང་འབྲེལ་བའི་ནད་གཞི་ཞིག་ཡོད་པ་མ་ཟད། ཁོང་གིས་ཐེངས་ཁ་ཤས་ལ་རང་སྲོག་བཅད་ཐབས་བྱས་མྱོང་ཡོད་པ་དང་། ཁོང་ད་ལྟའང་འདས་གྲོངས་སུ་གྱུར་མེད་པར་སྨན་བཅོས་བྱེད་མུས་ཡིན་པར་འགྲེལ་བརྗོད་བྱས་འདུག གཞི་རྩའི་ཕྱི་ཕྱོགས་སུ་གནས་ཚུལ་འབྱོར་ཁག་ལ་གཞིགས་ན། རྒྱལ་གཅེས་པ་དམ་པ་དེ་ཉིད་ལྷ་ས་གྲོང་ཁྱེར་ནང་གི་རང་སྐྱོང་ལྗོངས་མི་མང་སྨན་ཁང་དུ་གཟུགས་གཞི་མིས་ཚིག་དྲག་པས་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་པ་མ་ཟད། བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་ཁག་གིས་དམ་པ་ཁོང་གི་འདས་རྐྱེན་དང་འབྲེལ་ནས་གདོང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་བ་མ་ཟད། ཟླ་བ་སྔོན་མའི་ཚེས་ ༡༤ ཉིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དམ་པ་དེ་ཉིད་སྐུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དང་འབྲེལ་ནས་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་རྗེས་དྲན་སླད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད་པ་རེད།གང་ལྟར་ཐེངས་འདི་རྔ་པའི་ནང་སླར་ཡང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོན་པ་དང་སྦྲགས།ཁ་སང་ཨ་རིའི་ཁུལ་གྱི་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་སུ་བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས་ཉེ་ཆར་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་བ་གསུམ་གྱི་ཆེད་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་མར་མེ་ཁྲོམ་སྐོར་དང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་སྟེ་རྒྱལ་གཅེས་བ་གསུམ་ལ་གདུང་སེམས་མཉམ་སྐྱེད་གནང་བ་བརྒྱུད། རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ལས་བོད་ནང་གི་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་བྱུས་དེ་གསལ་བོར་ཕྱི་ལ་མངོན་ཡོད་པ་ཞིག་ཡིན་པའི་གཏམ་བཤད་གནང་སྟེ། བོད་མི་རྣམས་ས་གནས་གང་དུ་ཡོད་མེད་ལ་ལྟོས་མེད་ཀྱིས་བོད་སྤྱི་བའི་རྩ་དོན་འཐབ་རྩོད་ལ་འགན་འཁྲི་ལེན་དགོས་བའི་གཞེན་སྐུལ་གནང་འདུག

The post བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་གཅེས་བ་བཀྲ་ཕུན་ལགས་ཀྱི་འདས་མཆོད་དུ་མཆོད་འབུལ་སྨོན་ལམ་ཚོགས་པ། first appeared on vot.

The post བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་གཅེས་བ་བཀྲ་ཕུན་ལགས་ཀྱི་འདས་མཆོད་དུ་མཆོད་འབུལ་སྨོན་ལམ་ཚོགས་པ། appeared first on vot.

View Details

སུད་སི་ནང་གནས་བཞུགས་བོད་མི་གཞས་པ་དང་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་མིང་བྱང་འོག་ཡོ་རོབ་རྒྱལ་ཁབ་ཁག་ཏུ་རང་ཉིད་ཀྱི་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་སྤེལ་བཞིན་འདུག བློ་ལྡན་རྣམ་གླིང་ལགས་ཀྱིས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་ཞེས་འབོད་ཚིག་སོགས་འཁོད་པའི་བོད་པའི་རྣམ་པ་མཚོན་པའི་རླངས་འཁོར་ཞིག་བཏང་སྟེ། ཡོ་རོབ་རྒྱལ་ཁབ་ཁག་གི་ནང་དུ་བོད་དོན་ཆེད་སྐོར་སྐྱོད་གནང་བཞིན་འདུགལས་འགུལ་དེ་ནི། ཁོང་གིས་ཐོག་མར་སྔར་ལོའི་༸སྐུའི་འཁྲུང་སྐར་ཉིན་སུད་སི་ནས་དབུ་འཛུགས་གནང་ཡོད་པ་དང། བོད་ནས་ཁྱེད་ལ་གཞས་གཅིག་འམ་ A Song from Tibet for You ཞེས་པའི་ལས་འགུལ་ཁྲོད་བོད་ཀྱི་ཐོུང་མ་ཡིན་པའི་གླུ་གཞས་སྒྱུ་རྩལ་ལམ་ནས་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད། བློ་རྣམ་གླིང་ལགས་ཀྱིས་བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་བོད་དོན་སྐོར་སྐྱོད་ལས་འགུལ་དེ་སྦེལ་ཇམ་དང་འཇར་མི་ནི། ནི་ཐར་ལན་ཌི། ཨི་ཊ་ལི། ཕ་རན་སོགས་ཡོ་རོབ་རྒྱལ་ཁབ་མང་པོར་སྐོར་སྐྱོད་གནང་གི་ཡོད་པ་རེད། བོད་པའི་གཞས་པ་བློ་ལྡན་རྣམ་གླིང་ལགས་ནས་རྒྱུན་དུ་རང་ཉིད་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ལས་འགུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད་པ་དང། ཕྱི་ལོ་ ༢༠༡༢ ལོར་ཁོང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་བོད་རང་དབང་གི་འགྲུལ་བཞུད་ཅེས་པའི་མིང་བྱང་འོག་སུད་སི་རྒྱལ་ས་སྦན་ནས་ཇི་ནི་ལྦར་སྤུར་སྒམ་འགྲུད་དེ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་པ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་རེད།

The post གླུ་གཞས་སྒྱུ་རྩལ་ལམ་ནས་ཡོ་རོབ་ཁུལ་དུ་བོད་དོན་ངོ་སྤྲོད་ལས་འགུལ། first appeared on vot.

The post གླུ་གཞས་སྒྱུ་རྩལ་ལམ་ནས་ཡོ་རོབ་ཁུལ་དུ་བོད་དོན་ངོ་སྤྲོད་ལས་འགུལ། appeared first on vot.

View Details

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཚོགས་ཁང་གི་དབུས་སུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། གཞན་ཡང་བཀའ་བློན་རྣམས་དང་མཛད་གཙོ་རྣམས་ལྷན་འཛོམས་ཀྱི་ཐོག སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ལས་གཞི་དབུ་འབྱེད་གནང་སོང་།སྐབས་དེར་སྲིད་སྐྱོང་མཆོག་གིས་ E-Governance ཞེས་པའི་དྲ་ཐོག་ནས་གཞུང་འཛིན་སྐྱོང་བྱེད་རྒྱུ་དེ་རྩ་བའི་ལས་གཞི་ཆེན་པོ་ཞིག་ཡིན་ཡང་། དེ་རིང་ལས་གཞི་དེའི་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཕན་ཚུན་བར་གྱི་ཡིག་འབྲེལ་རིགས་རྣམས་E-Filling ཞེས་དྲ་ཐོག་ནས་བརྗེ་ལེན་བྱེད་རྒྱུའི་ལས་གཞི་ཞིག་དབུ་འཛུགས་གནང་གི་ཡོད་པར་འགྲེལ་བརྗོད་ཀྱིས། དེ་ཙམ་མ་ཡིན་པར་བཞུགས་སྒར་ཁུལ་གྱི་སྣེ་ལེན་ཁང་གི་ས་ཆའི་ཆ་ཤས་ཤིག་ཏུ་ཕྱི་ལོ་ ༡༩༥༩ ནས་ ༢༠༢༢ བར་གྱི་གཞུང་འབྲེལ་གྱི་ཡིག་ཚགས་གང་ཡོད་པ་མཐའ་ཐག་གློག་པར་སྐྱོན་ནས་སྡེ་ཚན་སོ་སོར་དབྱེ་བ་བྱས་ཏེ་གློག་འཕྲུལ་གྱི་ཡིག་ཚགས་ཀྱི་ངོ་བོར་གསོག་ཉར་བྱེད་རྒྱུ་ཡིན་པར་གསུངས་སོང་།གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ཀྱི་ངོས་ནས་དུས་རྒྱུན་ནས་ཕྱི་ལོགས་ཀྱི་རོགས་དངུལ་ཁོ་ནར་སྒུར་ནས་འདུག་རྒྱུ་དེ་མིན་པར། ད་ལྟའི་བར་དུ་རང་གི་བྱེད་ལས་ཀྱི་ཉམས་མྱོང་དང་རིག་པ་གཞི་ལ་བཞག་ནས་རང་འགན་རང་འཁྲིའི་ལས་གཞི་འགོ་འཛུགས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་ངོ་སྤྲོད་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཀམ་པུ་ཊར་སྡེ་ཚན་ལ་ཡང་དེ་དོན་སྔར་ལོ་ནས་རེ་སྐུལ་བྱས་པ་ལྟར་ད་ཆ་གློག་འཕྲུལ་ཡིག་ཚགས་ཀྱི་ལས་གཞི་དེ་ལེགས་འགྲུབ་བྱུང་ཡོད་པ་ལྟར། ག་ལེར་བོད་མིའི་སྒྲིག་འཛུགས་གཅིག་པོ་ཙམ་མིན་པར། དོན་གཅོད་ཁག་དང་ས་གནས་ཆེ་ཁག་གི་ས་གནས་འགོ་འཛིན་ལས་ཁུངས་ཁག་ཏུ་ཡང་ལས་གཞི་དེ་ལག་བསྟར་བྱེད་འཆར་ཡོད་པར་གསུངས་སོང་། སྐབས་དེར་འདི་གའི་གསར་འགོད་པས་ཀམ་པུ་ཊར་སྡེ་ཚན་གྱི་ལས་གཞི་འདིར་འགན་གཙོ་བོ་བཞེས་མཁན་གྱི་ཆེད་ལས་བ་ཀུན་དགའ་འཇིགས་མེད་ལགས་སུ་ལས་གཞི་དེ་ལག་བསྟར་བྱས་པ་ཡིན་ན་གཞུང་ཡིག་རྣམས་ཀྱི་བདེ་འཇགས་དང་འབྲེལ་ནས་ཉེན་ཁ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་གློག་འཕྲུལ་གྱི་ཡིག་ཚགས་དང་འབྲེལ་བའི་མཉེན་ཆོས་དེ་ནི་ Internate འམ་དྲ་རྒྱ་དང་འབྲེལ་བ་མེད་པ་ཞིག་ཡིན་པ་མ་ཟད། ཡིག་ཚགས་ཀྱི་སྒྲོམ་གཞི་ཚང་མ་ཚད་མཐོ་བོ་བཟོ་སྐྲུན་བྱས་ཡོད་པ་དང་། ཕྱི་ལོགས་ཀྱི་འཕྲུལ་ལས་ཆེད་མཁས་བར་ཡང་རྟོག་ཞིབ་ཀྱི་ཆེད་དུ་ཕུལ་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་ཀྱིས། ཕྱི་ལོགས་ཀྱི་དྲ་རྒྱ་གཏོར་རྒོལ་གྱི་ཉེན་ཁ་ཉུང་ཉུང་ཡིན་པ་ལྟར་དེ་ལ་ལྟ་རྟོག་བྱེད་རྒྱུ་ཡང་གང་གཟབ་བྱེད་རྒྱུ་ཡིན་སྟབས་བདེ་འཇགས་ཀྱི་ཆ་ནས་ཉེན་ཁ་དེ་ཙམ་མེད་པ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་།གཞན་ཡང་སྲིད་སྐྱོང་མཆོག་གིས་དེ་རིང་གི་ལས་གཞི་དེ་དང་འབྲེལ་ནས་འབྲེལ་ཡོད་ཀྱི་བཀའ་བློན་དང་དྲུང་ཆེ་རྣམས་ཀྱིས་འགན་གཙོ་བཞེས་ཀྱི་ཐོག་ནས་ལས་གཞི་དེ་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་ལྷུར་ལེན་གནང་དགོས་བའི་རེ་སྐུལ་གནང་བ་མ་ཟད། ད་ལྟའི་བར་ལས་དོན་བྱེ་བྲག་ཞིག་གི་སྒང་ལ་ཆེད་མཁས་བ་ཞིག་དགོས་ཟེར་དུས་ཕྱི་ལོགས་ནས་ཆེད་དུ་གདན་ཞུས་ཀྱི་གླ་དངུལ་ཆེན་པོ་སྤྲོད་དགོས་བའི་གནས་སྟངས་ཤིག་ཆགས་ཡོད་པ་དེར་བློ་འཚབ་ཀྱིས། མ་འོངས་བར་སྲི་ཞུ་ལས་བྱེད་རྣམས་ཀྱི་ནང་དུ་ཡང་རང་གི་ཉམས་མྱོང་ལ་གཞིགས་ནས་ལས་དོན་བྱེ་བྲག་གི་སྒང་ལ་ཉམས་མྱོང་དང་ཤེས་ཚད་མཐོ་བར་ཡོང་རྒྱུར་འབད་བརྩོན་གནང་དགོས་བ་དེ་ཧ་ཅང་གི་གལ་ཆེན་ཡིན་པའི་གཞེན་སྐུལ་གནང་སོང་།

The post བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ལས་གཞི་དབུ་འབྱེད། first appeared on vot.

The post བོད་མིའི་སྒྲིག་འཛུགས་ཀྱི་གློག་འཕྲུལ་ཡིག་ཚགས་ལས་གཞི་དབུ་འབྱེད། appeared first on vot.

View Details

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་སྨན་ཞབས་པའི་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་སློབ་མ་ ༥༧ ཙམ་ལ་ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་དབུ་འཛུགས་གནང་སོང་།སེར་བྱེས་གྲྭ་ཚང་གི་དགེ་སློང་བསྟན་འཛིན་ཚེ་དབང་ལགས་དང་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་ལགས་རྣམ་གཉིས་ཀྱིས་བོད་ཁྱིམ་སྡོད་ཁང་ནང་སྨན་ཞབས་པའི་མཐོ་སློབ་ཆེ་ཤོས་གྲས་ St John ནང་སློབ་གཉེར་གནང་བཞིན་པའི་སློབ་མ་ ༥༧ ཙམ་ལ་ཉིན་གསུམ་གྱི་རིང་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།ཁོང་རྣམ་གཉིས་ཀྱིས་སློབ་མ་རྣམས་ལ་རྒྱུན་ལྡན་གྱི་འཚོ་བ་དངོས་དང་སྦྱར་ཏེ་གོ་བདེའི་ལམ་ནས་སྐྱབས་འགྲོ་དང་བདེན་བཞིའི་ངོ་སྤྲོད་གནང་བ་མ་ཟད། ཉིན་གཉིས་པར་ལས་འབྲས་དང་མ་ཎིའི་དོན་སྙིང། ཉིན་མཐའ་མར་སྒོམ་སྒྲུབ་ཀྱི་ལམ་སྟོན་གནང་ཡོད།གསར་འགོད་པས་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མ་ཁག་ཅིག་ལ་ཐེངས་འདིའི་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཐུགས་ཚོར་ཐོག་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད།གཞི་རྩའི་སྦེང་ལོང་ནང་གི་ St John’s Nursing College ཞེས་པའི་སྨན་ཞབས་མཐོ་སློབ་ནང་ལོ་ལྟར་བོད་པའི་སློབ་མ་སྨན་ཞབས་པ་ཐོན་མཁན་མང་པོ་ཡོད་པ་དང་ད་ལྟའི་ཆར་མཐོ་སློབ་ནང་དུ་བོད་པའི་སློབ་མ་ ༥༩ ཙམ་སློབ་གཉེར་གནང་བཞིན་འདུག

The post བོད་པའི་སྨན་ཞབས་སློབ་མར་ཉིན་གསུམ་གྱི་ནང་ཆོས་ངོ་སྤྲོད། first appeared on vot.

The post བོད་པའི་སྨན་ཞབས་སློབ་མར་ཉིན་གསུམ་གྱི་ནང་ཆོས་ངོ་སྤྲོད། appeared first on vot.

View Details

འདི་ལོའི་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་སྟབས་བསྟུན་གྱིས། བཞུགས་སྒར་ཁུལ་གྱི་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་བཅས་ཀྱིས་མཉམ་འབྲེལ་གྱིས་ཉིན་མོ་སྲུང་བརྩི་ཞུས་ཏེ་ཟླ་བ་གསུམ་པ་ཧྲིལ་བོ་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཟླ་བར་ངོས་འཛིན་གྱིས་ལས་གཞི་ཁག་ཅིག་སྤེལ་རྒྱུ་ཡིན་པར་བསྒྲགས་ཡོད་པ་ལྟར། ལས་གཞི་དེའི་ཆ་ཤས་སུ། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བཞུགས་སྒར་ཁུལ་དུ་བུད་མེད་ཀྱི་སིལ་སྤོལ་འགྲན་བསྡུར་ཞིག་འགོ་འཛུགས་ཀྱིས་ཁ་སང་མཇུག་སྒྲིལ་ཡོད་པ་རེད།ཐེངས་འདིའི་བུད་མེད་ཀྱི་སིལ་སྤོལ་འགྲན་བསྡུར་གྱི་ནང་དུ། བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་ཁག་ཅིག་གི་ཁྱབ་ཁོངས་ནས་བུད་མེད་རྩེད་འགྲན་རུ་ཁག་དྲུག་གིས་མཉམ་ཞུགས་གནང་ཡོད་པའི་ཁོངས་སུ། ས་ར་མཐོ་སློབ་ནས་རུ་ཁག་གཉིས་དང་། མེགྷ་ལོར་ནས་རུ་ཁག་གཅིག དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རུ་ཁག་གཅིག འཕྲོད་བསྟེན་ལས་ཁུངས་ནས་རུ་ཁག་གཅིག གཞན་ཡང་གངས་སྐྱིད་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ནས་རུ་ཁག་གཅིག་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད།ཉིན་བཞིའི་རིང་རྩེད་འགྲན་གནང་བ་བརྒྱུད་ནས། ཁ་སང་ཕྱི་དྲོ་རྩེད་འགྲན་མཐའ་མ་དེ་མེགྷ་ལོར་རུ་ཁག་དང་གངས་སྐྱིད་དང་དཔེ་མཛོད་ཁང་གི་རུ་ཁག་གཉིས་ཀྱི་བར་དུ་རྩེད་འགྲན་གནང་སྟེ། མེགྷ་ལོར་རུ་ཁག་ལ་མཐའ་མའི་འགྲན་རྩོད་ཀྱི་བྱ་དགའ་ཨང་དང་པོ་ཐོབ་སྟེ་ཐེངས་འདུའི་བུད་མེད་ཀྱི་སིལ་སྤོལ་རྩེད་འགྲན་དེ་མཇུག་བསྡུས་སོང་།འདི་གའི་གསར་འགོད་པས་སྐབས་དེར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ལས་བྱེད་ཚེ་བརྟན་ལགས་སུ་རྩེད་འགྲན་དེ་གོ་སྒྲིག་གནང་དགོས་བའི་དམིགས་བྱ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཅིག་ནས་རང་རེའི་སྤྱི་ཚོགས་ཀྱི་ནང་དུ། ཕོ་མོ་འདྲ་མཉམ་གྱི་ཐོག་ནས་ལས་རིགས་དང་རྩེད་འགྲན་སོགས་ཀྱི་ནང་དུ་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཡིན་པར་ངོས་འཛིན་དང་། དེ་བཞིན་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་ཀྱང་ལུས་རྩལ་རིགས་འདྲ་མིན་རྩེད་རྒྱུ་གལ་ཆེན་ཡིན་པར་དགོངས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་།

https://vot.org/wp-content/uploads/2022/03/KYAP31-mixed-.mp3Download

The post བུད་མེད་ནུས་སྟོབས་ཚན་པའི་བུད་མེད་སིལ་སྤོལ་འགྲན་བསྡུར་མཇུག་སྒྲིལ། first appeared on vot.

The post བུད་མེད་ནུས་སྟོབས་ཚན་པའི་བུད་མེད་སིལ་སྤོལ་འགྲན་བསྡུར་མཇུག་སྒྲིལ། appeared first on vot.

View Details

ཁ་སང་བོད་ཀྱི་སྒྲ་སྒྱུ་དང་ཉམས་ཞིབ་ལྷན་ཁང་གིས་དབྱིན་སྐད་དུ་བཞུགས་པའི་༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད་གནང་སོང་།

ཁ་སང་སྔ་དྲོ་ཚོུད་ ༡༡༌༣༠ ཡོལ་ཙམ་ལ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་དབུས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ནས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་སྦྱོར་འོག་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་བོད་སྒྱུར་ཞུས་པའི་༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད་གནང་སོང་བ་དང་། སྐབས་དེར་བོད་ཀྱི་སྒྲ་སྒྱུ་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་ལགས་ཀྱིས་ཚོགས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ་ཏེ་༸གོང་ས་མཆོག་གི་གསུང་རྩོམ་དག་བོད་བསྒྱུར་གནང་དོན་ནི་མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེན་མཛད་འཕྲིན་དེ་དག་མ་འོངས་པར་བོད་ཁ་བ་གངས་ཅན་ལྗོངས་སུ་ལོ་ངོ་སྟོང་ཕྲག་དུ་མར་གནས་རྒྱུ་དང་བོད་ཀྱི་ལོ་རྒྱུས་ནང་གི་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་ཞུས་པར་མཚོན་གྱི་ཡོད་ཅེས་གསུངས་ཡོད།

མཛད་སྒོའི་སྐུ་མགྲོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་ཁུར་ལས་བྱེད་ཡོངས་ཀྱི་ཆོད་སེམས་བརྟན་པོའི་ཐོག་ནས་ཕྱག་ལས་གནང་བར་བསྔགས་བརྗོད་དང་ཉམས་ཞིབ་གང་གནང་བ་དེ་ཞིབ་ཚགས་པོ་དང་སྤུས་དག་པོ་ཡོང་བར་འབད་བརྩོན་གནང་གལ་ཡིན་པར་ལམ་སྟོན་གནང་བ་མ་ཟད། ལྷན་ཁང་འདིའི་ལས་གཞི་དང་མཉམ་ལོ་ཙཱ་བ་གསོ་སྐྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རྩི་ཡི་ཡོད། འོན་ཀྱང་ལོ་ཙཱ་བ་ཚད་དང་ལྡན་པ་ཡོང་རྒྱུ་དེ་ཁག་པོ་ཆགས་ཡོད་སྟབས། སྒྲིག་འཛུགས་ཀྱི་ངོས་ནས་ལོ་ཙཱ་བར་སློབ་སྦྱོང་སྤྲད་པ་ཙམ་མ་ཚད་པར་མ་འོངས་པར་བོད་ཡིག་དང་ཨིན་ཡིག་གཉིས་ཀའི་ཐོག་ནས་ཕར་སྒྱུར་ཚུར་སྒྱུར་བྱེད་ཐུབ་མཁན་གྱི་ལོ་ཙཱ་བ་གསོ་སྐྱོང་གནང་རྒྱུར་བསམ་བློ་གཏོང་དགོས་ཞེས་དང་། དེ་བཞིན་དེང་སང་མི་ཚང་མ་བྲེལ་ཟིང་ཆེན་པོ་ཡོད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྣམས་སྒྲ་ལྡན་དང་བརྙན་དེབ་བཟོ་ཐུབ་ན་ཕན་ཐོགས་ཆེ་བ་ཡོད་སྐོར་སོགས་གསུངས་ཡོད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དེང་སྐབས་འཛམ་གླིང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་མ་མཁྱེན་མཁན་ཧ་ལམ་མེད་པའི་གནས་སྟངས་ལྟ་བུར་ཆགས་ཡོད་པའི་འཚམས་འདིར་མགོན་པོ་༸གང་ཉིད་མཆོག་གི་གསུང་དེ་དག་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད་སྟབས། གསུང་བོད་སྐད་ཐོག་བསྒྱུར་བ་མ་ཟད། བསྒྱུར་ཟིན་པ་རྣམས་ཕྱོགས་སྒྲིག་བྱ་རྒྱུ་གཙོས། སྐད་ཡིག་གཞན་རྒྱ་སྐད་དང་ཉི་ཧོང་གི་སྐད་ལ་སོགས་པར་བསྒྱུར་ཐུབ་པའི་ལས་གཞི་རྒྱ་ཆེ་རུ་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་དང་ལྷག་དོན་གསུང་རྩོམ་དེ་དག་ང་ཚོའི་སྤྱི་ཚོགས་དང་སྒོས་སློབ་གྲྭ་ཁག་ཏུ་དཔེ་ཀློག་དང་བགྲོ་གླེང་བྱ་རྒྱུའི་ཐད་དོ་སྣང་ཡོང་ཐབས་སུ་ལས་རིམ་མང་ཙམ་སྤེལ་དགོས་ཡོད་པར་གཞེན་སྐུལ་གནང་སོང་།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་གཉིས་ཀྱིས་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་༸རྒྱལ་བའི་གསུང་རྩོམ་ཁག་ཅིག་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུས་དང་འབྲེལ་ཏེ། ཕྱག་ལས་འདི་མུ་མཐུད་ནས་གནང་རོགས་ཞེས་དང་དེས་མ་འོངས་པའི་གཞོན་སྐྱེས་ཚོར་༸གོང་ས་མཆོག་གི་གསུང་ཀློག་རྒྱུར་ཕན་ཐོགས་ཡོང་ངེས་ཡིན་སྐོར་གསུངས་པ་མ་ཟད། ང་ཚོ་བོད་མི་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་ཇི་ལྟར་སྩལ་དོན་བཞིན་སེམས་པ་བཟང་པོ་གནང་རྒྱུའི་ཐོག་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་དྲན་སྐུལ་གནང་ཡོད།

གཞི་རྩའི་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་འདི་ནི་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པས་ཚོགས་ཆུང་ཆེད་དུ་བཙུགས་ནས་མཐུན་འགྱུར་ལམ་སྟོན་གནང་བཞིན་པའི་ཤེས་ཡོན་གྱི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པའི་ངོས་ནས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག་ད་བར་༸རྒྱལ་བའི་གསུང་རྩོམ་པོད་བཞི་བཅུ་ཞེ་དྲུག་བོད་བསྒྱུར་གནང་ཟིན་ཡོད་པ་དང་དེ་བཞིན་བྱིས་སྒྲུང་ ༤༠༠ བསྒྱུར་ཟིན་ཡོད་པ་མ་ཟད། བོད་པའི་ལོ་ཙཱ་བ་གསོ་སྐྱོང་གིས་དེ་དག་ལ་ཁྱད་ལས་པའི་ཟབ་ཁྲིད་སོགས་གནང་མུས་རེད་འདུག

https://vot.org/wp-content/uploads/2022/03/TD28.mp3Download

The post ༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད། first appeared on vot.

The post ༸རྒྱལ་བའི་གསུང་རྩོམ་དཔེ་ཚོགས་དང་པོའི་བོད་འགྱུར་པོད་བདུན་དབུ་འབྱེད། appeared first on vot.

View Details

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཞི་པའི་ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོག་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༠་་་༢༠༠༡ ནས་ ༢༠༢༠་་་༢༠༢༡ བར་གྱི་མ་དངུལ་གནས་སྟངས་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། སྙན་ཐོ་འདི་བརྒྱུད་ནས་སྤྱི་འཐུས་རྣམ་པ་དང་། རྒྱ་ཆེ་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དངོས་ཡོད་མ་དངུལ་གནས་སྟངས་མཁྱེན་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།རྩ་བའི་ད་རེས་གྲོས་ཚོགས་སུ་ཕུལ་བའི་འདས་བའི་ལོ་ཉི་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་ཀྱི་སྙན་ཐོ་འདི་ནི་དེ་སྔ་བཀའ་ཤག་སྐབས་ ༡༢ པའི་སྐབས་སུ་དེ་འབྲེལ་སྙན་ཐོ་ཐེངས་ལྔ་བཏོན་པའི་རྗེས་སུ་ད་རེས་ལོ་ ༡༥ ཙམ་གྱི་རྗེས་ཀྱི་སྙན་ཐོ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྙན་ཐོ་དེའི་ནང་ལ་རྐང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མཛོད་དང་དབུས་སའི་ལས་ཁུངས་སོ་སོའི་རང་བདག་གི་དངུལ་ཚུད་པའི་མ་དངུལ་གྱི་གནས་བབ་དེ་ཆགས་ཀྱི་ཡོད་པ་རེད།

དེ་ཡང་མ་དངུལ་གྱི་ཁྱབ་ཁོངས་རྩིས་སྒོ་གསུམ་ཡོད་པའི་ཁོངས་ནས་སྔོན་རྩིས་མ་དངུལ་གྱི་གནས་བབ་ལ་གཞིགས་ན་རྩིས་ལོ་ ༢༠༠༠་་་༢༠༠༡ ལོར་སྒོར་ས་ཡ་ ༢༩་༤༢ དང་དེའི་རྗེས་རྩིས་ལོ་ ༢༠༡༠་་་༢༠༡༡ ལོར་སྒོར་ས་ཡ་ ༢༦༩་༠༧ དེ་བཞིན་རྩིས་ལོ་ ༢༠༢༠་་་༢༠༢༡ ལོར་སྒོར་ས་ཡ་ ༡༨༦༥་༩༧ བཅས་ཆགས་ཀྱི་འདུག

མ་ཟད་ཕྱི་ལོ་ ༡༩༩༥ ཙམ་ནས་འགོ་བཙུགས་པའི་གཏན་འཇགས་མ་དངུལ་གྱི་གནས་བབ་ལ་གཞིགས་ན་རྩིས་ལོ་ ༢༠༠༠་་་༢༠༠༡ ལོར་སྒོར་ས་ཡ་ ༣༦་༦༥ དང་རྩིས་ལོ་ ༢༠༢༠་་་༢༠༢༡ ལོར་སྒོར་ས་ཡ་ ༣༠༡་༩༨ བཅས་ཆགས་ཀྱི་འདུག་པ་མ་ཟད། ཟུར་བཀོལ་སྤྱིར་བཏང་མ་དངུལ་གྱི་གནས་བབ་ལ་གཞིགས་ན་རྩིས་ལོ་ ༢༠༠༠་་་༢༠༠༡ ལོར་སྒོར་ས་ཡ་ ༢༨༦་༦༩ དང་རྩིས་ལོ་ ༢༠༢༠་་་༢༠༢༡ ལོར་སྒོར་ས་ཡ་༡༥༣༢་༢༡ བཅས་ཆགས་ཀྱི་འདུག

གཞི་རྩའི་སྙན་ཐོ་དེའི་ནང་ལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་བརྒྱད་ཁྲི་ཙམ་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་དགོས་བྱུང་པའི་ཁོངས་ནས་དཔལ་འབྱོར་དེ་གཅིག་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༥༠ ལོར་གཞུང་གྲོན་ལ་དམིགས་ཏེ་འབྲས་ལྗོངས་ཆོས་རྒྱལ་ལ་ཕྱག་བཅོལ་གནང་པའི་གསེར་དངུལ་རྣམས་དངུལ་ལ་སྒྱུར་ཏེ་ཡིད་ཆེས་དགེ་རྩ་དེབ་སྐྱེལ་གནང་པ་དང་། ༡༩༦༩ ལོར་དཔལ་འབྱོར་ལས་ཁུངས་དངོས་སུ་འགོ་བཙུགས་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་འབབ་གྲོན་གྱི་བྱུང་རིམ་ཁག་ཀྱང་གསལ་འདོན་གནང་འདུག

ལྷག་པར་དུ་འདས་པའི་ལོ་ངོ་ཉི་ཤུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཁྱོན་ཡོངས་ནས་བོད་མི་རང་གི་དཔྱ་དངུལ་དང་གཞན་བསྡུ་དངུལ་འབུལ་འབབ་ནས་ཆ་སྙོམས་བརྒྱ་ཆ་ ༨་༨༡ མ་གཏོགས་ལོང་གི་མེད་སྟབས། ཆ་སྙོམས་བརྒྱ་ཆ་༩༡་༡༩ ཙམ་ཕྱི་ནང་གི་གཞུང་སྒེར་ལ་བརྟེན་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྙན་ཐོ་འདིའི་ཐོག་ནས་མང་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དངོས་ཡོད་མ་དངུལ་གནས་སྟངས་མཁྱེན་ཐུབ་པའི་རེ་བ་དང་། བོད་མི་མི་རེ་ངོ་རེ་ནས་སྒྲིག་འཛུགས་ནས་རོགས་རམ་ཅི་ཙམ་ཞུ་དགོས་མིན་དང་། སྒྲིག་འཛུགས་ལ་ཞབས་འདེགས་ཅི་ཞིག་ཞུ་དགོས་མིན་གྱི་དགོངས་པ་བཞེས་ཕྱོགས་ལ་ཁྱད་པར་ཡོད་པ་སོགས་གསུངས་འདུགདཔལ་འབྱོར་བཀའ་བློན་མཆོག་ནས་འདས་ལོ་ཉུ་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་གྲུབ་མཚམས་སུ་སྤྱི་འཐུས་ཁག་ཅིག་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་བཀའ་བློན་མཆོག་གིས་ད་རེས་གྲོས་ཚོགས་སུ་ཕུལ་བའི་སྙན་ཐོར་དགའ་བསུ་དང་། མ་འོངས་པར་དངུལ་དང་། གཏན་འཇགས་མ་དངུལ་མ་ཡིན་པའི་དངུལ་གཞན། དེ་བཞིན་བསྒྱུར་དཀའི་མཁར་དབང་སོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཀྱི་སྙན་ཐོག་ཞིག་འདོན་གནང་ཡོང་བའི་འབོད་སྐུལ་ཞུ་མཁན་བྱུང་ཡོད།

https://vot.org/wp-content/uploads/2022/03/tendor-24.mp3Download

The post འདས་ལོ་ཉི་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ། first appeared on vot.

The post འདས་ལོ་ཉི་ཤུའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་མ་དངུལ་གནས་བབ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ། appeared first on vot.

View Details

དེ་རིདང་ཕྱི་ཟླ་ ༣ ཕྱི་ཚེས་ ༢༤ ཉིན་མོ་འདི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ World TB Day འམ་འཛམ་གླིང་ཊི་སྦི་ཉིན་མོ་དང་བསྟུན་བཞུགས་སྒར་དབུས་བདེ་ལེགས་སྨན་ཁང་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཊི་བི་རྩ་འགོག་གི་ལས་གཞི་དང་འབྲེལ་བའི་དེང་དུས་ཚད་མཐོའི་གློག་པར་འཕྲུལ་ཆས་གསར་པ་ཞིག་དབུ་འབྱེད་ཀྱིས་སློབ་མ་རྣམ་པར་ཊི་སྦི་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་འགོ་བཙུགས་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡།༣༠ ཡོལ་ཙམ་ལ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་དབུ་འབྱེད་གནང་བའི་དེང་དུས་ཚད་མཐོའི་གློག་པར་འཕྲུལ་ཆས་དེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་བདེ་ལེགས་སྨན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་ལས་གཞི་དེའི་འགན་བཞེས་མཁན་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་གཙོས་པའི་ཕྱག་རོགས་ལས་བྱེད་དང་སྨན་ཞབས་པ། ལྷག་དོན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་གི་མཛད་གཙོ་རྣམ་པ་སོགས་ལྷན་ཞུགས་གནང་སོང་།གཞི་རྩའི་བཞུགས་སྒར་དབུས་བདེ་ལེགས་སྨན་དང་ཨ་རིའི་ John Hopkins གཙུག་ལག་སློབ་གཉེར་ཁང་གཉིས་ནས་གློ་ནད་ཊི་སྦི་དང་འབྲེལ་བའི་ལས་གཞི་ཐོག་མར་ ༢༠༠༨ ལོ་ནས་དབུ་འཛུགས་གནང་འདུག་པ་དང་། དམིགས་བསལ་ཕྱི་ལོ་ ༢༠༡༧ ལོ་ནས་ཚོགས་པ་དེ་གཉིས་མཉམ་འབྲེལ་ཐོག་ནས་བོད་པའི་སྤྱི་ཚོགས་ནང་དུ་ Zero TB འམ་གློ་ནད་ཊི་སྦི་རྩ་མེད་ཅེས་པའི་འཕྲོད་བསྟེན་གྱི་ལས་གཞི་དེ་དབུ་འཛུགས་གནང་སྟེ་ད་བར་རྒྱ་གར་ནང་གི་བོད་པའི་སློབ་ཁག་དང་དགོན་ཁག་མང་དག་ཅིག་ནང་རིན་མེད་ཐོག་ནས་ཊི་སྦི་ནད་རྟགས་ཡོད་མེད་ཀྱིས་བརྟག་དཔྱད་གནང་ཟིན་ཡོད་ཀྱང་འདས་པའི་ལོ་གཉིས་ཙམ་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ལས་གཞི་དེ་མཇུག་སྐྱོང་མ་ཐུབ་པར་ལྷག་ཡོད་པ་རེད།

https://vot.org/wp-content/uploads/2022/03/TD-24.mp3Download

The post རྡ་སྟེང་བོད་ཁྱིམ་དུ་ཊི་སྦི་ནད་རྟགས་ཡོད་མེད་བརྟག་དཔྱད་འགོ་འཛུགས་ཀྱིས་འཛམ་གླིང་ཊི་སྦི་ཉིན་མོ་སྲུང་བརྩི། first appeared on vot.

The post རྡ་སྟེང་བོད་ཁྱིམ་དུ་ཊི་སྦི་ནད་རྟགས་ཡོད་མེད་བརྟག་དཔྱད་འགོ་འཛུགས་ཀྱིས་འཛམ་གླིང་ཊི་སྦི་ཉིན་མོ་སྲུང་བརྩི། appeared first on vot.

View Details

དེ་རིང་བོད་ཟླ་ ༡ པོ་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་གྱི་ཉིན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་ཆོ་ག་བཀའ་དྲིན་སྩལ་ཡོད་པ་དང་། ཐེངས་འདིའི་ཆོས་འབྲེལ་གྱི་མཛད་འཆར་དེའང༸གང་ཉིད་མཆོག་གིས་ནད་ཡམས་རྐྱེན་ལོ་ ༢ ཙམ་གྱི་རྗེས་མང་ཚོགས་ལ་དངོས་སུ་མཇལ་འཕྲད་ཀྱིས་ཆོས་འབྲེལ་སྩལ་བ་ཐོག་མ་ཆགས་ཀྱི་ཡོད།དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་༨ པའི་ཐོག་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ཁྲོད་༸མགོན་པོ་གང་ཉིད་མཆོག་ཕོ་བྲང་གི་གཟིམ་ཆུང་ནས་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་༸གོང་ས་མཆོག་གིས། ཐོག་མའི་འཆར་གཞི་ལྟར་ན་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་གཏན་ཁེལ་ཡོད་ཀྱང་༸སྐུའི་འཕྲོད་བཞེས་ཐད་ད་ཆ་སྐུ་ངལ་མེད་པས་ལྡི་ལིར་ངེས་པར་དུ་ཆིབས་བསྒྱུར་བསྐྱངས་དགོས་དོན་མེད་སྟབས། ལོ་ལྟར་དགུན་དུས་སྐབས་གནས་མཆོག་རྡོ་རྗེ་གདན་དུ་འཆར་ཅན་ཆིབས་བསྒྱུར་སྐྱོང་བཞིན་ཡོད་པ་དེའི་ཞོར་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་རྒྱུ་ཡིན་པས་ང་སྐུ་འབུམ་ནས་ཡོང་བའི་བླ་མ་དེ་བདེ་ཐང་ངང་བསྡད་ཡོད་པས་ཁྱེད་རང་ཚོ་བློ་བདེ་པོ་གནང་རོགས་ཞེས་བཀའ་སྩལ་སོང་།དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས་ཆོས་འབྲེལ་ཁྲོད། སྤྱིར་ང་རང་ཚོའི་སེམས་མ་སྐྱིད་པ་བཟོ་མཁན་དེ་ཕྱི་ལོག་ནས་དཀྲུག་པ་མ་ཡིན་པར་བསམ་བློའི་ནང་ཆགས་སྡང་ཉོན་མོངས་ཀྱི་སེམས་འཁྲུག་གི་ཡོད་སྟབས་དེར་གཉེན་པོ་བསྟེན་ཚེ་རང་བཞིན་གྱིས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་དང་ཆབས་ཅིག སྟོན་པ་བཅོམ་ལྡན་འདས་ཀྱིས་སེམས་འདུལ་བར་བྱེད་པར་སེམས་པ་བཟང་པོ་གནང་དགོས་པ་བཀའ་སྩལ་ཡོད་པ་ལྟར། བོད་མི་གངས་ཅན་པ་ཚོར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་རང་བཞིན་གྱིས་བྱམས་བརྩེ་ཤུགས་ཆེན་པོ་ཡོད་སྐོར་བཀའ་བསྩལ་སོང་།མ་ཟད། ༸གང་ཉིད་མཆོག་གིས་བོད་གངས་ཅན་པ་ཚོས་དུས་ད་ལྟ་བར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་མེད་པར་བཟུང་ཡོད་པ་དང་། དུས་ད་ལྟ་ཆབ་སྲིད་ཀྱི་གནས་སྟངས་ཆ་ནས་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་བོད་རྒྱ་ཆེ་མི་མང་གི་སེམས་ཀྱི་གཏིང་ལ་ཡོད་པའི་འཕགས་པ་སྤྱན་རས་གཟིགས་དང་མ་ཎི་གསུང་འདོན་གནང་བ་སོགས་གསུབ་ཐབས་མེད་པར་བརྟན་པོར་གནས་ཡོད། ལྷག་པར་ད་ཆ་དུས་ཚོད་འགྱུར་བགྲོས་ཕྱིན་པའི་མཚམས་ལ་རྒྱ་ནག་ནང་དུའང་སངས་རྒྱས་ཀྱི་བསྟན་པ་ལ་དོ་སྣང་བྱེད་བསྡད་ཀྱི་ཡོད་སྐོར་བཀའ་བསྩལ་སོང་།

ད་དུང་༸གང་ཉིད་མཆོག་གིས་བོད་བརྒྱུད་ནང་བསྟན་དེ་བཞིན་རིག་པ་དང་ལྡན་པ་དང་ཚན་རིག་དང་མཐུན་པ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། ང་ཚོ་ལུས་པོའི་ཆ་ནས་ཡུལ་གྱར་ཆགས་ཏེ་བསྡད་ཡོད་ཀྱང་བསམ་བློའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སེམས་ཐག་ཉེ་པོའི་ངང་བསྡད་ཡོད་པས། ཆོས་ཞུ་བ་སྤྱི་དང་ལྷག་པར་སློབ་གྲྭའི་ཕྲུ་གུ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གནང་ཏེ་ཧུར་ཐག་གནང་དགོས་པ་བཀའ་སྩལ་ཏེ། ༸གང་ཉིད་མཆོག་ད་ཆ་དགུང་ན་མཐོ་བོར་སླེབས་ཡོད་ཀྱང་ད་དུང་ལོ་བཅུ་ཕྲག་ལ་ཕལ་ཆེར་བཞུགས་རྒྱུ་ཡིན་པས་ཚང་མས་ཧུར་ཐག་གནང་དགོས་ཞེས་བཀའ་བསྩལ་སོང་།གཞི་རྩའི་འདས་པའི་ལོ་ངོ་གཉིས་ཙམ་གྱི་རིང་ནད་ཡམས་རྐྱེན་གྱིས་༸གོང་ས་མཆོག་གི་མཛད་འཆར་ཡོངས་དྲ་ཐོག་བརྒྱུད་བསྐྱངས་ཡོད་པ་དེ་ལྟར་ནའང་ད་ཆ་རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་ཇེ་བཟང་དུ་སོང་བར་བརྟེན་ད་རེས་དངོས་སུ་མང་ཚོགས་ལ་ཆོས་འབྲེལ་བསྐྱངས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་རིང་༸གང་ཉིད་མཆོག་གིས་སྐྱེས་རབས་གསུང་ཆོས་དང་སེམས་བསྐྱེད་སྡོམ་པ་འབོག་ཆོག་མཛད་དེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་ལེགས་པར་གྲུབ་མཚམས། མང་ཚོགས་ཁག་ཅིག་ལོ་གཉིས་ཀྱི་རྗེས་སུ་༸གང་ཉིད་མཆོག་གི་དྲུང་ནས་གསུང་ཆོས་ཞུ་རྒྱུ་བྱུང་བར་ཚོར་སྣང་བཅར་འདྲི་ཞུས་སྐབས། ཁོང་རྣམས་པས་དུས་ཡུན་རིང་པོ་ཞིག་གི་རྗེས་ནས་༸མགོན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བར་དགའ་བ་དཔག་མེད་དང་དེ་འབྲེལ་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་།

https://vot.org/wp-content/uploads/2022/03/Tsam1818.mp3Download

The post ང་སྐུ་འབུམ་ནས་ཡོང་བའི་བླ་མ་བདེ་ཐང་ངང་བསྡད་ཡོད་པས་ཁྱེད་རང་ཚོ་བློ་བདེ་པོ་གནང་རོགས་ཞེས་བཀའ་སྩལ་སོང་། first appeared on vot.

The post ང་སྐུ་འབུམ་ནས་ཡོང་བའི་བླ་མ་བདེ་ཐང་ངང་བསྡད་ཡོད་པས་ཁྱེད་རང་ཚོ་བློ་བདེ་པོ་གནང་རོགས་ཞེས་བཀའ་སྩལ་སོང་། appeared first on vot.

View Details

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་གཉིས་པའི་ལས་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠་དང་ ༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་། དེའི་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་བཅས་གནང་སྟེ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་གནང་སོང་།དེའང་དེ་རིང་སྔ་དྲོ་ཆོ་འཕྲུལ་དུས་ཆེན་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེས་ཀྱི་བཀའ་ཆོས་བཀྲིན་བསྐྱངས་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དེ་བཞིན་བཀའ་ཆོས་ཡོངས་སུ་གྲུབ་པའི་རྗེས་སུ་ཚོུད་ ༡༡།༣༠ ཐོག་དབུ་འཛུགས་གནང་བ་དང་། ཚོགས་དུས་དབུ་འཛུགས་ཀྱི་ཐོག་མར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དེ་རིང་༸གོང་ས་མཆོག་གིས་ལོ་གཉིས་ཙམ་གྱི་རྗེས་མང་ཚོགས་ལ་དངོས་སུ་བཀའ་ཆོས་སྩལ་བའི་སྐལ་བཟང་གི་དུས་ཚིགས་དེའི་ཐོག ༸གོང་ས་མཆོག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་ཐད་བོད་ཀྱི་ཆོས་དང་རིག་གཞུང་སྲོག་རྩ་ལྟ་བུ་ཡིན་པའི་བཀའ་སློབ་བསྐྱར་ནན་མཛད་པ་བཞིན། ང་ཚོའི་ངོས་ནས་ཀྱང་ནུས་པ་གང་ཡོད་ཀྱིས་ཧུར་ཐག་ཐོག་ནས་ལས་འགན་གཞི་རྒྱ་ཆེ་ཙམ་བཞེས་དགོས་པའི་ཞུ་སྐུལ་གནང་སོང་།དེ་རིང་གི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠་དང་ ༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་ཞུས་ཡོད་པ་ལྟར། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་གཙོ་བོ་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ལག་དེབ་ཐོག་འཕྲད་པའི་དཀའ་ངལ་ཁག་ཅིག་དང་། ཨོ་གླིང་དུ་བོད་མི་གཞིས་སྤོར་གྱི་གནད་དོན། དམག་ཟུར་རྣམ་པའི་བདེ་དོན། ལྷག་པར་སྐུའི་སྲུང་ཕྱྭ་སོགས་གལ་ཆེའི་གནད་དོན་འདྲ་མིན་ཁག་གཅིག་གི་ཐོག་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་།གཞན་ཡང་ཕྱི་དྲོའི་ཚོགས་དུས་ཐོག་སྲིད་སྐྱོང་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོག་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལགས་དང་བཅས་པའི་ཕྱི་ལོ་ ༢༠༢༠དང་༢༡ ལོའི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གནང་ཡོད་པ་ལྟར། སྐབས་དེར་སྤྱི་འཐུས་མི་ཉུང་བ་ཞིག་གིས་བཀའ་བློན་མཆོག་ལ་ཏོག་དབྱིབས་ཀྱི་གནས་སྟངས་ཁྲོད་མང་ཚོགས་ལ་སྔོན་འགོག་སྨན་ཁབ་རྒྱག་ཕྱོགས་ཐད་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ལ་དོགས་འདྲི་དང་། བོད་མིའི་ས་གནས་ཁག་ཏུ་སྨན་པ་འདང་ངེས་མེད་པའི་དཀའ་ངལ་དང་འབྲེལ་བའི་དྲི་བ་ཕུལ་མཁན་བྱུང་བ་མ་ཟད། སྐུའི་བླ་སྨན་པ་རྣམས་ལ་དམིགས་བསལ་ཆེ་མཐོང་དགོས་བའི་འབོད་སྐུལ་ཞུ་མཁན་ཡང་བྱུང་སོང་།དེ་དང་ཆབས་ཅིག ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་བ་ཡོངས་སུ་མཇུག་སྒྲིལ་གནང་ཡོད་པ་དང་། དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། ཐེངས་འདིའི་ཚོགས་དུས་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་ཅིག་དང་ལྷན་དུ་གཙོ་བོ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་ལྟར། གཙོ་བོ་གྲོས་ཆོད་ཀྱི་དགོངས་དོན་གཞིན་རྒྱ་ནག་གི་འགོ་ཁྲིད་དང་ལྷན་གྲོས་མོལ་གྱི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། ལྷག་པར་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་ཐུབ་པའི་གནས་བབ་ཅིག་བཟོ་ཐུབ་རྒྱུ་གལ་ཆེན་ཡིན་པ་བཅས་གྲོས་ཆོད་དེའི་གནད་འགག་སྐོར་ལ་འགྲེལ་བརྗོད་གནང་སོང་།ཕྱོགས་མཚུངས་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་དེ་བཀའ་ཤག་གོང་མའི་ལས་བསྡོམས་ལྟ་བུ་ཆགས་ཡོད་ཀྱང་། ལས་བསྡོམས་དེ་དག་བཀའ་ཤག་གསར་པར་ལས་དོན་རྒྱུན་འཁྱོངས་ཀྱི་གཞི་ལྟ་བུ་ཞིག་ཆགས་ཡོད་པའི་རེ་བ་དང་། བཀའ་ཤག་གོང་མའི་ཕྱག་ལས་རྣམས་གྲོས་ཚོགས་ཀྱི་དེབ་ཐེར་ནང་ལྷག་ཐུབ་པ་དང་མང་ཚོགས་ཀྱི་མཁྱེན་རྟོགས་ཐུབ་པའི་གནས་སྟངས་ཆགས་ཡོད་པའི་འགྲེལ་བརྗོད་གནང་སོང་།

རྩ་བའི་ཐེངས་འདིའི་གྲོས་ཚོགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་སྲིད་སྐྱོང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་པའི་ལམ་སྟོན་དང་།གཞན་ཡང་ཁྲིམས་ཞིབ་པ་ཆེ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་དངོས་དང་དྲ་ཐོག་བཅས་སུ་གོ་བསྡུར་དང་། ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་ཆེད་ཐབས་ཤེས་ཡོད་རྒུ་ཞུས་ཀྱང་། བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དོན་ཚན་ ༡ དང་ ༢ པ་གཉིས་སུ་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་འོས་མིའི་མཚན་གཞུང་ཞིག་འབུལ་ཐུབ་མ་སོང་ཞེས་གསུངས་བའི་ཡིག་ཆུང་ཞིག་འཆར་འབུལ་ཞུས་པ་བྱུང་ཡོད་པ་ལྟར།དེ་རིང་ཚོགས་གཙོ་མཆོག་གིས་གསུང་བཤད་ཁྲོད་རྒྱུན་ལས་དང་གོ་བསྡུར་སྒོ་ནས་བདུན་ཕྲག་རྗེས་མའི་ནང་འཚོགས་རྒྱུའི་སྔོན་རྩིས་གྲོས་ཚོགས་ཐོག་ལས་དོན་དེ་དག་ཐད་མཇུག་སྐྱོང་གང་གནང་མིན་བཀའ་བསྡུར་ཡོང་རྒྱུ་ཡིན་པར་གསུངས་ཡོད།

སྤྱིར་ལས་རིམ་ལྟར་ན། བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ནས་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་སྟེ་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་གནང་གི་ཡོད་པ་རེད།

https://vot.org/wp-content/uploads/2022/03/TSAM018.mp3Download

The post སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ། first appeared on vot.

The post སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ། appeared first on vot.

View Details

ཁ་སང་འདི་ག་རྒྱ་གར་བྱང་ཕྱོགས་ཀྱི་སྤུ་རུ་ཝ་ལའི་ས་སྐྱའི་མ་དགོན་དུ་བརྟན་བཞུགས་ཀྱིས་གཙོས་པའི་ཆོས་ཕྱོགས་ཀྱི་ཐོག་ནས་༸དཔལ་ས་སྐྱ་པའི་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་༸གོང་མ་ཁྲི་འཛིན་ ༤༣ པར་ཁྲི་སྟོན་མཛད་ཡོད་པ་དང་། དེ་རིང་སླར་ཡང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་དབུར་བཞུགས་ཐོག་སྤུ་རུ་ཝ་ལའི་རྩེད་ཐང་སྟེང་ཕྱི་ལུགས་ལྟར་མཛད་སྒོ་ཞིག་བསྐྱངས་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Rajender Vishwanath Arlekar མཆོག་གིས་སྐབས་དེར་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པར་ཁྲི་སྟོན་མཛད་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱ་གར་ནི་བྱམས་བརྩེ་ལྡན་པའི་གཞན་ཕན་ཀུན་སློང་གི་ལེགས་བྱང་ལ་ཡིད་ཆེས་བྱེད་མཁན་གྱི་རྒྱལ་ཁབ་ཞིག་དང་། རྒྱལ་ཁབ་འདིའི་ནང་ནས་ད་བར་སྙན་གྲགས་ཆེ་བའི་དགེ་བའི་བཤེས་གཉེན་དང་མཁས་པ་མང་པོ་དག་ཅིག་བྱུང་ཡོད་པ་དེ་དག་ཚང་མས་བསྟན་འགྲོའི་བདེ་དོན་ལ་སྨན་པའི་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད་པ་ལྟར། ད་རེས་སྐབས་སུ་བབ་པར་འཁོན་གདུང་རིན་པོ་ཆེ་མཆོག་༸གོང་མ་ཁྲི་འཛིན་ ༤༣ པའི་ཁྲི་སྟོན་མཛད་པ་དང་བསྟུན། སྐྱེ་འགྲོ་སྤྱིའི་དོན་དུ་ཞབས་འདེགས་རླབས་ཆེན་བསྒྲུབས་ཐུབ་པར་ཡིད་ཆེས་དང་སྨོན་འདུན་ཡོད་ཅེས་སོགས་གསུངས་སོང་།

དེ་རིང་ཕྱི་ལུགས་ཀྱི་ཁྲི་སྟོན་མཛད་སྒོ་ཐོག་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་༸གོང་མ་ཁྲི་འཛིན་ ༤༢ པ་མཆོག་དང་༸དཔལ་ས་སྐྱ་པའི་ཕོ་བྲང་གཉིས་ཀྱི་འཁོན་གདུང་རྣམ་པ། གཞན་ཡང་མཁན་བླ་སྤྲུལ་མང་དག་ཅིག་ཆེད་ཕེབས་གནང་ཡོད་པ་མ་ཟད། དམིགས་བསལ་སྐུ་མགྲོན་དུ་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ། སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་ཁག་གཅིག་དང་བཀའ་ཟུར་སོགས་གནད་ཡོད་མི་སྣ་གཙོས། ཕྱི་ནང་གི་དད་ལྡན་མང་ཚོགས་བཅས་སྟོང་ཕྲག་ལྷག་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་༸དཔལ་ས་སྐྱ་པའི་འཁོན་གདུང་གོང་མ་ཁྲི་ཆེན་ ༤༢ པ་རཏྣ་བ་ཛྲ་རིན་པོ་ཆེ་མཆོག་ནས་༸གོང་མ་ཁྲི་ཆེན་ ༤༣ པ་མཆོག་ལ་ཁྲི་པའི་ཕྱག་ཐམ་དགྱེས་སྩལ་གནང་སོང་། ༸དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་སྐབས་དེར་རིན་པོ་༸གང་ཉིད་ལ་མཆོག་ལ་ཁྲི་འཛིན་གྱི་ཐུགས་འགན་བཞེས་རྒྱུའི་མཁྱེན་བརྩེ་ནུས་གསུམ་གྱི་སྐུ་ཡོན་རྒྱས་པ་མེད་པ་དེ་ལྟར་ནའང་། རྩ་བའི་བླ་མ་རྣམས་ཀྱི་བཀའ་མ་ལྡོག་པར་བསྟན་པ་སྤྱི་དང་བྱེ་བྲག་སྨན་པའི་ཐུགས་འགན་བཞེས་ཐུབ་པའི་ཐུགས་རེ་གནང་དོན་ལྟར་ཁྲི་འཛིན་གྱི་ཐུགས་འགན་དང་བཞེས་མཛད་ཡོད་སྐོར་སོགས་བཀའ་སྩལ་སོང་།

སྐབས་དེར་༸གོང་མ་ཁྲི་འཛིན་ ༤༢ པ་མཆོག་གིས་ཀྱང་༸དཔལ་ས་སྐྱའི་རིས་མེད་བསྟན་བདག་རྣམ་པས་ད་བར་དགོས་ངེས་ཀྱི་གང་ཅིའི་མཐུན་འགྱུར་གནང་བར་བཀྲིན་རྗེས་དྲན་གནང་བ་དང་། ལྷག་པར་དུ་ད་ལྟའི་ཁྲི་འཛིན་ ༤༣ པའི་སྐུ་ཡོན་རྒྱས་པོ་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས་ཏེ་རིན་པོ་ཆེ་༸གང་ཉིད་མཆོག་ལ་ཁྲི་པའི་ཐུགས་འགན་གྱི་སྐུ་དབང་རྩིས་འབུལ་ཞུ་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་སོགས་བཀའ་སྩལ་ཡོད་པ་རེད།

ཁྲི་སྟོན་གྱི་མཛད་སྒོའི་ཐོག་ད་དུང་དམིགས་བསལ་སྐུ་མགྲོན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་སྐུ་ངོ་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་ཆེད་ཕེབས་གནང་ཡོད་པ་ལྟར། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲི་སྟོན་མཛད་སྒོར་སྩལ་བའི་གསུང་འཕྲིན་སྙན་སྒྲོན་གནང་སོང་།

དེ་རིང་གིོ་ཁྲི་སྟོན་མཛད་སྒོའི་ཐོག་ད་དུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་མཆོག་ནས་བཀའ་ཤག་གི་གསུངས་འཕྲིན་སྙན་སྒྲོན་གནང་བ་དང་དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྙན་སྒྲོན་གནང་ཡོད་པ་རེད།

མཛད་སྒོའི་ཐོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཐོག་མར་འཁོད་གདུང་གི་ཁྲི་སྟོན་མཛད་སྒོར་ཆེད་ཕེབས་གནང་བའི་སྐུ་མགྲོན་དང་མང་ཚོགས་ཀུན་ལ་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། གདུང་སྲས་རྣམ་པའི་ངོས་ནས་ཁྲི་འཛིན་གྱི་ཐུགས་འགན་བཞེས་ཕྱོགས་ཀྱི་ལམ་སྲོལ་ལ་བསྒྱུར་བཅོས་མཛད་པའི་དགོས་དམིགས་དང་དེའི་དགེ་མཚན་སོགས་ངོ་སྤྲོད་མཛད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀྲིན་ཆེན་པོ་ཇི་ཙམ་ཆགས་ཀྱི་ཡོད་པ་དྲན་སྐུལ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གི་བཀའ་སྩལ་གང་གནང་བ་ལྟར་ང་ཚོའི་ངོས་ནས་དེ་ལྟར་ཞུ་གལ་ཡིན་པར་ལམ་སྟོན་མཛད་སོང་།

https://vot.org/wp-content/uploads/2022/03/Governer-Of-Himachal-Presided-Over-Sakya-Enthronement-Ceremony..mp3Download

The post ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་དབུ་བཞུགས་ཐོག་༸དཔལ་ས་སྐྱ་པའི་འཁོན་གདུང་གོང་མ་ཁྲི་འཛིན་༤༣ པའི་ཕྱི་ལུགས་ཀྱི་ཁྲི་སྟོན་མཛད་སྒོ་ཚོགས་པ། first appeared on vot.

The post ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་དབུ་བཞུགས་ཐོག་༸དཔལ་ས་སྐྱ་པའི་འཁོན་གདུང་གོང་མ་ཁྲི་འཛིན་༤༣ པའི་ཕྱི་ལུགས་ཀྱི་ཁྲི་སྟོན་མཛད་སྒོ་ཚོགས་པ། appeared first on vot.

View Details

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་ཐོག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་ནས་བཀའ་ཤག་གོང་མའི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་སྦྲགས། སྤྱི་འཐུས་ ༡༣ ཙམ་ནས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གི་ཆ་ཤས་བླངས་བའི་ཁྲོད་ནད་ཡམས་ཁྲོད་འཐུས་ཤོར་ཕྱིན་པའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་བསྐྱོན་རྒྱུའི་འབོད་སྐུལ་ཞུས་སོང་།

དེ་ཡང་དེ་རིང་གི་བགྲོ་གླེང་གི་ལས་རིམ་ཐོག་དགེ་རྒན་གྱི་གསོལ་ཕོགས་ཆ་སྙོམས་དགོས་པ་དང་སློབ་གྲྭ་ཟླ་སྒྲིལ་ཐད་ད་ལྟའི་བཀའ་ཤག་གི་སྲིད་བྱུས་གང་འདྲ་འཛིན་བཞིན་པ་དང་། ནད་ཡམས་ཁྲོད་བོད་ཕྲུག་ཚོར་སློབ་སྦྱོང་ཐོག་འཐུས་ཤོར་ཕྱིན་ཡོད་པ་སོགས་ཀྱི་གནད་དོན་སྐོར་བགྲོ་གླེང་བྱུང་ཡོད། དེའི་ཁྲོད་སྤྱི་འཐུས་ཁག་ཅིག་གིས་སློབ་གྲྭ་ཁག་ཏུ་གསོལ་ཕོགས་དང་མཐུན་རྐྱེན་མ་འདང་བའི་རྐྱེན་གྱིས་དགེ་རྒན་རྣམས་རྒྱུན་གནས་མ་ཐུབ་པའི་དཀའ་ངལ་འཕྲད་པའི་སྐོར་དང་། དེ་བཞིན་སློབ་མ་གྲངས་འབོར་གོང་འཕེལ་གནང་དགོས་གལ་དང་དེ་མིན་སློབ་གྲྭ་སྒོ་བརྒྱབ་པ་སོགས་གནང་ན་འགྲིག་གི་མེད་པའི་དགོངས་ཚུལ་འདོན་མཁན་བྱུང་སོང་བ་དང་། དེར་ཤེས་རིག་བཀའ་བློན་མཆོག་གིས། སློབ་གྲྭར་དགེ་རྒན་སྤུས་དག་དགོས་གལ་ངོས་འཛིན་དང་སྦྲགས་དེ་འབྲེལ་ཐད་དགོངས་འཆར་གནང་བ་གཞིར་བཟུང་ལག་ལེན་འཁེལ་བ་གནང་གི་ཡིན་གསུངས་སོང་ལ། སློབ་གྲྭ་ཟླ་སྒྲིལ་གཏོང་དགོས་པ་དེ་ཡང་གནས་སྟངས་ཀྱི་ཆ་ནས་དེ་ལྟར་གནང་དགོས་བྱུང་སྐོར་གསུངས་སོང་ལ།དེ་བཞིན་སྤྱི་འཐུས་གཅིག་གིས་ནད་ཡམས་ཁྲོད་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཚོའི་ཤེས་ཡོན་དང་འབྲེལ་དྲ་ཐོག་བརྒྱུད་སློབ་ཁྲིད་སོགས་གནང་ཡོད་ཀྱང་སློབ་གྲྭ་ཁྱོན་ཡོངས་ཀྱི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་འཐུས་ཤོར་ཕྱིན་ཡོད་པས། ད་ཆ་སློབ་གྲྭ་ཁག་འགོ་འཛུགས་གནང་ཡོད་དུས་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་སྐྱོན་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་བ་ལྟར། ཤེས་རིག་བཀའ་བློན་མཆོག་གིས་ནད་ཡམས་ཁྲོད་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་མ་ཐུབ་པའི་རྐྱེན་དེར་བརྒྱ་ཆ་སྤྲོད་ཕྱོགས་འགྲེལ་བརྗོད་དང་འབྲེལ། དེར་འབྲེལ་གྲུབ་འབྲས་ཧ་སངས་དགོས་པ་ཐོན་ཡོད་ཀྱང་གྲུབ་འབྲས་ཐོན་པ་གཞིར་བཟུང་དེ་ལྟར་གྱི་གནས་ཚད་བྱུང་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་མེད་སྟབས། དེའི་ཐོག་སློབ་གྲྭ་ཁག་ནས་ངེས་པར་དུ་འཐུས་ཤོར་ཕྱིན་པ་དེ་གུན་གསབ་བྱེད་ཐུབ་རྒྱུར་གནད་འགག་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

མ་ཟད། བགྲོ་གླེང་ཐོག་སྤྱི་འཐུས་ཁག་ཅིག་གིས་ལྡི་ལིར་རྟེན་གཞི་བྱས་པའི་ JNU གཙུག་ལག་སློབ་ཁང་དུ་བོད་ཕྲུག་ཚོ་ཕྱིའི་རྒྱལ་ཁབ་ཀྱི་སློབ་མའི་ཁོངས་སུ་བཅུག་ནས་སློབ་ཡོན་སྤར་བའི་རྐྱེན་གྱིས་དཀའ་ངལ་འཕྲད་འཕྲད་བཞིན

པས། དེ་འབྲེལ་དཀའ་ངལ་སེལ་བར་འབད་བརྩོན་གནང་དགོས་གལ་གསུངས་པར། ཤེས་རིག་བཀའ་བློན་མཆོག་གིས་དེར་འབྲེལ་ཐད་དཀའ་ངལ་སེལ་བར་འབྲེལ་ཡོད་ཚོ་དང་ལྷན་ཐུག་འཕྲད་ཀྱིས་ཐབས་ཤེས་གང་ཐུབ་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་།

གཞན་ཡང་ད་རེས་ཀྱི་བགྲོ་གླེང་ཐོག་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་བ་དང་ལྷན་སློབ་གྲྭ་ཁག་ནང་ཧི་མ་ལ་ཡ་དང་ཡུལ་མིའི་སློབ་ཕྲུག་གི་གྲངས་འབོར་བརྒྱ་ཆ་དེ་གང་ལ་གང་ཙམ་མང་པོ་ཆགས་ཡོད་སྟབས། སློབ་གྲྭ་ཐ་དད་དགོས་སྐོར་གྱི་དགོངས་ཚུལ་གསུངས་མཁན་ཡང་བྱུང་སོང་། ད་རེས་ཉིན་རྒྱབ་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གྲུབ་མཚམས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་༢༡ ལོའི་ལོ་འཁོར་ལས་བསྡོམས་ཐོག་ལ་ཕེབས་སོང་།

https://vot.org/wp-content/uploads/2022/03/TSAM1717.mp3Download

The post ནད་ཡམས་ཁྲོད་འཐུས་ཤོར་ཕྱིན་པའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་བསྐྱོན་རྒྱུའི་འབོད་སྐུལ། first appeared on vot.

The post ནད་ཡམས་ཁྲོད་འཐུས་ཤོར་ཕྱིན་པའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་སྔར་ལྷག་ཤུགས་བསྐྱོན་རྒྱུའི་འབོད་སྐུལ། appeared first on vot.

View Details

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཟླ་བ་འདིའི་ཚེས་ ༡༨ དེ་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩོལ་རྒྱུ་ཐུགས་གཏན་འཁེལ་འདུགདེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་སྔ་དྲོ་ཡོང་ཁྱབ་གསལ་བསྒྲགས་སྤེལ་བར་གཞིགས་ན། ༸གོང་ས་མཆོག་གིས་དེ་ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༨ པ་ཡས་མས་སུ་ཆོས་འབྲེལ་དབུ་འཛུགས་མཛད་རྒྱུ་དང་། གསུང་ཆོས་སྐབས་ཆོས་ཞུ་བ་རྣམས་ཀྱིས་ངེས་པར་དུ་ཁ་རས་གྱོན་དགོས་པའི་ལམ་སྟོན་མཛད་འདུག

གཞི་རྩའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་འདས་པའི་ལོ་གཉིས་ཙམ་གྱི་རིང་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་ཀུན་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ངལ་བ་ཆེས་ཆེར་འཕྲད་པའི་ཁྲོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཡོངས་རྫོགས་དྲ་ཐོག་བརྒྱུད་ནས་སྐྱོང་བཞིན་ཡོད་པ་མ་ཟད། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་དབུ་འཁྲིད་ཁག་ཅིག་མ་གཏོགས་ཕྱི་ནང་གི་གནད་ཡོད་མི་སྣ་ཚོ་ལའང་དྲ་ཐོག་བརྒྱུད་ནས་མཇལ་མོལ་མཛད་བཞིན་ཡོད་པ་རེད།

ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཇེ་ཆུང་དུ་ཕྱིན་ནས། འཛམ་གླིང་རྒྱལ་ཁབ་མང་པོས་ཁྱིམ་སྡོད་བཀག་རྒྱ་ལྷོད་ཡངས་གནང་སྟེ་རྒྱལ་མཚམས་སྒོ་འབྱེད་སོགས་གནང་མུས་ཡིན་པ་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཡང་འདས་པའི་ལོ་གཉིས་ཙམ་གྱི་རིང་སྒོ་བརྒྱབ་ནས་བཞག་ཡོད་ཀྱང་། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་གནམ་ལོ་གསར་བཞད་ཀྱི་ཚེས་གཅིག་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣ ཉིན་ནས་བཟུང་སླར་ཡང་སྒོ་ཕྱེས་ཡོད་པ་དང་། ཐེངས་འདིའི་ཆོས་འབྲེལ་གྱི་མཛད་འཆར་དེའང་༸གོང་ས་མཆོག་གིས་ལོ་གཉིས་ཙམ་གྱི་རྗེས་མང་ཚོགས་དངོས་སུ་མཇལ་འཕྲད་ཀྱིས་ཆོས་འབྲེལ་སྩལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

The post ༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་སྩོལ་རྒྱུ། first appeared on vot.

The post ༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་གསུང་ཆོས་སྩོལ་རྒྱུ། appeared first on vot.

View Details

ཁ་སང་ཉིན་རྒྱབ་ཀྱི་གྲོས་ཚོགས་ཚོགས་དུས་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོག་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གོང་མའི་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་ལས་བསྡོམས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་སྦྲགས། དེ་རྗེས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བླངས་ཡོད་པ་དང་། བགྲོ་གླེང་ལས་རིམ་ཐོག་སྤྱི་འཐུས་རྣམ་པས་ཉམ་ཐག་དང་གསར་འབྱོར་ལ་སྡོད་ཁང་སོགས་ཀྱི་ཐད་ནང་སྲིད་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་།དེ་ཡང་ཁ་སང་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཉིན་རྒྱབ་དང་དེ་རིང་ལས་ཉིན་གསུམ་པའི་སྔ་དྲོའི་དུས་ཡུན་རིང་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་ ༡༤ ཙམ་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་བགྲོ་གླེང་ལྷུག་པོ་གནང་ཡོད། སྤྱི་འཐུས་ཁག་ཅིག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ཉམ་ཐག་ཞིབ་འཇུག་ཚད་ལྡན་ཞིག་གནང་དགོས་པའི་སྐོར་དགོངས་ཚུལ་དང་། དེ་བཞིན་སྒྲིག་འཛུགས་ནས་ཉམ་ཐག་གི་ཚད་འཛིན་ས་དེ་ག་རེ་ཆགས་མིན་གྱི་དྲི་བ་སོགས་ཕུལ སོང་བ་དང་། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་ཉམ་ཐག་ཞིབ་འཇུག་སླད་སྒྲིག་འཛུགས་ནས་ནང་འཕྲོད་ཤེས་གསུམ་གྱི་གནས་རིམ་མཐོ་བའི་ལས་བྱེད་རེར་ས་གནས་ནང་ཕེབས་ནས་ཞིབ་འཇུག་གནང་དགོས་པར་མངགས་པ་ལྟར། ད་བར་ལྷོ་ཕྱོགས་གཞིས་ཆགས་ལྔ་དང་ཧི་མ་ཅལ་ཁུལ་དུ་ཕེབས་ཟིན་པ་དང་། རིང་མིན་བྱང་ཤར་ཁུལ་དུ་ཕེབས་རྒྱུ་ཡིན་པས། རིམ་བཞིན་དེར་འབྲེལ་ཐད་ཞིབ་འཇུག་ཟིན་པའི་རྗེས་ཉམ་ཐག་ཞིབ་འཇུག་གི་སྙན་ཐོ་གྲོས་ཚོགས་ལ་འབུལ་ཐུབ་པ་གནང་གི་ཡིན་ཞེས་གསུངས་སོང་།དེ་བཞིན་གསར་འབྱོར་ཚོར་སྡོད་ཁང་དང་འབྲེལ་བགྲོ་གླེང་ཁག་ཅིག་བྱུང་བ་དང་སྐབས་དེར་སྤྱི་འཐུས་རྣམ་པས་ལྡེ་ར་ལྡུན་དུ་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་མཚན་གཞུང་ནང་ཡོད་པའི་མི་གྲངས་ ༡༠༨ ལ་སྡོད་ཁང་གི་སྐུ་ངལ་འཕྲད་པ་དེར་དགོངས་པ་བཞེས་སྐྱོང་ཡོང་བ་དང་། ཕྱོགས་མཚུངས་ནོར་བུ་གླིང་ཁའི་ཆོལ་གསུམ་གསར་འབྱོར་ཚོའི་བདེ་སྡུག་སྙན་གསེང་དང་། ལྷག་པར་འཛིན་སྐྱོང་ནས་རྗེས་འབྱོར་ཚོར་དམིགས་སུ་བཀར་ནས་སྡོད་ཁང་གནང་རོགས་ཞེས་གསུངས་སོང་། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་སྡོད་ཁང་དང་འབྲེལ་ལས་དོན་གནང་ཟིན་པ་ཁག་འགྲེལ་བརྗོད་དང་སྦྲགས། སྐབས་ ༡༦ ནས་སྡོད་ཁང་དང་འབྲེལ་རྒྱ་ཆེ་ས་ནས་འཆར་གཞི་ལྡན་པའི་ཐོག་ནས་ལས་གཞི་སྒྲིག་རྒྱུ་ཡིན་པ་མ་ཟད། འདི་ལོའི་སྔོན་རྩིས་ནང་སྡོད་ཁང་སྤྲོད་ས་དང་སྤྲོད་ཡུལ་གྱི་ས་ཆ་མཁོ་སྒྲུབ་བྱེད་ཆེད་དུ་སྔོན་རྩིས་བཀའ་ཁྲོལ་ཞུས་ཡོད་སྐོར་གསུངས་སོང་།གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་བལ་ཡུལ་ནང་གི་བོད་མི་ཚོར་གནས་སྡོད་ཆོག་པའི་ཡིག་ཆ་མེད་པའི་དཀའ་ངལ་སྐོར་གླེང་བ་དང་སྦྲགས་དེའི་ཐད་དགོངས་པ་ག་རེ་བཞེས་ཡོད་མིན་དང་། དེ་བཞིན་བཀའ་ཤག་ངོས་ནས་བལ་ཡུལ་གཞུང་དང་འབྲེལ་བ་གནང་དགོས་གལ་སོགས་ཀྱི་སྐོར་དགོངས་ཚུལ་བཏོན་པར། ནང་སྲིད་བཀའ་བློན་མཆོག་གིས་བལ་ཡུལ་གཞུང་ལ་བཀའ་ཤག་ངོས་ནས་འབྲེལ་བ་གནང་འདོད་ཡོད་སྐོར་དང་། ལྷག་པར་ཁ་ཚ་དགོས་གཏུགས་ཀྱིས་ ཁྱིམ་མཚེས་རྒྱལ་ཁབ་ཚོར་འབྲེལ་བ་གནང་འགོ་བཙུགས་ཟིན་པ་དང་། དེ་བཞིན་ཡིག་ཆ་དང་འབྲེལ་བའི་གནད་དོན་ཐད། བོད་མིའི་སྒྲིག་འཛུགས་ཁོ་ན་མིན་པར་ས་གནས་ནས་ཀྱང་འགན་བཞེས་ཀྱི་ཡོད་པ་དང་། དེ་མིན་རྒྱལ་ཁབ་གཞན་ཚོས་ཐབས་ཤེས་གནང་གི་ཡོད་པའི་ལན་བྱུང་གི་ཡོད་པ་དང་བལ་ཡུལ་ནང་དཀའ་ངལ་སེལ་རྒྱུའི་རེ་བ་ཡོད་ཅེས་གསུངས་མཁན་ཡོང་གི་འདུག་སྐོར་གསུངས་སོང་།ད་དུང་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་ཅིག་གིས་ཉེ་སྔོན་ཨམ་བྷ་ལའི་བོད་མིའི་སུད་ཚོང་ལ་མེ་སྐྱོན་བྱུང་སྐབས། དེའི་ཐོག་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་ཀྱང་དེ་ལྟར་གནང་ཐུབ་མེད་པའི་ཚོར་སྣང་བྱུང་བ་མ་ཟད། ནང་སྲིད་ནས་དེའི་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་གནང་ཐུབ་མེད་པ་དེ་འཐུས་ཤོར་ཆེན་པོ་ཞིག་ལ་གཟིགས་ཀྱི་ཡོད་སྟབས། སླད་མར་འཛིན་སྐྱོང་ནས་དེའི་ཐད་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་སྐོར་གྱི་དགོངས་ཚུལ་གསུངས་མཁན་བྱུང་བ་ལྟར། ནང་སྲིད་བཀའ་བློན་མཆོག་ནས་གནད་དོན་དེའི་ཐོག་ནང་སྲིད་ལས་ཁུངས་ནས་ཐུགས་འགན་བཞེས་ཡོད་པ་དང་མ་འོངས་པར་རོགས་རམ་གྱི་བརྒྱུད་རིམ་ཚད་ལྡན་བཟོ་དགོས་གལ་དང་སྒྲིག་འཛུགས་ནས་ཀྱང་དེ་འབྲེལ་འགྲོ་ལུགས་འགྲོ་སྟངས་ཚད་ལྡན་ཞིག་བཟོ་བར་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།ད་རེས་ཀྱི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཐོག་བསྐྱར་ཞིབ་སླད་རྒྱ་གར་གཞུང་ལ་ཞུ་དགོས་གལ་དང་། རིས་མེད་གྲྭ་བཙུན་རྣམས་ལ་སྐད་ཡིག་གཞན་སྦྱོང་རྒྱུའི་མཐུན་རྐྱེན་སྦྱོར་ཐབས། དྭང་ཟུར་ཉམ་ཐག་རོགས་སྐྱོར་ལས་གཞི། བུན་གཏོང་ལས་འཆར་སོགས་ཀྱི་སྐོར་གླེང་སློང་བྱུང་སོང་།

https://vot.org/wp-content/uploads/2022/03/TSAM1616.mp3Download

The post ཉམ་ཐག་དང་གསར་འབྱོར་ལ་སྡོད་ཁང་ཐད་ནང་སྲིད་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་། first appeared on vot.

The post ཉམ་ཐག་དང་གསར་འབྱོར་ལ་སྡོད་ཁང་ཐད་ནང་སྲིད་བཀའ་བློན་མཆོག་ལ་དྲི་རྩད་ནན་པོ་གནང་སོང་། appeared first on vot.

View Details

དེ་ཡང་དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤུར་ཝ་ལའི་ནང་རྟེན་གཞི་བྱས་པའི་༸དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་ས་ངོར་ཚར་རྫོང་བཞིའི་བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་ཕྱི་ནང་གི་སྐུ་མགྲོན་དུ་མའི་ཁྲོད་༸དཔལ་ས་སྐྱའི་ འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པར་གསེར་ཁྲི་མངའ་གསོལ་མཛད་ཡོད་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༦ ནས་༸དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བ་ཛྲ་མཆོག་གིས་དབུས་པའི་བླ་ཆེན་རྣམ་པ། བླ་སྤྲུལ་དང་མཁན་པོ། དེ་བཞིན་དགེ་འདུན་རྣམས་ནས་ཆུ་ཚོད་ ༨ བར་བརྟན་བཞུགས་ཀྱི་སྒྲུབ་ཞག་གནང་ཡོད་པ་དང་། དེ་རྗེས་ཆུ་ཚོད་ ༨༌༣༠ ཐོག་ས་ངོར་ཚར་རྫོང་བཞིའི་བསྟན་བདག་བླ་ཆེན་རྣམ་པ་དབུས་བླ་སྤྲུལ་མཁན་གསུམ་དང་། དགེ་འདུན་པ། དེ་བཞིན་སྐུ་མགྲོན་རྣམ་པ་བཅས་མ་དགོན་གྱི་འདུ་ཁང་དུ་༸ཞབས་སོར་འཁོད་བསྟུན། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ། གཞན་ཡང་གནད་ཡོད་མི་སྣ་ཁག་ཅིག་གིས་སྤྱན་བརྒྱ་སྤོས་སྣའི་སྔོན་བསུས་པ་དང་། ཆོས་ཕྱོགས་ཀྱི་གདུང་རྒྱ་རྔ་གླིང་། མི་མང་གི་རྒྱལ་གཞས། བཀྲིས་ཞོལ་པ་སོགས་ཀྱི་ཐོག་ནས་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༣པ་ཆེན་པོ་མཆོག་སྒྲོལ་མ་ཕོ་བྲང་ནས་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་བཤད་གྲྭའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཡོད་པ་རེད།

དེ་རྗེས་༸སྐྱབས་མགོན་༸གོང་མ་ཁྲི་མཛིན་ ༤༣ ཛ་ན་བཛྲ་རིན་པོ་ཆེ་མཆོག་ནས་ཐོག་མར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ པ་མཆོག དེ་བཞིན་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་མཆོག་བཅས་རྣམ་པ་གསུམ་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྦྲགས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོ་པོར་བཞུགས་སུ་གསོལ་བསྟུན། ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་དང་འཁོན་གདུང་ཨ་བྷི་ཀྲི་ཏ་རིན་པོ་ཆེ་མཆོག་གིས་ཁྲི་འཛིན་གོང་མ་ ༤༣ མཆོག་ལ་སྐུ་། གསུང་། ཐུགས། ཡོན་ཏན། འཕྲིན་ལས་བཅས་འདེགས་འབུལ་ཞུས་ཡོད་པ་རེད།

དེ་རྗེས་རིམ་པས་༸དཔའ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། ས་སྐྱའི་སྤྱི་འཐུས་རྣམ་གཉིས་ཀྱིས་དབུས་པའི་སྤྱི་འཐུས་ཁག་གཅིག་དང་། ས་སྐྱའི་ཡན་ལག་དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན་གཉུག་མར་གནས་པའི་བོད་མི་རྣམས་ཀྱིས་གཙོས་པའི་ཧི་མཱ་ལ་ཡའི་མི་རིགས་དང་། ཕྱི་རྒྱལ་མི་རིགས་ཁག་གཅིག་བཅས་ནས་བརྟེན་བཞུགས་འདེགས་འབུལ་ཞུས་སོང་དོན་ལྟར། སྐབས་དེར་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་ཀྱང་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་གནང་ཡོད།

གཞི་རྩའི་ཁྲི་སྟོན་གྱི་མཛད་སྒོ་དེ་ཉིན་གྲངས་གཉིས་རིང་གནང་གི་ཡོད་པ་དང་། དེ་རིང་བརྟེན་བཞུགས་དངོས་ཀྱི་ཆ་གོ་དབུ་འཛུགས་དང་འབྲེལ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་མཛད་སྒོ་བསྐྱངས་ཡོད་པ་དང་། སང་ཉིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ལ་ཁྲི་འཛིན་ ༤༢ མཆོག་ནས་ཁྲི་པའི་ཕྱག་ཐམ་དགྱེས་སྩལ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེ་སྙན་སྒྲོན་དང་། དེ་བཞིན་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྙན་སྒྲོན་གནང་རྒྱུ་སོགས་ཀྱི་མཛད་འཆར་འདུག།

https://vot.org/wp-content/uploads/2022/03/Enthronement-Ceremony-of-43rd-Sakya-Trizin.mp3Download

The post ༸དཔལ་ས་སྐྱའི་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་གོང་མ་ ༤༣ པར་ཁྲི་སྟོན་མཛད་སོང་། first appeared on vot.

The post ༸དཔལ་ས་སྐྱའི་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་གོང་མ་ ༤༣ པར་ཁྲི་སྟོན་མཛད་སོང་། appeared first on vot.

View Details

དེ་རིང་སྔ་དྲོ། བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་གི་ལས་གཞི་བཙུགས་ནས་མི་ལོ་ཉི་ཤུ་ལྷག་ཕྱིན་པའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཏེ། ཚན་རིག་གི་ལས་གཞི་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རླབས་ཆེན་ཁྲོད་ཀྱི་གཅིག་ཡིན་པར་གསུངས་སོང་།ཚན་རིག་ལས་གཞི་གསར་འཛུགས་ཀྱི་མཛད་སྒོའི་ཐོག སྐུ་མགྲོན་གྱི་གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་སྤྱི་ཁྱབ་པ་འཆི་མེད་རིག་འཛིན་ལགས་དང་། དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་གཞིའི་ལག་བསྟར་འགན་འཛིན་ཀརྨ་ཐུབ་བསྟན་ལགས། དཔེ་མཛོད་ཁང་གི་འགན་འཛིན་དང་སྐུའི་གསུང་སྒྱུར་བ་ཟུར་བ་དགེ་བཤེས་ལྷག་རྡོར་ལགས་བཅས་ཀྱི་དབུ་བཞུགས་ཀྱི་ཐོག སེར་འབྲས་དགའ་གསུམ་གྱི་མཚོན་པའི་གྲྭ་བཙུན་དགོན་སྡེ་ཁག་བཅུ་ཙམ་ནས་རྡུལ་གྱི་གསང་བ་ཞེས་པའི་ཚན་རིག་གི་འགྲེམས་སྟོན་གོ་སྒྲིག་པའི་གྲྭ་བཙུན་གྲངས་ཉི་ཤུ་མ་ཟིན་ཙམ་གྱིས་མཉམ་ཞུགས་གནང་སོང་།སྐབས་དེར། དགེ་བཤེས་ལྷག་རྡོར་ལགས་ཀྱིས། ༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གྱི་འོག་ནས་ཐོག་མར་ཕྱི་ལོ ༡༩༧༠ ལོར་བོད་ཀྱི་དཔེ་མཛོད་ཁང་དེ་གསར་འཛུགས་གནང་བ་བཞིན། མགོན་པ་གང་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་ཉག་གཅིག་གི་འོག་ནས་དཔེ་མཛོད་ཁང་གི་ལས་གཞིའི་ཁོངས་སུ་ཚན་རིག་གི་ལས་འཆར་ཡང་གསར་འཛུགས་ཐུབ་པ་བྱུང་ཡོད་པ་དང་འབྲེལ་ནས། མགོན་པོ་གང་ཉིད་ཀྱིས་དེ་སྔོན་ཚན་རིག་གི་ལས་གཞི་དེ་གང་ཉིད་མཆོག་གཅིག་པོའི་ཐུགས་འདོད་ཙམ་མིན་པར། རང་རེའི་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་བའི་གནས་བབ་དེ་ཡང་མཐར་དེད་ན་དེང་རབས་ལ་དོ་སྣང་གནང་མ་ཐུབ་པར་བརྟེན་ནས་བྱུང་བ་ཞིག་ཡིན་པར་གསུངས་ཡོད་པ་ལུང་འདྲེན་གྱིས། ཚན་རིག་གི་ལས་འཆར་དེར་གཞི་རྒྱ་ཆེ་བའི་འགྲེལ་སྟངས་སྣ་མང་ཡོད་ཀྱང་། རྒྱ་ཆུང་ས་ནས་མི་སྒེར་གྱི་འཕྲོད་བསྟེན་གྱི་གནས་བབ་ཀྱང་མཐར་དེད་ན་ཚན་རིག་ལ་དོ་སྣང་ཡོད་མེད་ལ་རག་ལས་པ་ཞིག་ཡིན་པར་གསུངས་སོང་། དེ་བཞིན་སྐབས་དེར་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས། ༸གོང་ས་སྐྱབས་མཆོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་དག་ཕུགས་རྒྱང་རིང་པོར་ཐུགས་བསམ་བཞེས་ཡོད་པ་ཞིག་ཡིན་སྟབས་གདན་ས་ཁག་གི་དགེ་འདུན་པ་རྣམས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་ཞོར་དུ་ཚན་རིག་ལ་ཐུགས་སྣང་གནང་བཞིན་པ་དེ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་གི་སྐུ་ཡི་སྐུ་ཚབ་དང་དང་གསུང་གི་གསུང་ཚབ། དེ་བཞིན་ཐུགས་ཀྱི་ཐུགས་ཚབ་དེ་གདན་ས་ཁག་གི་དགེ་འདུན་པ་རྣམས་ཆགས་ཡོད་དུས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་ཐོག་ནས་སློབ་སྦྱོང་གནང་མཁན་གྱི་གྲྭ་བཙུན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་། དེ་བཞིན་སྐབས་དེར། དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་གཞིའི་ཞེས་པའི་ལག་བསྟར་འགན་འཛིན་ཀརྨ་ཐུབ་བསྟན་ལགས་ཀྱིས་འདས་བའི་མི་ལོ་ཉི་ཤུ་ལྷག་ལ་ཚན་རིག་གི་ལས་གཞི་སྣ་མང་སྤེལ་བའི་འོག་ནས། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་བོད་ཀྱི་དགེ་འདུན་པ་རྣམས་ཀྱིས་ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་དང་དཔྱད་གླེང་བྱེད་ཐུབ་པ་ཞིག་ཆགས་ཡོད་པར་ངོ་སྤྲོད་ཀྱིས། བཙན་བྱོལ་གྱི་ནང་དུ་ལེགས་ཚོགས་ཀུན་གྱི་འབྱུང་རྩ་དེ་༸གོང་ས་སྐྱབས་མགོན་ཆེན་པོ་ཉག་གཅིག་ཡིན་པར་ལུང་འདྲེན་གྱིས། ཐ་ན་སྐྱབས་མགོན་རིན་པོ་ཆེར་མཚན་སྨོད་ཞུ་མཁན་དེ་དག་ཀྱང་མགོན་པོ་གང་ཉིད་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ལྟོ་ཟ་བཞིན་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལས་འཆར་དེ་ཕྱི་ལོ་ ༢༠༠༠ ལོར་བཙུགས་ནས་ད་ལོར་ལོ་ངོ་ཉེར་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། འདས་བའི་ལོ་ངོ་གཉིས་ཀྱི་ནང་དུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱིས་མི་ཚོགས་བསྡུ་སྐོང་བྱེད་ཐབས་མེད་རྐྱེན་དུས་ཐོག་ཏུ་མི་ལོ་ཉི་ཤུའི་དུས་དྲན་སྲུང་བརྩི་ཞུ་ཐུབ་མེད་ཀྱང་། སྐབས་འདིར་བོད་ཀྱི་དཔེ་མཛོད་ཁང་གི་གི་ཚན་རིག་ལས་འཆར་གྱི་སྤྱིན་བདག་གཙོ་བོ། ཕྱུག་བདག་སེ་སྒར་ལགས་ཀྱི་རེ་སྐུལ་ལྟར། མི་ལོ་ཉི་ཤུའི་དུས་དྲན་སྲུང་བརྩའི་མཛད་སྒོ་ཚོགས་ཏེ་ལས་འཆར་གྱི་གལ་གནད་དང་ཕུགས་འདུན་སོགས་ངོ་སྤྲོད་གནང་བ་མ་ཟད། དེ་རིང་ཉིན་རྒྱབ་ཡང་དགེ་འདུན་པ་རྣམས་ཀྱིས་ཚན་རིག་ལས་གཞི་དང་འབྲེལ་བའི་བགྲོ་གླེང་གནང་བཞིན་པ་རེད་འདུག

https://vot.org/wp-content/uploads/2022/03/kyab-mixed-16th-.mp3Download

The post བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་ལས་གཞི་བཙུགས་ནས་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩི། first appeared on vot.

The post བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་ལས་གཞི་བཙུགས་ནས་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩི། appeared first on vot.

View Details

ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་སོ་ལན་ཉེ་འཁྲིས་སུ་ཆགས་པའི་རྡོ་ལན་ཇི་བོན་གཞིས་ནང་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་རཏྣ་སྨན་གླིང་བཙུན་དགོན་གྱི་སྐབས་དང་པོའི་དགེ་བཤེས་མ་ཐོན་མཁན་ཁོངས་སུ་བཙུན་མ་ལྔ་བྱུང་འདུག དེ་ཡང་ཉེ་ལམ་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་རཏྣ་སྨན་གླིང་བཙུན་དགོན་དུ་ ༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་དབུས་པའི་སྨན་རི་སློབ་དཔོན་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་མཁན་པོ་དགེ་བཤེས། དགེ་བཙུན་སོགས་ནས་དགེ་བཤེས་མའི་མཛད་སྒོར་ལྷན་འཛོམགས་གནང་སྟེ་ ༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་སྐབས་དང་པོའི་དགེ་བཤེས་མ་ཐོན་མཁན་ཚོར་ཕྱག་འཁྱེར་གསོལ་བསྩལ་གནང་འདུག གཞི་རྩའི་རཏྣ་སྨན་གླིང་བཙུན་དགོན་དེ་ནི་ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་༧སྐྱབས་རྗེ་༧སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཕྱག་བཏབ་གནང་བ་ཞིག་རེད། བཙུན་དགོན་དེ་ནི་བོད་ཀྱི་ཕྱི་ལོགས་སུ་བོན་གྱི་བཙུན་དགོན་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་བཙུན་དགོན་དེའི་ནང་བཙུན་མ་བརྒྱད་ཅུ་ཙམ་ཡོད་པ་རེད་འདུག གཤམ་ལ་རཏྣ་སྨན་གླིང་བཙུན་དགོན་གྱི་མཚན་ཉིད་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་ལགས་སུ་དེ་འབྲེལ་རྒྱབ་ལྗོངས་དང་དགེ་བཤེས་མའི་ཕྱག་འཁྱེར་བཞེས་མཁན་བཙུན་མ་ལྔ་ཡོད་པའི་ཁྲོད་དགེ་བཤེས་མ་ཕུན་ཚོགས་ཚུལ་འཛིན་ལགས་དང་། ཆོས་འཁོར་ཚང་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ལགས་རྣམ་གཉིས་སུ་རང་ཉིད་ཀྱི་མྱོང་ཚོར་དང་སླད་མར་ག་རེ་གནང་འཆར་ཡོད་མེད་སོགས་དང་འབྲེལ་བཀའ་འདྲི་ཞུས་ཡོད།

https://vot.org/wp-content/uploads/2022/03/TSAM15-1.mp3Download

The post གཡུང་དྲུང་བོན་གྱི་རཏྣ་སྨན་གླིང་བཙུན་དགོན་དུ་སྐབས་དང་པོའི་དགེ་བཤེས་མ་ཐོན་མཁན་ལྔ་བྱུང་བ། first appeared on vot.

The post གཡུང་དྲུང་བོན་གྱི་རཏྣ་སྨན་གླིང་བཙུན་དགོན་དུ་སྐབས་དང་པོའི་དགེ་བཤེས་མ་ཐོན་མཁན་ལྔ་བྱུང་བ། appeared first on vot.

View Details

རྒྱགར་ནང་ཡོད་པའི་བོད་པའི་དགོན་སྡེ་གྲྭ་ཚང་དང་ཤེས་ཡོན་གི་ལྟེ་གནས་ཁག་ཏུ་བོད་མི་ཙམ་མ་ཟད། ཕྱིའི་མི་སེར་དོན་གཉེར་ཅན་མི་ཉུང་བ་ཞིག་ནས་སློབ་སྦྱོང་གི་གོ་སྐབས་ལེན་བཞིན་ཡོད་པའི་ཁྲོད། ཉེ་ཆར་རྒྱ་གར་དབུས་གཞུང་ནས་བོད་པའི་དགོན་སྡེ་གྲྭ་ཚང་དང་། ཤེས་ཡོན་གྱི་ལྟེ་གནས་འཕར་མ་བརྒྱད་ལ་ཕྱི་ཕྱོགས་ནས་སློབ་གཉེར་སླད་ཕེབས་མཁན་གྱི་སློབ་མ་ཚོ་ལ་མཐོང་མཆན་འབུལ་རྒྱུའི་ཆོག་མཆན་གནང་འདུགདེ་ཡང་དེ་སྔ་ཕྱི་ལོ་ ༢༠༡༡ དང་། ༢༠༡༨ ལོ་ལ་རྒྱ་གར་གཞུང་ནས་བོད་པའི་དགོན་སྡེ་གྲྭ་ཚང་དང་ཤེས་ཡོན་གྱི་ལྟེ་གནས་མི་འདྲ་བ་ ༢༥ ལྷག་གི་ནང་ལ་སློབ་གཉེར་དུ་ཕེབས་མཁན་ཚོ་ལ་ Student Visa ཞེས་སློབ་གཉེར་དང་འབྲེལ་བའི་སློབ་ཕྲུག་གི་མཐོང་མཆན་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་བཞིན། ད་རེས་ཉེ་ཆར་སླར་ཡང་ལྷོ་ཕྱོགས་སུ་ཡོད་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་། བཀྲིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར། དྷེ་ར་རྡུན་སྨིན་གྲོལ་གླིང་དགོན་པ། རྡ་ས་རྣམ་རྒྱལ་གྲྭ་ཚང་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་དང་། མ་སུ་རི་བོད་ཁྱིམ་སོགས་ནང་ཆོས་དང་བོད་པའི་རིག་གནས་སོགས་ཀྱི་ཐོག་ལ་སློབ་གཉེར་གནང་སའི་སྡེ་ཚན་ཁག་བརྒྱད་ཙམ་ལ་ Student Visa ཞེས་སློབ་ཕྲུག་གི་མཐོང་མཆན་འབུལ་རྒྱུའི་ཆོག་མཆན་གནང་འདུག་པ་དང་། སློབ་ཕྲུག་གི་མཐོང་མཆན་འབུལ་རྒྱུའི་ཆོག་མཆན་སྤྲད་པ་དེ་ཡིས་ཕྱི་ཕྱོགས་ནས་ཕེབས་པའི་སློབ་གཉེར་བ་རྣམ་པ་མཐོང་མཆན་གྱི་དུས་ཡུན་རྗོགས་སྐབས་རང་གནས་སུ་ཕྱིར་ལོག་མི་དགོས་པར་རྒྱ་གར་ནང་དུ་འཕར་འགྱངས་ཆོག་པ་དང་། ལྟེ་གནས་ཁག་ལ་དམ་དྲག་མེད་པར་འཛུལ་ཞུགས་ཆོག་པ་སོགས་ཀྱི་དགེ་མཚན་ཡོད་པ་རེད་འདུགདེའི་སྐོར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུ་སྐབས། ད་ལྟའི་ཆར་རྒྱ་གར་གཞུང་ནས་ Student Visa ཞེས་སློབ་ཕྲུག་གི་མཐོང་མཆན་འབུལ་བཞེས་ཆོག་པའི་ཆོག་མཆན་ཡོད་མཁན་བོད་པའི་དགོན་སྡེ་གྲྭ་ཚང་དང་ཤེས་ཡོན་གྱི་ལྟེ་གནས་མི་འདྲ་བ་བཞི་བཅུ་ཙམ་ཡོད་པ་དང་། དེ་དག་ནང་ལ་ད་བར་ཕྱི་ཕྱོགས་ནས་ཕེབས་མཁན་མང་ཤོས་གྲས་དེ་སོག་པོ་ཆགས་ཀྱི་པ་སོགས་གསུངས་བྱུང་།

དེ་བཞིན་ཐེ་ཝན་གཞུང་ནས་སྲིད་བྱུས་གཏན་འབེབས་སོགས་ཡོངས་གྲགས་གང་ཡང་གནང་མེད་ཀྱང་། དེ་སྔ་རྒྱ་གར་ནང་ནས་ཐེ་ཝན་དུ་བོད་མི་ལག་དེབ་སེར་པོའམ་ IC ཐོག་སློབ་སྦྱོང་ལ་ཕེབས་མཁན་ཚོར་ངོས་བཞེས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ད་རེས་ཉེ་ཆར་ཐེ་ཝན་གྱི་སློབ་ཡོན་གསལ་བསྒྲགས་གནང་པ་ཞིག་གི་ནང་ལ་ལག་དེབ་སེར་པོ་འམ་ IC ཐོག་དམ་དྲག་ཡོད་པ་དེ་མེད་པར་བཟོས་ཏེ་བོད་ཕྲུག་ཚོས་ཀྱང་མཉམ་ཞུགས་གནང་ཆོག་པ་བཟོས་ཡོད་པ་རེད།གཞི་རྩའི་མཐོང་ཆེད་དང་འབྲེལ་བའི་དཀའ་ངལ་དེ་དག་སེལ་ཐབས་ཐོག་འདས་པའི་ལོ་དུས་ནང་ལ་ལྡི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་རྒྱ་གར་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་ཁུངས་ཁག་ལ་ཞུ་སྐུལ་རིམ་པ་གནང་ཡོད་པ་མ་ཟད། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཉེ་ཆར་ཁུལ་དེར་ཡོད་པའི་ཡུ་ཀེ་རེན་གཞུང་ཚབ་ཁང་དུ་ཚོགས་པའི་གདུང་སེམས་མཉམ་སྐྱེད་ཀྱི་གནང་སྒོར་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་གཞུང་ཚབ་པའི་ངོས་ནས་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ཡུ་ཀེ་རེན་གྱི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསུངས་འཕྲིན་སྩལ་བར་དགའ་བསུ་ཞུས་འདུག

The post བོད་པའི་དགོན་སྡེ་གྲྭ་ཚང་ཁག་ཅིག་ལ་སློབ་ཕྲུག་གི་མཐོང་མཆན་འབུལ་རྒྱུའི་ཆོག་མཆན་ཐོབ་པ། first appeared on vot.

The post བོད་པའི་དགོན་སྡེ་གྲྭ་ཚང་ཁག་ཅིག་ལ་སློབ་ཕྲུག་གི་མཐོང་མཆན་འབུལ་རྒྱུའི་ཆོག་མཆན་ཐོབ་པ། appeared first on vot.

View Details

ཁ་སང་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་དང་དགེ་འདུན་པའི་ཆེད་དུ་ཚན་རིག་ཅེས་པའི་ཁེ་མེད་ཚོགས་པ་གཉིས་ཟུང་འབྲེལ་ཐོག་རྡུལ་གྱི་གསང་བ་ཞེས་པའི་བརྗོད་བྱའི་ཐོག་ཉིན་གཉིས་རིང་གི་འགྲེམས་སྟོན་ལས་གཞི་ཞིག་དབུ་འཛུགས་གནང་བའི་ཁྲོད། དགེ་འདུན་པ་ཁག་ཅིག་གིས་བོད་ཕྱི་ནང་གི་བརྡ་ཆད་གཏན་འབེབས་གཅིག་གྱུར་ཡོང་ཐབས་ལ་སེམས་འཚབ་གནང་བཞིན་འདུགཐེངས་འདིའི་ཚན་རིག་འགྲེམས་སྟོན་ལས་གཞིའི་ཐོག་སེར་འབྲས་དགའ་གསུམ་གྱི་མཚོན་པའི་བྱང་ཆུབ་ཆོས་གླིང་སོགས་ཀྱི་གྲྭ་བཙུན་དགོན་སྡེ་ཁག་བཅུ་ཡི་དགེ་འདུན་པ་བཅོ་བརྒྱད་ཀྱིས་མཉམ་ཞུགས་གནང་སྟེ། བཞུགས་སྒར་གཡས་གཡོན་ནས་མཉམ་ཞུགས་གནང་མཁན་རྣམས་ལ་རྡུལ་ཕྲན་གྱི་རྣམ་བཞག་གི་སྐོར་ནས་ངོ་སྤྲོད་གནང་བཞིན་པ་རེད་འདུག

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཚུལ་ཁྲིམས་བསོད་ནམས་ལགས་སུ་དགེ་འདུན་པ་ཞིག་གི་ངོས་ནས་ཚན་རིག་ལྟ་བུའི་རིག་ཚན་བྱེ་བྲག་པ་ཞིག་ལ་སློབ་སྦྱོང་བྱེད་སྐབས་དགེ་མཚན་ག་རེ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ནང་ཆོས་ཀྱི་བརྗོད་གཞི་མང་པོ་ཞིག་བརྟག་དཔྱད་རང་བཞིན་གྱི་ཚན་རིག་གི་བརྗོད་གཞི་ཆགས་ཀྱི་མེད་ཀྱང་། གཞིའི་རྣམ་བཞག་དང་གཟུགས་ཅན་གྱི་རྣམ་བཞག་དང་འབྲེལ་བའི་བརྗོད་བྱ་ཁག་ཅིག་དངོས་སུ་ཚན་རིག་དང་འབྲེལ་བ་ཡོད་དུས། རང་ཉིད་ཀྱི་ནང་ཆོས་ཀྱི་གོ་བའི་སྟེང་ལ་དེང་རབས་ཚན་རིག་གི་རྡུལ་ཕྲན་རྣམ་བཞག་ལ་སློབ་སྦྱོང་བྱེད་དུས་ཕྱོགས་གཉིས་མཚུངས་བསྡུར་གྱིས་སློབ་སྦྱོང་བྱེད་སྐབས་བློ་སྐྱེད་གསར་བ་ཐོབ་པར་ཕན་ཐོག་ཆེན་པོ་ཡོང་གི་ཡོད་ཀྱང་། གཅིག་ནས་དབྱིན་ཡིག་གི་ཤེས་ཚད་སྐྱོ་བ་དང་བོད་སྐད་བོད་ཡིག་གི་བརྡ་ཆད་ཉུང་བ་སོགས་ཀྱི་དབང་གིས་མཐིལ་ཕྱིན་པ་ཞིག་སློབ་སྦྱོང་བྱེད་རྒྱུ་ཁག་པོ་ཡིན་པར་གསུངས་སོང་། སྐབས་དེར་འདི་གའི་གསར་འགོད་པས་སེར་བྱེས་ལྷ་རམས་དགེ་བཤེས་ཨང་དང་པོ་བཞེས་མཁན་གྱི་དགེ་བཤེས་ཐམས་མཁས་ལགས་སུ་འགྲེམས་སྟོན་དང་འབྲེལ་ནས་ཚན་རིག་བརྡ་ཆད་གཏན་འབེབས་ཀྱི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་དེང་གི་ཆར་བོད་ཕྱི་ནང་གཉིས་སུ་ཚན་རིག་གི་བརྡ་ཆད་བོད་སྒྱུར་གྱི་ཐད་ནས་འགྱུར་མ་འདྲ་བ་གཉིས་འབྱུང་བཞིན་ཡོད་པར་གསུངས་ཏེ། ཐུན་མོང་གི་སྒྲིག་འཛུགས་ཤིག་གི་ཐོག་ནས་ཚན་རིག་བརྡ་ཆད་གཏན་འབེབས་བྱེད་རྒྱུ་དེ་ཁག་པོ་ཡིན་སྟབས། བོད་ནང་ནས་རྒྱ་ཡིག་ལ་བརྟེན་ནས་སྒྱུར་གནང་བ་དང་ཕྱི་ལོག་ནས་དབྱིན་ཡིག་ལ་གཞིར་བཞག་གིས་སྒྱུར་བ་གཉིས་ཡོད་དུས་བརྡ་ཆད་གཅིག་གྱུར་ཡོང་རྒྱུ་ཁག་པོ་ཆགས་ཡོད་སྟབས་སེམས་ཁྲལ་བྱེད་གཞི་ཞིག་ཆགས་ཡོད་པར་གསུངས་སོང་།

ཁོང་གིས་གདན་ས་ནས་དགེ་བཤེས་ཐོན་རྗེས་ཕྱི་ཕྱོགས་ནས་ཚན་རིག་ཀྱང་སྦྱོང་མྱོང་ཡོད་དུས། ད་ལྟའི་བར་དུ་ཚན་རིག་གི་བརྡ་ཆད་བོད་སྐད་དུ་ཕབ་སྒྱུར་ཟིན་པ་ཁག་གི་གནས་བབ་དེ་གང་འདྲ་ཞིག་ལ་དགོངས་བཞིན་ཡོད་པར་བཀའ་འདྲི་ཞུས་པར་ཁོང་གིས། དངོས་ཁམས་དང་སྐྱེ་ཁམས། དེ་བཞིན་དབང་རྩའི་ཚན་རིག་སོགས་ཀྱི་གཞི་རྩའི་རྨང་གཞིའི་ཐ་སྙད་སྒྱུར་བ་གང་འཚམས་ཡོད་ཀྱང་། རིག་ཚན་དེ་དག་ཀྱང་གཏིང་ཟབ་མོའི་སྒོ་ནས་སློབ་སྦྱོང་བྱེད་དགོས་ཚེ་ད་དུང་ཁག་པོ་ཆགས་ཡོད་པར་བརྗོད་སོང་། གཞི་རྩའི་དགེ་འདུན་པའི་ཆེད་དུ་ཚན་རིག་ཅེས་པའི་ཚོགས་པ་འདི་ནི་ཕྱི་ལོ་ ༢༠༠༠ ལོར་ཕྱི་རྒྱལ་གྱི་འབྱོར་ལྡན་སེ་གྷར་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་བཙུགས་པ་ཞིག་ཡིན་ཞིང་། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་དགོན་སྡེ་ཁག་གི་ནང་གྲྭ་བཙུན་ཚོས་ནང་བསྟན་སློབ་གཉེར་གྱི་ཞོར་དུ་ཚན་རིག་ཤེས་ཡོན་གྱི་སློབ་གཉེར་གནང་རྒྱུ་མ་ཟད་རང་ཁོངས་སོ་སོའི་ནང་ཚན་རིག་སྣེ་ཁྲིད་པའི་འགན་བཞེས་ཐུབ་པ་ཡོང་ཆེད་དུ་རེད་ཡིན་པ་དང་། ད་ལྟའི་བར་དུ་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་པའི་ཐོག ཁོར་ཡུག་དང་དབང་པོ། དེ་བཞིན་རྡུལ་ཕྲན་སོགས་ཀྱི་འགྲེམས་སྟོན་གསུམ་ལྷག་གོ་སྒྲིག་ཞུས་འདུག

https://vot.org/wp-content/uploads/2022/03/kyab-dra-mixed-15th.mp3Download

The post བོད་ཕྱི་ནང་གཉིས་སུ་ཚན་རིག་གི་བརྡ་ཆད་གཅིག་གྱུར་ཡོང་རྒྱུར་རེ་སྨོན། first appeared on vot.

The post བོད་ཕྱི་ནང་གཉིས་སུ་ཚན་རིག་གི་བརྡ་ཆད་གཅིག་གྱུར་ཡོང་རྒྱུར་རེ་སྨོན། appeared first on vot.

View Details

དེ་རིང་གི་ཉིན་མོར་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཀའི་ཐང་ཆེན་སྟེང་དུ་བུད་མེད་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་གནང་སྟེ་མི་ལོ་ ༦༣ འཁོར་བའི་དུས་ཚིགས་ཡིན་སྟབས། འདས་པའི་བོད་ཀྱི་དེ་བྱུང་ཁྲོད་བོད་ཀྱི་བེུད་ཚོས་རང་མི་རིགས་ཀྱི་རང་དབང་འཐབ་རྩོད་སླད་དུ་ཕྱིའི་བཙན་འཛུལ་ལ་ཞི་བའི་འཐབ་རྩོད་གནང་བ་ཐོག་མ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། ཉིན་འདིར་བོད་པའི་བེུད་ཚོས་བཙན་འབྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་བོད་མིའི་གནས་ཡུལ་ས་གནས་གང་སར་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་ཏེ་ཉིན་མོ་དེ་རྗེས་དྲན་ཞུས་པ་ལྟར། ཡོ་རོབ་རྒྱལ་ཁབ་སུད་སི་ནང་དུ་སུད་སི་ས་གནས་བེུད་ལྷན་ཚོགས་ཀྱི་ལྷན་ཚོགས་ནས་གོ་སྒྲིག་གནང་དོན་ལྟར་ཛུ་རིག་གྲོང་ཁྱེར་ Wedmuhleplatz ས་ཚིགས་སུ་བོད་མི་ཚོ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང། དེ་བཞིན་ད་བར་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུས་པ་མ་ཟད། ཛུ་རིག་གྲོང་ཁྱེར་ Wedmuhleplatz ནས་ Burkliplatz བར་བོད་མི་ལས་འགུལ་བ་ཚོས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དངབོད་ལ་རང་དབང་དགོས། བོད་སྐྱོབ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་མི་སྤྱོད་ལས་འདས་པ་དྲག་གནོན་དང་དམར་གསོད་ཀྱི་བྱ་སྤྱོད་སྤེལ་ཁག་འཕྲལ་མར་མཚམས་འཇོགས་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཕྲེད་དར་བསྣམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་རེད།

སྐབས་དེར་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ད་ལྟའི་ཆར་རང་དབང་ལུང་པའི་ནང་ཡོད་པའི་བོད་ཀྱི་བེུད་གཞོན་སྐྱེས་ཚོས་བོད་ཀྱི་འཐབ་རྩོད་ཐོག་སྔར་ལྷག་འགན་བཞེས་དགོས་པའི་གཞེན་སྐུལ་ནན་པོ་གནང་སོང་།

དེ་བཞིན་སྐབས་དེར་ཞི་བའི་རྔམ་སྟོན་ལས་འགུལ་བ་རྣམས་ནས་ Burkliplatz དུ་འབྱོར་མཚམས་སུ་ས་གནས་བེུད་ལྷན་ཚོགསཀྱི་ཚོགས་གཙོས་དབུས་བེུད་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་མ་ཟད། དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་དང་སུད་སི་དང་ལིག་ཏིག་སི་ཊིཡན་བོད་རིགས་མི་མང་གི་ཚོགས་གཙོ། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། སུད་བོད་མཐུན་ཚོགས་བཅས་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། སྐུ་ཚབ་འཐུས་མི་སོགས་ནས་གཏམ་བཤད་གནང་ཡོད་པ་རེད།

བོད་མི་ལས་འགུལ་བ་ཚོས་ཚོར་ཤུགས་ཆེན་པོས་བདེན་ཚིག་སྨོན་ལམ་དང་བསྔོ་སྨོན་གསུང་འདོན་གནང་བ་བརྒྱུད་ད་བར་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུས་ཏེ། ཉིན་མོ་དེ་རྗེས་དྲན་གྱི་སྲུང་བརྩི་ཞུས་ཡོད།

https://vot.org/wp-content/uploads/2022/03/WANG-12032022.mp3Download

The post སུད་སི་ནང་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༣ པ་དུས་དྲན་སྲུང་བརྩི་ཞུས་པ། first appeared on vot.

The post སུད་སི་ནང་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༣ པ་དུས་དྲན་སྲུང་བརྩི་ཞུས་པ། appeared first on vot.

View Details

ཉེ་ལམ་ཟླ་ ༡ ཚེས་ ༢༡ ཉིན་རྒྱ་གར་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་ཨམ་བྷ་ལ་ནང་ Potala Tibetan Refugee Market ཞེས་བོད་མིའི་སུད་ཚོང་གཉེར་སའི་ཁྲོམ་རར་མེ་སྐྱོན་ཕོག་པ་དང་སྦྲགས། སུད་ཚོང་གཉེར་མཁན་ཚོར་གདུང་སེམས་མཉམ་བསྐྱེད་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ངལ་སེལ་ཐེབས་རྩ་དང་ཕྱི་རྒྱལ་གནས་བཞུགས་བོད་མི་སྤུན་མཆེད་ཁག་ཅིག་གིས་ཞལ་འདེབས་གནང་བའི་ཐོག་ནས་རོགས་རམ་གནང་འདུག ཨམ་བྷ་ལའི་བོད་མི་སུད་ཚོང་གཉེར་མཁན་གྱི་ཁྲོམ་ས་བཅུ་ཡོད་པ་དེར་མེ་སྐྱོན་ཚབས་ཆེན་ཕོག་ཏེ་ཚོང་པ་ཚོས་ཚོང་ཟོག་དང་དངུལ་རྣམས་མེར་འཚིག་ནས་གྱོང་གུད་ཕོག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཚོགས་གཙོའི་ངལ་སེལ་ཐེབས་རྩ་ནས་ཞལ་འདེབས་ཧིན་སྒོར་ཁྲི་ལྔ་གསོ་སྩལ་གནང་འདུགདེ་བཞིན་ཡུ་ཊུབ་བརྙན་འཕྲིན་བཟོ་མཁན་དཀོན་མཆོག་ལགས་བརྒྱུད་ཨ་རི་ཀོ་ལོ་ར་ཌོ་གནས་བཞུགས་བོད་མི་སྤུན་མཆེད་ཁག་ཅིག་གིས་ཁོང་རྣམ་པའི་ཨ་མ་ལགས་དམ་པའི་ཆེད་དུ་ཁྱོན་འབུམ་བཅུའི་ཞལ་འདེབས་གནང་ཡོད།གཞི་རྩའི་ཨམ་བྷ་ལའི་མེ་སྐྱོན་དོན་རྐྱེན་ཁྲོད་ཧིན་སྒོར་འབུམ་ ༩༨ ལྷག་གི་གྱོང་གུད་ཕོག་ཡོད་པ་མ་ཟད་ད་བར་བོད་མི་ཚོགས་སྒེར་ཁག་ཅིག་ནས་གདུང་སེམས་མཉམ་བསྐྱེད་སླད་ཚོང་པ་རྣམས་ལ་ཞལ་འདེབས་གནང་བ་བྱུང་འདུག ཨམ་བྷ་ལའི་བོད་མིའི་སུད་ཚོང་གི་ཚོགས་གཙོ་བསོད་ནམས་ལགས་ཀྱིས་བོད་མི་སུད་ཚོང་བ་རྣམས་ནས་རང་ཉིད་ཀྱི་བདེ་སྡུག་ཞུ་ཕྱིར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་ཆེད་བཅར་ཞུ་གྱི་ཡོད་སྐོར་གསུངས་སོང་།

https://vot.org/wp-content/uploads/2022/02/tsam0707.mp3Download

The post ཨམ་བྷ་ལའི་མེ་སྐྱོན་དོན་རྐྱེན་ཁྲོད་སྤྱི་འཐུས་ལྷན་ཚོགས་གཙོས་ཕྱི་རྒྱལ་གནས་བཞུགས་བོད་མིས་ཞལ་འདེབས་གནང་བ། first appeared on vot.

View Details

བོད་རིགས་གཞོན་སྐྱེས་བསྟན་འཛིན་རང་གྲོལ་ལགས་སུ་འཛམ་གླིང་ནང་གྲགས་ཆེ་བའི་ Illustrators of the Future Contest ཞེས་པའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་ནས་ཨ་རིའི་ Fox གསར་ཁང་གིས་བཅར་འདྲི་གནང་འདུགབསྟན་འཛིན་རང་གྲོལ་ལགས་ནི། རྒྱ་གར་དུ་སྐྱེས་ཤིང་ཕ་མ་གཉིས་བོད་མོད་སྨད་རེབ་ཀོང་ཧོར་སྡེ་བ་ནས་ཡིན་པ་དང་། རང་ལོ་བཞིའི་སྐབས་ཕ་མ་དང་མཉམ་དུ་ཨ་རིར་གནས་སྤོ་གནང་སྟེ་ཨ་རིའི་མེ་རི་ལནྜ་མངའ་སྡེའི་ Montgomery རྫོང་གི་སློབ་གྲྭ་ཆུང་འབྲིང་འགྲིམས་ཏེ་མཐོ་འབྲིང་གི་རི་མོའི་ཆེད་སྦྱོང་སློབ་གྲྭར་ཡིག་རྒྱུགས་འཕྲོད་པ་ལྟར་རི་མོའི་ཆེད་སྦྱོང་གནང་བཞིན་ཡོད་པ་རེད།

རང་གྲོལ་ལགས་ལ་འཛམ་གླིང་ནང་གྲགས་ཆེ་བའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་དེ་ཐོབ་འཕྲལ་ཟླ་ ༢ ཚེས་ ༤ ཉིན་ཨ་རིའི་གྲགས་ཆེ་བའི་ Fox5 གསར་ཁང་གིས་ཁོང་ལ་དམིགས་བསལ་བཅར་འདྲི་གནང་འདུག་པའི་ནང་དུ་ཁོང་ནི་ཆུང་དུས་ནས་རི་མོར་དགའ་མོས་བྱེད་མཁན་ཞིག་དང་གཞི་རིམ་སློབ་གྲྭ་འགྲིམ་བཞིན་པའི་སྐབས་རི་མོའི་སྒྱུ་རྩལ་གྱི་ལས་རིམ་ཁག་ཡོད་པར་བརྟེན་ཐོག་མ་ཉིད་ནས་དོ་སྣང་ཆེན་པོ་གནང་བ་མ་ཟད། ཁོང་ནས་ལྟར་རི་མོའི་སྒྱུ་རྩལ་ལ་དོ་དབྱིངས་ཡོད་མཁན་རྒྱལ་སྤྱིའི་ཁྲོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཆེ་བ་གཞན་ཁག་ཅིག་ཐུག་འཕྲད་གནང་རྒྱུ་བྱུང་བ་དེས་ཁོང་ལ་ཕན་ཐོགས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་ཡོད།སྐབས་དེར་གསར་འགོད་པས་རང་གྲོལ་ལགས་སུ་ཁོང་གི་རི་མོའི་བརྗོད་བྱ་སྐོར་དང་འབྲེལ་ནས་འདས་པའི་ལོ་ཤས་སམ། ཡང་ན་ད་བར་གྱི་བརྒྱུད་རིམ་ཁྲོད་འགྱུར་ལྡོག་གང་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་ནས་དང་ཐོག་སུད་སི་རི་མོ་བ་གྲགས་ཅན་སྐུ་ཞབས་ H.R. Giger ལགས་ཀྱི་ཕྱག་ལས་ལ་ཡིད་སྨོན་ཆེན་པོ་གནང་གི་ཡོད་པ་དང་རིམ་པས་གློག་བརྙན་གྱི་འཆར་གཟུགས་དག་ལ་སྤྲོ་སྣང་འཕེལ་ནས་དེར་སེམས་འགུལ་ཐེབས་ཡོད་པ་གསུངས་འདུག

རྩ་བའི་ Illustrators of the Future Contest ཞེས་པའི་གཟེངས་རྟགས་དེ་ནི་ཨ་རིའི་ཚན་རིག་རྟོག་བཟོའི་རྩོམ་པ་པོ་གྲགས་ཅན་ L. Ron Hubbard’s ལགས་ཀྱིས་ཕྱི་ལོ་ ༡༩༨༨ ལོར་གསར་གཏོད་གནང་བ་ཞིག་ཡིན་པ་དང་དེའི་ནང་འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་རྩོམ་པ་པོ་དང་རི་མོ་བ་སོགས་རང་འདོད་ཀྱིས་མཉམ་ཞུགས་ཆོག་པའི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྟེགས་ཤིག་ཡིན་པ་མ་ཟད། དེའི་བརྒྱུད་མཉམ་ཞུགས་གནང་མཁན་ཚན་རིག་རྟོག་བཟོ་དང་ངོ་མཚར་ཅན་གྱི་སྒྱུ་རྩལ་བ་རྣམས་ཀྱི་བརྩམས་ཆོས་དག་ལ་ཚད་དང་ལྡན་པའི་དཔྱད་བརྗོད་པ་དག་གིས་འདེམས་སྒྲིག་གནང་སྟེ་བྱ་དགའ་གནང་སྲོལ་ཡོད་པ་ཞིག་ཡིན་པ་རེད།ཐེངས་འདིར་འཛམ་གླིང་གི་རྟོག་བཟོ་དང་ངོ་མཚར་ཅན་གྱི་རི་མོའི་སྒྱུ་རྩལ་འགྲན་བསྡུར་གྱི་གཟེངས་རྟགས་ཐོབ་མཁན་མི་གྲངས་ ༡༢ ཁྲོད་བསྟན་འཛིན་རང་སྒྲོལ་ལགས་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་འདུག

The post བསྟན་འཛིན་རང་གྲོལ་ལགས་སུ་འཛམ་གླིང་ནང་གྲགས་ཆེ་བའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་ཐོབ་པ། first appeared on vot.

View Details

ཕྱི་ཟླ་ ༢ ཚེས་ ༤ ཉིན་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་ཡིན་པ་དང་བསྟུན་ཁ་ཉིན་སྔ་དྲོ་ནས་ཉིན་འཁྱོངས་རིང་བོད་ཀྱི་འབྲས་ནད་ཚོགས་པས་མེག་ལོར་ཁྲོམ་གཞུང་དུ་ Close The Care Gap ཞེས་འབྲས་ནད་པ་རྣམས་ལ་སྨན་བཅོས་མཐུན་རྐྱེན་གྱི་ཐོབ་ཐང་གཅིག་མཚུངས་དགོས་པའི་མཚན་རྟགས་བསྡུ་རུབ་དང་རིན་མེད་ཐོག་ H-pylori ཞེས་ཕོ་བར་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་གནང་སྟེ། ནད་ཀྱི་སྔོན་འགོག་དང་སྨན་བཅོས་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ་མ་ཟད། བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལས་འགུལ་དབུ་འབྱེད་གནང་སོང་།བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གསར་འགོད་པ་རྣམས་ལ་སྤྱིར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དེ་ཕྱི་ཟླ་ ༢ ཚེས་ ༤ ཉིན་ཁེལ་གྱི་ཡོད་ཀྱང་། ཉིན་དེར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚོགས་ཀྱི་ཡོད་སྟབས་བོད་མིའི་འཐབ་རྩོད་དེ་གནད་ཆེར་ངོས་འཛིན་ནས་ཉིན་གཅིག་འཕར་འགྱང་གནང་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས།འཛམ་གླིང་ཁྲོད་དུ་ལོ་འཁོར་གཅིག་ནང་འབྲས་ནད་ཕོག་མཁན་མི་ས་ཡ་བཅུ་ཙམ་བྱུང་གི་ཡོད་པ་དང་དེ་དག་ལས་བརྒྱ་ཆ་བདུན་ཅུ་ཙམ་ལོ་ ༦༥ ལྷག་འབའ་ཞིག་ཆགས་ཀྱི་ཡོད་པ་ནི་སྨན་བཅོས་ཀྱི་མཐུན་རྐྱེན་མ་འཛོམ་པའི་དབང་གིས་ཡིན་སྟབས། ད་ལན་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱིས་ཉིན་མོ་དེར་ Close The Care Gap ཞེས་འབྲས་ནད་པ་རྣམས་ལ་སྨན་བཅོས་མཐུན་རྐྱེན་གྱི་ཐོབ་ཐང་གཅིག་མཚུངས་དགོས་པའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་བ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ས་ཁུག་ལུང་ཁུག་ཁག་ཏུ་ལ་ཡོད་པའི་ནད་པ་རྣམས་ལ་སྨན་བཅོས་ཀྱི་ཐུན་རྐྱེན་དེ་ཙམ་རག་གི་མེད་སྟབས། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྨན་བཅོས་མཐུན་རྐྱེན་སྦྱོར་སྤྲོད་ཐོག་ལ་གྲོས་ཆོད་གཏན་འབེབས་གནང་ཐུབ་གལ་ཡིན་པའི་དགོངས་ཚུལ་གསུངས་ཡོད། དེ་བཞིན་བོད་མིའི་སྤྱི་ཚོགས་ནས་མཆིན་པའི་གཉན་ཚད་དང་ཕོ་བར་འབྲས་ནད་ཕོག་མཁན་མང་ཤོས་དང་། གཞན་ཡང་ནུ་མ་དང་པགས་པ་སོགས་ཀྱི་འབྲས་ནད་ཕོག་མཁན་ཡང་མང་པོ་ཡོད་སྟབས། རྒྱལ་སྤྱིའི་འབྲས་ནད་ཀྱི་ཉིན་མོ་དང་བསྟུན་རིན་མེད་ཐོག་ H-pylori ཞེས་ཕོ་བར་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་གནང་བ་མ་ཚད་པར་འབྲས་ནད་རིགས་ལ་སྨན་བཅོས་དུས་ཐོག་ཏུ་གནང་ཚེ་འཆི་ཡི་མ་རེད་ཅེས་པའི་མཚན་རྟགས་བསྡུ་རུབ་གནང་ཡོད།བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་འབྲས་ནད་ཚོགས་པས་རྣམ་ཀུན་དང་ལྷག་དོན་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཁྲོད་སྤོབས་པ་གནང་འོས་པའི་ཕྱག་ལས་གནང་བར་བསྔགས་བརྗོད་དང་། ཕྱི་ཟླ་ ༢ ཚེས་ ༠༤ ཉིན་མོ་དེ་བོད་ཀྱི་འཐབ་རྩོད་དང་ཆབ་སྲིད་ལ་ཉིན་མོ་གལ་ཆེ་ཞིག་ལ་གཟིགས་ཏེ་འཕར་འགྱང་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་ཆབས་ཅིག ཁོང་སྐུ་སྒེར་གྱི་ཁྱིམ་དུ་ཆ་མཚོན་ན་ཡབ་དམ་པ་དང་གཅེན་པོ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་རྣམ་གཉིས་ཀྱང་ནད་གཞི་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་སྟབས། བོད་མི་ཚོས་ངེས་པར་དུ་སྔོན་འགོག་གི་ཐབས་ལམ་དང་སྨན་བཅོས་སོགས་གནང་དགོས་པའི་གཞེན་སྐུལ་གནང་ཡོད།

https://vot.org/wp-content/uploads/2022/02/gyurmey07.mp3Download

The post འབྲས་ནད་ཕོག་མཁན་ཡོངས་ལ་སྨན་བཅོས་མཐུན་རྐྱེན་གྱི་ཐོབ་ཐང་གཅིག་མཚུངས་དགོས་པའི་ཞུ་སྐུལ། first appeared on vot.

View Details

དེ་རིང་ཕྱི་ཟླ་ ༢ ཚེས་ ༤ རེས་གཟའ་པ་སངས་ཉིན་མོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་དངོས་སུ་འགོ་འཛུགས་བྱེད་ཀྱི་ཡོད་པ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ཟུང་འབྲེལ་ཐོག་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་དང་དེ་བཞིན་ཉིན་རངས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།ཚོགས་པ་ལྔ་པོའི་གསར་འགོད་གསལ་བསྒྲགས་ཐོག་རྒྱ་གཞུང་གིས་བཙན་གནོན་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་ལུང་འདྲེན་དང་འབྲེལ། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཕྱི་རྒྱལ་ཡུལ་མི་དང་གནད་ཡོད་མི་སྣ་རྣམས་ནས་བོད་མི་རིགས་ཀྱི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཚོགས་བཞིན་པ་འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གདོང་ལེན་ཚད་ལྡན་ཞིག་གནང་མ་ཐུབ་པའི་རྟགས་མཚན་གསལ་པོ་ཞིག་ཕྱིར་མངོན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་ཆབས་ཅིག རྒྱ་གཞུང་གིས་བོད་མི་ཙམ་མ་ཟད་མི་རིགས་གཞན་ལའང་དྲག་གནོན་གྱི་སྲིད་བྱུས་གཅིག་མཚུངས་ལག་བསྟར་དང་རྒྱ་མི་རིགས་ནང་ཁུལ་ལའང་རང་དབང་དང་འདྲ་མཉམ་ཀྱི་ཐོབ་ཐང་མེད་པའི་གནས་སྟངས་ཁྲོད་པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྐོང་ཚོགས་བྱས་པ་ནི་འོས་འཚམས་ཤིག་གཏན་ནས་མ་རེད་ཅེས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་གསུངས་ཡོད། དེ་བཞིན་རྒྱ་ནག་དང་ལྷན་མང་གཙོའི་རྒྱལ་ཁབ་ཚོས་ཚོང་འབྲེལ་གསར་འཛུགས་བྱས་ཡོད་པས་ད་ཆ་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འདས་པའི་ལོ་རྒྱུས་དང་སྲིད་བྱུས་ལ་བསྐྱར་ཞིབ་གནང་སྟེ་མང་གཙོ་སྲུང་སྐྱོབ་དང་དར་སྤེལ་ཆེད་རྒྱ་ནག་ལ་འཛེམ་ཟོན་དང་བཅས་པའི་སྲིད་བྱུས་ཡོད་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། རྒྱ་ནག་ནས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་བསྐྱར་ནན་གནང་སོང་། གསར་འགོད་པས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་སུ་དེ་རིང་གི་ཉིན་མོ་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་ཨོ་རྩལ་དང་འབྲེལ་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དང་། ལྷག་པར་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་ཤུགས་ཆེ་གནང་རྐྱེན་ད་ཆ་རྒྱལ་ཁབ་ཁག་ཅིག་ནས་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་སྐུ་ཚབ་ཕེབས་རྒྱུ་མིན་པའི་ཐག་གཅོད་གནང་སྐོར་གསུངས་པ་དང་ཆབས་ཅིག ཁས་ས་རྒྱ་གར་ནས་ཀྱང་དེ་གའི་སྐུ་ཚབ་ཆེད་གཏོང་མ་གཏང་རྒྱུའི་ཐག་གཅོད་གནང་ཡོད་པས་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུས་སོང་། ལྷག་པར་ཁོང་གིས་རྒྱལ་སྤྱིའི་དབུ་ཁྲིད་ཚོས་རྒྱ་ནག་ནས་རང་ཉིད་ཀྱི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་པའི་དུས་ལ་བབ་ཡོད་ཅེས་གསུངས་ཡོད།གཞི་རྩའི་དེ་རིང་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགོ་འཛུགས་དང་བསྟུན་ནིའུ་ཡོག་དང་ཁེལ་ཕོར་ནི་ཡ། དེ་བཞིན་མེཀ་སི་ཀོ་བཅས་ཀྱི་ནང་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སོ་སོའི་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཨོ་སི་ཊོ་ལི་ཡ་ལྟ་བུར་མཚོན་ན་བོད་མི་ལས་འགུལ་བ་རྣམས་ནས་ཚེས་ ༣༡ ཉིན་དབུ་འཛུགས་ཞུས་པའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་སིཌ་ནི་གྲོང་ཁྱེར་ Martin Place ནང་མཇུག་སྒྲིལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་མ་ཟད། ནིའུ་ཛ་ལན་ཌི་ནང་དུའང་རྒྱ་ནག་གི་གཞུང་ཚབ་མདུན་དུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ལ། ཁེ་ན་ཌ་ནང་ལའང་དེ་མཚུངས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

https://vot.org/wp-content/uploads/2022/02/tsam0404.mp3Download

The post པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཚོགས་པ་དེ་ནི་འོས་འཚམས་ཤིག་མ་རེད། first appeared on vot.

View Details

༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་ཀྱི་སྔ་ནུབ་ཏུ་འདི་ག་སུད་སི་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་ཡོ་རོབ་རྒྱལ་ཁབ་ཁག་ ༨ ནས་བོད་རིགས་ཚོགས་པའི་སྐུ་ཚབ་དང་བོད་མི་ལས་འགུལ་བ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཀྱིས་ཨོ་ལམ་པིཀ་འགྲེམས་སྟོན་ཁང་བར་ཞི་བའི་གོམ་བགྲོད་གནང་བ་མ་ཟད། རྒྱ་ནག་ནང་དུ་འཚོགས་བཞིན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་རྒྱལ་ཁབ་ཅིག་ནང་ཚོགས་པའི་རྩེད་འགྲན་ཞིག་རེད་ཅེས་པའི་འབོད་སྒྲའི་འོག་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད། དེ་བཞིན་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་མནར་གཅོད་མྱོང་བཞིན་པའི་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་ཀྱང་དེར་དེར་ལྟོས་མེད་ཀྱིས་ཚོགས་ཀྱི་ཡོད་པ་ངོས་ལེན་གྱི་སྤྱིར་བསྒྲགས་ཤིག་སྤེལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།ཐེངས་འདིའི་ཡོ་རོབ་བོད་མི་རྣམ་མཉམ་སྦྲེལ་གྱིས་སྤེལ་བའི་གོམ་བགྲོད་ལས་འགུལ་དེའི་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་རྣམ་གཉིས་གཙོས་ཡོ་རོབ་བོད་རིགས་ཚོགས་ཁག་གི་ཟུང་འབྲེལ་ཐོག་ནས་མཚན་རྟགས་བཀོད་པའི་ཞུ་སྙན་ཞིག་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ Thomas Bach མཚན་ཐོག་ལ་ཕུལ་སོང་བ་དང་། ཞུ་སྙན་ནང་གཙོ་བོ་ ༢༠༠༨ ལོའི་པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་བསྐོང་ཚོགས་ཟིན་པའི་རྗེས་སུ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་གཙོ་གྱུར་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང། ལྷག་པར་དུ་བོད་ནང་དུ་ད་བར་བོད་མི་ ༡༥༥ ལྷག་གིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་སྐུ་ལུས་ཞུགས་འབུལ་གནང་བའི་གནང་སྟངས་སོགས་བྱུང་ཡོད་པ་དེ་ལྟར་ཡང། ཨོ་རྩལ་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་འཕེལ་གྱི་རྩ་བའི་ལྟ་གྲུབ་ཁག་སྣང་མེད་བཏང་ནས་ད་ལན་བསྐྱར་དུ་རྒྱ་ནག་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བདག་དབང་སྤྲད་པ་ནི་ཆེས་བློ་ཕམ་བྱ་གཞི་ལས་མ་འདས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་བ་མ་ཟད། ལྷག་པར་དུ་ཞུ་སྙན་དེ་བརྒྱུད་ནས་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་གདུག་རྩུབ་མྱོང་བཞིན་པའི་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ཏེ། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་དུ་རྒྱ་ནག་ཏུ་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཚོགས་བྱེད་ཀྱི་ཡོད་པར་ངོས་ལེན་གྱི་སྤྱིར་བསྒྲགས་ཤིག་སྤེལ་དགོས་པའི་རེ་སྐུལ་ཞུས་འདུག

སྐབས་དེར་ལས་འགུལ་བ་རྣམས་ནས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་པ་དང་སྦྲགས། པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཤོག་སྦྱང་སོགས་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ནས་ཞི་བའི་གོམ་བགྲོད་གནང་སྟེ། མཐར་ཨོ་ལམ་པིཀ་འགྲེམས་སྟོན་ཁང་གི་མདུན་དུ་གོམ་བགྲོད་པ་རྣམས་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཞུས་ཏེ། ལུ་སཎ་གྲོང་ཁྱེར་སྤྱི་ཁྱབ་པ་ llias Penchant མཆོག་དང་ཡོ་རོབ་བོད་མི་མང་སྤྱི་འཐུས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་གཙོས་ལས་འགུལ་ཐོག་ཕེབས་པའི་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་དང། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འཐུས་མི་སོགས་ནས་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་ཡོད།དེ་བཞིན་ལས་འགུལ་ཐོག་ཉེ་སྔོན་སུད་སི་རྒྱལ་ས་སྦན་ནས་གངས་བཤུད་ལྷམ་གྱོན་ནས་རྒྱ་ནག་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་ཀྱང་ཨོ་ལམ་པིཀ་འགྲེམས་སྟོན་ཁང་དུ་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།རྩ་བའི་ཐེངས་འདིའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དམིགས་ཏེ་ཡོ་རོབ་བོད་མིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཆེན་མོ་སྤེལ་བ་དེ་ ༢༠༢༡ ཟླ་ ༡༢ ཚེས་ ༡༨ ནས་ ༡༩ ཉིན་གཉིས་རིང་ཕ་རན་སིའི་རྒྱལ་ས་པེ་རིས་ལ་ཚོགས་པའི་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་ཆོད་བཞག་ཡོད་པ་ལྟར་ལས་འགུལ་དེ་སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་ཚོས་གཙོ་འགན་བཞེས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།

https://vot.org/wp-content/uploads/2022/02/wangdak.mp3Download

The post ཡོ་རོབ་བོད་མི་ཚོས་ཨོ་རྩལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་བ། first appeared on vot.

View Details

དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་སྒོ་འབྱེད་དང་བསྟུན་ལྡི་ལི་བསམ་ཡས་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཟུང་འབྲེལ་གྱིས་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་པ་རེད།ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི། རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་བཅས་གང་གི་ཆ་ནས་ཀྱང་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུའི་འོས་བབ་གཏན་ནས་མེད་ཅེས་ངོ་རྒོལ་དང་སྐྱོན་བརྗོད་གནང་ཕྱིར་ཡིན་པ་རེད།ལྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་ཁང་ནས་མི་ཊར་ ༡༠༠ ལྷག་གི་ས་ཐག་ཏིན་མུར་ཏི་ནས་དབུ་འཛུགས་གནང་བའི་དེ་རིང་གི་ངོ་རྒོལ་ལས་འགུལ་དེའི་ནང་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་དྷརྨ་ཤཱ་ལཱ། ལཱལ་ཀི་ལའི་སུད་ཚོང་བའི་བོད་མི། དེ་བཞིན་ལྡི་ལི་ལྷོ་ཕྱོགས་བཅས་ཀྱི་བོད་མི་ལས་འགུལ་བ་མི་གྲངས་ ༡༠༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང་ལས་འགུལ་བ་དེ་དག་ཚང་མས་གསུང་ཤུགས་ཆེན་པོའི་ཐོག་ནས་རྒྱ་ནག་ལག་དམར་ལ་ཨོ་རྩལ་འགྲན་ཚོགས་ཀྱི་འོས་བབ་མེད། བོད་མིར་རང་དབང་སྤྲོད་དགོས། རང་དབང་དང་མང་གཙོར་དགའ་ཞེན་ཡོད་མཁན་རྒྱལ་སྤྱིའི་མང་ཚོགས་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་ཞེས་སོགས་ཀྱི་སྐད་འབོད་གནང་ཡོད། རྒྱལ་ས་ལྡི་ལིའི་ལས་འགུལ་སྐབས་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་མཉམ་ཞུགས་གནང་འདུག་པ་དང་སྐབས་དེར་ཁོང་དང་ལས་འགུལ་བ་གཞན་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བ་མ་ཟད། རྒྱ་ནག་གིས་ད་རེས་ཨོ་ལམ་པིཀ་འགྲན་ཚོགས་གོ་སྒྲིག་བྱེད་ཀྱི་ཡོད་པ་དེ་ནི་ཕྱི་ལོ་ ༡༩༣༦ ལོའི་ན་ཛིལ་ཨོ་རྩལ་དང་གཅིག་མཚུངས་ཀྱི་མཇུག་འབྲས་ཤིག་ཡོང་ངེས་ཡིན་པ་དང་། ལྷག་དོན་ཨོ་རྩལ་གྱི་དཔལ་འབར་འཁྱེར་མཁན་དེའང་རྒྱ་གར་གྱི་དམག་མི་གསོད་མཁན་ལག་དམར་བ་ཞིག་ཡིན་པ་བཅས་ཀྱི་ཆ་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་སོང་། ལས་འགུལ་བ་མི་གྲངས་ ༡༠༠ ལྷག་ཡོད་པ་དེ་དག་གིས་ཏིན་མུར་ཏི་ནས་རྒྱའི་གཞུང་ཚབ་ཁང་གི་བར་དུ་ཕེབས་ཐབས་གནང་ཡོད་ཀྱང་། ས་གནས་སྐོར་སྲུང་བས་ལས་འགུལ་བ་རྣམས་ལམ་ཕྱེད་ཙམ་ནས་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར་འགུལ་བ་ཁག་ཅིག་གིས་སྐོར་སྲུང་བས་ར་བ་སྐོར་བ་ལས་བརྒལ་ནས་རྒོལ་མཆོང་གནང་སྟབས་ས་གནས་སྐོར་སྲུང་བས་ལས་འགུལ་བ་མི་གྲངས་དྲུག་ལྷག་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།བོད་མི་ལས་འགུལ་བ་གཞན་རྣམས་ཀྱིས་དུས་ཚོད་དུས་ཚོད་ཐུང་ངུ་ཞིག་གི་རིང་ཨོ་རྩལ་ལ་ངོ་རྒོལ་གྱི་སྐད་འབོད་གནང་བ་དང་། དེ་རྗེས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་བའི་ཐོག་ནས་ལས་འགུལ་རེ་ཞིག་མཇུག་སྒྲིག་གནང་ཡོད།

https://vot.org/wp-content/uploads/2022/02/pachen-la-delhi.mp3Download

The post ལྡི་ལིའི་རྒྱ་ནག་གཞུང་ཚབ་ཀྱི་ཉེ་འཁྲིས་སུ་བོད་མི་ལས་འགུལ་བ་དྲུག་ལྷག་འཛིན་བཟུང་། first appeared on vot.

View Details

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་བཞིན་པའི་དགུན་དུས་ཀྱི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་ཐོག་ཁ་སང་བི་ཧཱར་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Amarendra Dhari Singh ལགས་ཀྱིས་རྒྱ་གར་གྱི་སྲིད་འཛིན་གྱི་གསུང་བཤད་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཀྱི་ལས་རིམ་དང་འབྲེལ་ཏེ། རྒྱ་གར་གཞུང་གི་ངོས་ནས་བོད་ལྟ་བུ་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་གཙིགས་ཆེར་བརྩིས་ནས་བོད་དོན་རྒྱབ་སྐྱོར་གནང་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བརྩམས་འདུགཁོང་གི་གསུངས་བཤད་ཀྱི་ནང་དུ། བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་སྒྱུར་གྱི་བདག་དབང་དང་མིང་ཙམ་གྱི་དབང་སྒྱུར་ལ་ཁས་ལེན་བྱས་མེད་པ་ཡིག་ཚགས་སུ་གསལ་བར་གསུངས་བ་དང་འབྲེལ། རྒྱ་གར་གྱིས་རང་གི་གྲོགས་པོ་དང་མཉམ་དུ་ལངས་དགོས་པའི་སྐོར་ནས་བསླབ་བྱ་ལེན་དགོས་པ་དང་། གལ་ཏེ་དེ་ལྟར་མ་གནང་བ་ཡིན་ན། ང་ཚོས་རྒྱ་གར་དང་མཛའ་འབྲེལ་ཡོད་པའི་བོད་མི་རྣམས་ས་ལ་བརྡབ་པའི་དེ་སྔའི་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་སླར་ཡང་བསྐྱར་ཟློས་བྱེད་ངེས་བར་གསུངས་འདུག

ཁོང་གིས་ད་དུང། ད་ལྟའི་གཞུང་འཛིན་གྱིས་དགའ་མོས་ཆེས་ཆེར་བྱེད་སའི་རྒྱ་གར་གྱི་སྲིད་བློན་ཟུར་བ་ནེཧ་རུར་མཚོན་ཡང་། ཁོང་གིས་ཕྱི་ལོ་ ༡༩༤༩ ལོར། བོད་མི་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་གཏུགས་བྱེད་དགོས་པའི་ལམ་སྟོན་གནང་ཡོད་ལ། ཐ་ན་རྒྱ་གར་གྱི་ན་གཞོན་དམག་སྤྱི་ Zorawar Bakshi ལགས་བོད་དུ་ཆེད་མངགས་ཆེད་གཏོང་གིས་འཐབ་བྱུས་ལྡན་པའི་དམག་དོན་གྱི་ལས་གཞི་སྒྲིག་དགོས་བར་སྐུལ་ཡོད་པ་ལུང་འདྲེན་གྱིས། སྐབས་དེའི་ལས་དོན་རྣམས་འཆར་གཞི་སྒྲིག་པ་ལྟར་ལེགས་འགྲུབ་མ་བྱུང་བར་ལོ་རྒྱུས་ཁྲོད་ལྷག་ཡོད་པར་འགྲེལ་བརྗོད་གནང་འདུགཁོང་གིས་ད་དུང་གང་ལྟར་ད་ཆ་བོད་རྒྱལ་ཁབ་དེ་འཛམ་གླིང་ཕྱོགས་གཏོགས་མང་པོར་འགྱུར་བཞིན་པའི་དུས་སྐབས་སུ་རྒྱ་གར་གྱི་བྱེད་བབ་འདྲ་མིན་གྱི་རྐྱེན་པས་བོད་ལ་ཡུན་རིང་གི་དཀའ་ངལ་མང་པོར་འཕྲད་བཞིན་པ་ཞིག་ཡིན་སྟབས། རྒྱ་གར་གྱིས་རང་གི་ཁེ་ཕན་སྲུང་སྐྱོབ་དང་སྦྲགས་ཁྱིམ་མཚེས་རྒྱལ་ཁབ་དང་དེ་ལས་བརྒལ་བའི་རྒྱལ་ཁབ་གཞན་རྣམས་དང་ལྷན་དུ་མཐུན་སྒྲིག་བྱེད་དགོས་ཀྱི་ཡོད་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་འདི་ལོའི་རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་ཚོགས་འདུ་དེ་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་ནས་འགོ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༨ གྱི་བར་དུ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིར་གྲོས་ཚོགས་ཀྱི་ཁྲོད་དུ་བོད་དོན་རྒྱབ་སྐྱོར་གྱི་གསུངས་བཤད་གནང་མཁན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri Amarendra Dhari Singh ལགས་ནི་ Rashtriya Janata Dal་ཞེས་པའི་རྒྱ་གར་་གྱི་ཆབ་སྲིད་ཚོགས་པའི་འཐུས་ཚབ་ཀྱི་ངོས་ནས་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བི་ཧཱར་ནས་ཕེབས་བའི་གྲོས་ཚོགས་གོང་མིའི་འཐུས་མི་ཞིག་ཆགས་ཀྱི་ཡོད་པ་རེད།

The post རྒྱ་གར་གྱི་གྲོས་ཚོགས་སུ་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་གླེང་མོལ། first appeared on vot.

View Details

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། བཞུགས་སྒར་མེགྷན་གྱི་ཁྲོམ་གཞུང་གི་བཞི་མདོ་རུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་གི་ཐོག་ནས། སང་ཉིན་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་ལ་རན་པར་པར་རིས་འགྲེམས་སྟོན་བརྒྱུད་ནས་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།

པར་རིས་འགྲེམས་སྟོན་གྱི་ངོ་རྒོལ་ལས་འགུལ་ནང་དུ། བོད་ནང་གི་ཆབ་སྲིད་བཙོན་པའི་རྣམ་པ་མཚོན་བྱེད་དང་། དེ་བཞིན་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་གྱི་བཟོ་ཚོང་། NBC དང་ Allianz སོགས་ཀྱི་ཚོང་རྟགས་འཁོད་པའི་པར་རིས། དེ་བཞིན་། Genocide 2020 ཞེས་བྲིས་པའི་འཕྲེད་དར་བཤམ་སྟེ། འདི་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་བསྡུར་དེ་ནི་མི་རིགས་རྩ་གཏོར་གྱི་རྩེད་འགྲན་ཞིག་ཆགས་ཡོད་པར་ཕྱིར་བསྒྲགས་བྱས་འདུག

ཚོགས་པའི་གསར་འགོད་བསྒྲགས་གཏམ་གྱི་ནང་དུ། བོད་ནང་གི་གཙོ་བྱས་པའི་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཆེས་ཆེར་ཐེབས་བཞིན་པར་ལྟོས་མེད་ཀྱིས་སང་ཉིན་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་འཛུགས་བྱེད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ཕྱིར་བསྒྲགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་ནས་བཟུང་བོད་ནང་དུ་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། དེ་ལྟ་བུའི་དྲག་གནོན་གྱི་སྲིད་བྱུས་དེ་ད་དུང་ཡང་མུ་མཐུད་དུ་གནས་བཞིན་པ་ཞིག་ཡིན་པང་མངོན་གསལ་གྱིས། འདི་ལོའི་ཨོ་རྩལ་འགྲན་ཚོགས་བརྒྱུད་ནས་བོད་ནང་དུ་དྲག་གནོན་གྱི་སྲིད་བྱས་དེ་སྔོན་ལས་ཀྱང་ཤུགས་ཆེ་རུ་འགྲོ་རྒྱུར་སེམས་འཚབ་ཡོད་པར་བསྒྲགས་འདུག

རྒྱ་གར་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོལ་ལགས་ཀྱིས་གསར་ཁང་ལ་དེ་རིང་གི་ངོ་རྒོལ་ལས་འགུལ་གྱི་དགོས་དམིགས་ཀྱི་ཐད་ནས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་བར་དུ་ལས་འགུལ་གྱི་རྣམ་གྲངས་སྣ་མང་བརྒྱུད་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར། སང་ཉིན་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་དེ་འགོ་འཛུགས་ལ་རན་པའི་དུས་སྐབས་དང་བསྟུན་ནས་སླར་ཡང་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་ལ་དྲན་གསོ་བྱས་ཏེ། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྡོག་རོལ་གཏོང་གི་ཡོད་པའི་ཐད་ནས་མུ་མཐུད་དུ་ལས་འགུལ་རྒྱུན་སྐྱོང་གནང་ནས་མང་ཚོགས་ཁྲོད་གནད་དོན་དེ་ཕྱིར་བསྒྲགས་བྱེད་རྒྱུར་དམིགས་པ་ཞིག་ཡིན་པར་གསུངས་སོང་།

གཞན་ཡང་ཁོང་གིས། ད་ལྟའི་བར་དུ་ལས་འགུལ་སྤེལ་བའི་གྲུབ་འབྲས་སུ་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཊ་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཨོ་རྩལ་འགན་ཚོགས་ཀྱི་ཡུལ་དངོས་སུ་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་ཆེད་གཏོང་བྱེད་རྒྱུ་མིན་པར་བསྒྲགས་ཡོད་པ་དེ་བརྒྱུད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱེད་ཐུབ་པ་བྱུང་ཡོད་པ་ཞིག་ཡིན་པར་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་རྒྱུར། རྒྱ་ནག་གི་ཉེ་སྔོན་ཨོ་རྩལ་གྱི་འགྲན་ཞུགས་པ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་གཏམ་བརྗོད་སྤེལ་བ་ཡིན་ན་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་་བྱས་ཡོད་པ་དེ་ནི་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ཨོ་རྩལ་འགྲན་ཞུགས་པ་རྣམས་ཀྱི་ཚེ་སྲོག་ལ་ཡང་ཉེན་ཁ་འཕྲད་སྲིད་པ་ཞིག་ཡིན་མངོན་གསལ་གནང་སོང་།

གཞི་རྩའི་འདས་བའི་ལོ་གཉིས་ཀྱི་ནང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཀྱི་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྐྱིད་ཁག་བརྒྱ་དང་བརྒྱད་ཅུ་ལྷག་གིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིི་ལས་འགུལ་རབ་དང་རིམས་པ་སྤེལ་བ་བརྒྱུད་ནས། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་གཞུང་འབྲེལ་གྱི་མི་སྣ་ཕྱིར་གཏོང་བྱེད་རྒྱུ་མིན་པར་བསྒྲགས་ཏེ་རྒྱ་ནག་གི་རྩེད་འགྲན་དེར་གནོན་ཤུགས་སྤྲོད་ཐུབ་པ་བྱུང་ཡོད་ཀྱང་། གནད་དོན་དེར་ལྟོས་མེད་ཀྱིས་སང་ཉིན་ནས་དངོས་སུ་རྒྱ་ནག་གི་ནང་དུ་ཨོ་རྩལ་འགྲན་བསྡུར་འགོ་འཛུགས་ཀྱིས་ཚེས་ཉི་ཤུའི་ཉིན་མཇུག་སྒྲིལ་གྱི་ཡོད་ཀྱང་། ད་ཆ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱི་རྐྱེན་གྱིས་ཨོ་རྩལ་འགྲན་བསྡུར་དེ་ལམ་ལྷུང་ཅི་ཅམ་བྱུང་མིན་ཐེ་ཚོམ་གྱི་གནས་སུ་ལྷག་ཡོད་པ་རེད།

https://vot.org/wp-content/uploads/2022/02/KYAP3-mixed.mp3Download

The post པར་རིས་འགྲེམས་སྟོན་བརྒྱུད་སང་ཉིན་གྱི་ཨོ་རྩལ་འགོ་འཛུགས་ལ་ངོ་རྒོལ། first appeared on vot.

View Details

རྒྱ་གར་བྱང་ཤར་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་བུ་བསྟན་འཛིན་ཚེ་རིང་ལགས་ཀྱིས་དུས་རྒྱུན་ནས་དང་བླང་གིས་ཁུལ་དེའི་འབྱོར་འཁས་ཞན་པའི་སློབ་མ་རྣམས་ལ་དང་བླང་གིས་སློབ་ཁྲིད་གནང་བཞིན་སྟབས། ཁ་ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༣ འཁོར་བའི་དུས་དྲན་གྱི་ཉིན་མོར། ཁུལ་དེའི་མེའོ་རྫོང་དཔོན་གཞོན་པའི་ལས་ཁུངས་ནས་ཁོང་ལ་ཡི་རང་བསྔགས་བརྗོད་ཀྱི་གཟེངས་བསྟོད་ཕྱག་འཁྱེར་ཞིག་གནང་འདུག རྩ་བའི་བསྟན་འཛིན་ཚེ་རིང་ལགས་ནི་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན་ཞིང་། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མཐོ་སློབ་ཀྱི་འཛིན་གྲྭ་ཁག་དྲྭ་ལམ་དུ་འཚོགས་བཞིན་པ་དང་སྟབས་བསྟུན་གྱིས། ཁོང་གིས་ཁུལ་དེའི་འབྱོར་འཁས་ཞན་པའི་ཁྱིམ་ཚང་གི་སློབ་མ་མང་པོར་དང་བླང་གིས་སློབ་ཁྲིད་བྱེད་མུས་རེད་འདུག

ཁོང་གིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། དུས་རྒྱུན་ནས་༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཡིད་ལ་བཅིངས་བའི་ཐོག་ནས་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པའི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་རྒྱུར་འབད་བརྩོན་བྱེད་མུས་ཡིན་པ་མ་ཟད། དེ་ནི་རང་གཞན་གཉིས་ཕན་གྱི་བྱ་བཞག་ཅིག་ཡིན་པར་གསུངས་སོང་།

https://vot.org/wp-content/uploads/2022/01/kyab-dra-28th-.mp3Download

The post དང་བླང་དགེ་རྒན་ཞིག་ལ་རྒྱ་གར་གྱིས་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག first appeared on vot.

View Details

ཉེ་ལམ་ཟླ་ ༡ ཚེས་ ༢༡ ཉིན་རྒྱ་གར་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་ཨམ་བྷ་ལ་ནང་ Potala Tibetan Refugee Market ཞེས་བོད་མིའི་སུད་ཚོང་གཉེར་སའི་ཁྲོམ་རར་མེ་སྐྱོན་ཕོག་ནས་ཁྲོམ་ས་བཅུ་རྩ་གཏོར་ཕྱིན་པའི་ཁྲོད་ཚོང་པ་རྣམས་ལ་ཁྱོན་ཧིན་སྒོར་འབུམ་དགུ་བཅུ་གོ་བརྒྱད་ལྷག་གི་གྱོང་གུད་ཕོག་འདུག ཨམ་བྷ་ལ་བོད་མིའི་ཁྲོམ་རར་མེ་སྐྱོན་ཕོག་པའི་གནད་དོན་བྱུང་རྗེས་རྐང་ས་གནས་སུ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁྱེན་བརྩེ་ལགས་དང་ལྷན་ཕྱག་རོགས་ཁག་གཅིག་གིས་ས་གནས་སུ་གནས་སྟངས་ཇི་ཆགས་ཞིབ་འཇུག་གནང་སླད་ཨམ་བྷ་ལར་ཆེད་བཅར་གནང་བ་ལྟར་རླུང་འཕྲིན་ཁང་གིས་མཁྱེན་བརྩེ་ལགས་སུ་བཅར་འདྲི་ཞུས་པར་ཁྲོམ་ས་བཅུ་ལ་ཁྱོན་ཧིན་སྒོར་འབུམ་དགུ་བཅུ་གོ་བརྒྱད་དང་སྟོང་ཕྲག་བདུན་ཅུ་དོན་གཉིས་ལྷག་གི་གྱོང་གུད་ཕོག་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་། ད་ལན་མེ་སྐྱོན་གྱི་དོན་རྐྱེན་བྱུང་བ་དེ་ཐོག་མ་མིན་པར་དེ་སྔའང་བོད་མིའི་སུད་ཚོང་གཉེར་ཡུལ་ཁག་གཅིག་ལ་མེའི་འཇིག་པའི་ངལ་བ་འཕྲད་མྱོང་ཡོད་པ་རེད། མཁྱེན་བརྩེ་ལགས་ཀྱིས་སྤྱིར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་དུས་དང་རྣམ་པ་ཀུན་ཏུན་ས་གནས་སོ་སོར་མེ་སྐྱོན་དང་བརླག་སྟོར་ལ་སོགས་པའི་ཐད་ལམ་སྟོན་ཞུས་དང་ཞུ་མུས་ཡིན་པ་གསུངས་པ་དང་ཆབས་ཅིག ལྷག་པར་དུ་ད་རེས་ཀྱི་མེ་སྐྱོན་དེ’ང་གློག་འཁྱུད་ལ་བརྟེན་ནས་བྱུང་བ་ཡིན་པར་ཐེ་ཚོམ་ཡོད་སྐོར་གསུངས་ཡོད།ཨམ་བྷ་ལའི་དོན་རྐྱེན་ལ་ད་བར་ཧར་ཡ་ན་ནང་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པའི་ཚོགས་པས་སྟོང་ཕྲག་ལྔ་བཅུ་ཞལ་འདེབས་གནང་འདུག་པ་དང་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ས་གནས་སུ་ཆེད་བཅར་གྱིས་བོད་མི་རྣམས་དང་ཐུག་འཕྲད་གནང་སྟེ། སེམས་གསོ་ཆེད་ཧིན་སྒོར་འབུམ་གཅིག་ཞལ་འདེབས་ཕུལ་འདུག དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་ཞལ་འདེབས་ཕུལ་འདུག་པར་མ་ཟད་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་ཁག་ནས་ཞལ་འདེབས་བསྡུ་རུབ་གནང་མུས་ཡིན་པ་རེད།

https://vot.org/wp-content/uploads/2022/01/TSAM28.mp3Download

The post ཨམ་བྷ་ལ་བོད་མིའི་ཁྲོམ་ར་མེ་སྐྱོན་ཁྲོད་འབུམ་དགུ་བཅུ་གོ་བརྒྱད་ལྷག་གི་གྱོང་གུད་ཕོག་པ། first appeared on vot.